མཚོ་བྱང་ཁུལ་ལ་ཞིང་ཆེན་རིམ་པའི་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་གཟི་བརྗིད་མཚན་སྙན9དང་སྐུལ་ལྕག་མ་དངུལ་སྒོར་བྱེ་བ་བདུན་ལྷག་ཐོབ།
2024.10.14 ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། ཀློག་གྲངས། 10

 ཉེ་ལམ།  ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《2023ལོའི་ལོ་འཁོར་དུ་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་ས་ཁུལ་དང་ལས་ཁུངས་ལ་ལྟ་སྐུལ་ཞིབ་བཤེར་དང་སྐུལ་ལྕག་བྱེད་པའི་སྐོར་གྱི་བརྡ་ཐོ》 པར་འགྲེམས་བྱས་ཤིང་།  2023ལོའི་ལོ་འཁོར་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།   ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དངོས་འཛིན་དངོས་སྒྲུབ་བྱས་ནས། ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་གྲོང་ཁྱེར(ཁུལ)8དང་། རྫོང(གྲོང་ཁྱེར་དང་ཆུས)30དང་། ལས་ཁུངས2བཅས་ལ་ལྟ་སྐུལ་ཞིབ་བཤེར་གྱི་སྐུལ་ལྕག་གནང་པ་མ་ཟད།  སྐུལ་ལྕག་དང་རྒྱབ་སྐྱོར་གྱི་བྱེད་ཐབས་ཁག28བཏོན་ཞིང་།  དེའི་ནང་། མཚོ་བྱང་ཁུལ་གྱི་ཁུལ་དང་རྫོང་རིམ་པ་གཉིས་ལ་ལྟ་སྐུལ་ཞིབ་བཤེར་གྱི་གཟི་བརྗིད་མཚན་སྙན9དང་སྐུལ་ལྕག་མ་དངུལ་སྒོར་བྱེ་བ་བདུན་ལྷག་ཐོབ

ཁུལ་རིམ་པའི་ངོས་ནས་མཚོ་བྱང་ཁུལ་ལ“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”དང“གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་རྣམ་གྲངས་ལས་མགོ་བརྩམས་པ་དང་དངུལ་གཏོང་ལེགས་འགྲུབ་བྱུང་བ་སོགས་ཀྱི་གནས་ཚུལ་ལེགས་པའི་ས་ཁུལ”དང་།  “སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཕྱོགས་བསྡུས་བྱས་འབྲས་མངོན་གསལ་དོད་པའི་ས་ཁུལ”།  “རྒན་གསོའི་མཐའ་སྐྱོང་འགན་ལེན་དང་། ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས། གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་ཀའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”བཅས་ཀྱི་གཟི་བརྗིད་མཚན་སྙན4ཐོབ་པ་དང་།  རྫོང་རིམ་པའི་ངོས་ནས་མིན་ཡོན་རྫོང་ལ“ཤེས་བྱའི་ཐོན་དབང་གསར་གཏོད་དང་བེད་སྤྱོད་སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཀྱི་བྱ་བའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”དང་།  “གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་གཙོ་གནད་གྲུབ་འབྲས་མངོན་གསལ་དོད་པའི་ས་ཁུལ”། “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱ་བའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”བཅས་ཀྱི་གཟི་བརྗིད་མཚན་སྙན3ཐོབ། རྐང་ཚ་རྫོང་ལ“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལས་དོན་གྱི་དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”དང“སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་བྱས་འབྲས་མངོན་གསལ་དོད་པའི་ས་ཁུལ”གྱི་གཟི་བརྗིད་མཚན་སྙན2ཐོབ།  ཆི་ལེན་རྫོང་ལ“སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་བྱས་འབྲས་མངོན་གསལ་དོད་པའི་ས་ཁུལ”གྱི་གཟི་བརྗིད་མཚན་སྙན1ཐོབ།   ཧེ་ཡན་རྫོང་ལ“སྤུས་ཚད་མཐོ་བའི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ”གྱི་གཟི་བརྗིད་མཚན་སྙན1ཐོབ་པ་རེད།

2023ལོ་ནས་བཟུང་། མཚོ་བྱང་ཁུལ་གྱི་གོང་འོག་བར་གསུམ་དུ“ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ།  རང་གཅུན་དམ་དགོས་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། “243”གྱི་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་ངང་འཛུགས་སྐྲུན་དང“མདུན་གྲལ་དུ་སྐྱོད་པ་གསུམ”ལ་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཕན་འབྲས་བཟང་པོ་བླངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་གཏོད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། བོད་ལུག་ཁྲི་དང་འབྲི་གཡག་སྟོང་གི་རྟེན་གཞི་སོགས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”མ་ལག་ཚང་བའི་ལས་གཞི85བསྐྲུན་པ་དང་།  རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས3དང་རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ལས་མཉམ་ལས་དཔེ་སྟོན་ཁང2གསོ་སྐྱོང་བྱས། རྫོང་བཞི་པོས་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་བདེ་བླག་ངང་གསར་འཛུགས་བྱས་པ་དང་། རིམ་རྩིས་བྱས་ན་འཛད་སྤྱོད་རོགས་སྐྱོར་དང་ཞིང་ཆེན་ཕྱི་ནང་གི་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར5ལེགས་འགྲུབ་བྱུང་། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ལྷག་ཏུ་སླེབས་པ་དང་། བལྟོས་མེད་རིན་ཐང་དེ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ནས་ཞིང་ཆེན་ཡོངས་ཀྱི་ནས་དང་ལོག་དཀར། བོད་ལུག མིའི་ཐབས་ཀྱི་གསོ་སྤེལ་གླ་བ་རྟེན་གཞི་ཆེ་ཤོས་དང་ནུབ་བྱང་གི་ཆུ་གྲང་ཉ་དང་ཉ་ཕྲུག་མཁོ་སྤྲོད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།  “ལས་གཞི་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་ལས་གཞིའི་དངུལ་གཏོང་ལས་དོན་དམ་འཛིན་ཡག་པོ་བྱས་ཤིང་།  2023ལོར་དངུལ་གཏོང་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་ལྔ་ལྷག་མངོན་འགྱུར་བྱུང་ནས་དུས་མཚུངས་ལས12.8%འཕར་བ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་བརྒྱ་ཆའི་གྲངས་ཐིག4.8བརྒལ་ཞིང་། བསྟུད་མར་ལོ་གཉིས་ལ་གྲངས་གནས་གཉིས་གྱི་འཕར་ཚད་མངོན་འགྱུར་བྱུང་། སྲིད་གཞུང་གི་ནོར་སྲིད་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བྱས་ནས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་གྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1ཐོབ། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་ཁག་སོ་སོར་སྒོར་ཐེར་ཆེན་གཅིག་ཐེར་འབུམ་དགུ་དུང་ཕྱུར་བདུན་ལྷག་དང་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཅིག་དུང་ཕྱུར་ལྔ་ལྷག་ལ་སླེབས་ནས་དུས་མཚུངས་ལས8.57%དང15.14%འཕར།  “རྒན་པ་དང་བྱིས་པའི”ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་བ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུའི་གསལ་ཐོ་ཁག22བཟོས། གྲོང་གསེབ་ཀྱི་རྒན་གསོ་གསོལ་མགྲོན་ས་ཚིགས44གསར་འཛུགས་བྱས་པ་དང་། ཁྱིམ་ཚང272ཀྱི་རྒན་པར་འཚམ་པའི་སྒྱུར་བཀོད་ཡོངས་འགྲུབ་བྱས་ཤིང་། དཀའ་ངལ་ཡོད་པའི་རྒན་རྒོན7727ལ་ཁྱིམ་ཚང་དུ་སོང་ནས་ཞབས་ཞུ་མཁོ་འདོན་བྱས།  “2411”གི་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། “དམར་སེར་ལྗང་གསུམ”གྱི་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལམ་སྲོལ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་བ་དང་། ཐོན་ལས་ལས་གཞིར་རོགས་སྐྱོར་བྱས་པའི་ཕན་འབྲས་སྒོར་བྱེ་བ་ལྔ་ས་ཡ་གཉིས་ལྷག་ཡིན་པ་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྡོམ་པས་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས།  སྡེ་བ་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་འབུམ་བཞི་ཁྲི་དགུ་ལྷག་ཏུ་སླེབས་པ་དང་། དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་དུས་མཚུངས་ལས14.88%འཕར་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།