ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།
བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་གལ་ཆེན་ལ་གཞི་ཚུགས་ཏེ། རང་ཞིང་གིས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་བཅས་སྔར་ལས་གསལ་བོ་བཟོས་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་ ཆེན་པོ་ཐོབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་ཏང་གི་འགོ་ཁྲིད་ བཅོས་སྒྱུར་གྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། བཅོས་སྒྱུར་ནི་མི་དམངས་ཀྱི་ཆེད་དང་མི་དམངས་ལ་བརྟེན་པའི་རིན་ཐང་གི་ཁྲིད་ཕྱོགས་གསལ་བོ་བཟོས་ཏེ། སྔར་ལས་བློ་རྩ་བརྟན་ཞིང་རང་འགུལ་གྱི་སྒོ་ནས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་དང་། སྔར་ལས་ནུས་ལྡན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་གིས་དོན་འཁྱོལ་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་རྩ་བའི་འགན་ལེན་བཅས་ཡིན། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་རྩ་དོན་གལ་ཆེན་བཏོན་པ་དང་། “ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ”ནི་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཨང་དང་པོ་ཡིན་པ་བཏོན་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་རྩ་བརྟན་པོས་སྲུང་སྐྱོང་། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ། ཏང་གི་འགོ་ཁྲིད་བཅོས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཚེ། གཞི་ནས་བཅོས་སྒྱུར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་དེ་མདུན་དུ་བསྐྱོད་ཐུབ་པར་འགན་ལེན་བྱེད་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྔར་ལས་ཕྱོགས་ ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་གིས་དོན་འཁྱོལ་བྱེད་དགོས”ཞེས་པའི“སྲོག་ཤིང་གཅིག”དེ་གཏན་འཁེལ་བྱས་ནས། མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པའི་འཐབ་ཇུས་ཀྱི་རྣམ་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སྔར་ལས་བློ་རྩ་བརྟན་ཞིང་སྔར་ལས་རང་འགུལ་གྱི་སྒོ་ནས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་ཆེན་པོ་གཏོང་དགོས། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་དང་། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།“ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“མི་དམངས་ཀྱི་ཆེད་དུ་བཅོས་སྒྱུར་བྱས་ན་གཞི་ནས་བཅོས་སྒྱུར་ལ་དོན་སྙིང་ཡོད་པ་དང་། མི་དམངས་ལ་བརྟེན་ནས་བཅོས་སྒྱུར་བྱས་ན་གཞི་ནས་བཅོས་སྒྱུར་ལ་སྒུལ་ཤུགས་ལྡན།” བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་ལ་འཚོ་བ་སྔར་ལས་སྐྱིད་པོ་ཞིག་རོལ་ཏུ་འཇུག་ཆེད་ཡིན། 《ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན》ལས་བསྟན་དོན། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ངེས་པར་དུ“མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གོ་གནས་གཙོ་བོ་དང་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྩི་འཇོག། མི་དམངས་ཀྱི་འདོད་བློ་བཅོས་སྒྱུར་ཁྲོད་དུ་མཚོན་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། བཅོས་སྒྱུར་མི་དམངས་ལ་བརྟེན་པ། བཅོས་སྒྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་བཅས་བྱེད་དགོས། “མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པའི”ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ལེགས་སྒོས་མཚོན་པ་དང་། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རིན་ཐང་གི་སྟོན་ཕྱོགས་གཏིང་ཟབ་སྒོས་མཚོན་ཡོད། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བར་ངེས་པར་དུ་མི་དམངས་བླ་ན་མེད་པའི་རིན་ཐང་གི་སྟོན་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། བཅོས་སྒྱུར་ནི་དམངས་ཆེད་དུ་ཡིན་པ་དང་། བཅོས་སྒྱུར་མི་དམངས་ལ་བརྟེན་པ། བཅོས་སྒྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས། མི་དམངས་མང་ཚོགས་ཀྱི་མདུན་དུ་ལྷགས་པའི་དངོས་ཡོད་གནད་དོན་ཐག་གཅོད། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ང་ཚོའི་འབད་འཐབ་དམིགས་འབེན་དུ་བརྩིས་ནས། མི་དམངས་ལ་བརྟེན་ནས་མཚོ་སྔོན་གྱི་བཅོས་སྒྱུར་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་ཕན་འབྲས་ཐོན་པར་བྱེད་དགོས། སྒོ་འབྱེད་བཅོས་སྒྱུར་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མ་ཟད་མི་དམངས་ལ་བརྟེན་དགོས་པ་དང་། བཅོས་སྒྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་ཏེ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་མཚོ་སྔོན་གྱི་ལག་ལེན་སྤེལ་བར་སྐུལ་འདེད་གཏོང་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། མི་དམངས་ལ་དམ་པོར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།