གཅིག་སྒྲིལ་རྫོང་གིས་གཞུང་ལུགས་སྒྲོག་འགྲེལ་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ།
2024.10.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

 ཡུལ་ཚོ་ཡོངས་ཀྱི“ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད”དང“སྟོན་དུས་འགག་སྒྲོལ”གྱི་གཅིག་བསྡུས་འགུལ་སྐྱོད་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་ཆེད།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོས་གཞུང་ལུགས་སྒྲོག་འགྲེལ་གྱི་ཆེད་དམིགས་ཚན་ཆུང་བཙུགས་པ་དང་། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཚན་གཙོ་ཡི་ལས་འགན་ཁུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན། ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན། རྫོང་ཏང་ཨུའི་སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་བྱེད་པར་དམིགས་ཏེ། མང་ཚོགས་དང་འབྲེལ་བ་ཡོད་པའི་བདེ་འཇགས་འཛུགས་སྐྲུན་དང་། དམངས་སྲིད་རོགས་སྐྱོར། འོས་འགན་སློབ་གསོ། རྩྭ་ཕྱུགས་དོ་མཉམ། གྲོང་གསེབ་དར་སྤེལ་སོགས་ཕྱོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས། ཐབས་མང་མཉམ་འདོན་གྱི་སྒོ་ནས་དྲིལ་སྒྲོག་བྱས་ཤིང་། གཅིག་བསྡུས་འགུལ་སྐྱོད་ཀྱི་ལས་དོན་ཚང་མར་དངོས་འབྲས་འཐོབ་པར་ཁག་ཐེག་བྱས།

“སྐད་སྒྲ་སྙན་མོར”བརྟེན་ནས་དྲིལ་སྒྲོག་གི་ནུས་པ་མཐོར་འདེགས་བྱས། དྲིལ་སྒྲོག་ཚན་ཆུང་དུ་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་ལས་བགོས་འགན་གཉེར་གྱི་འགོ་ཁྲིད་ལས་བྱེད་པ་ཡོད་ལ། ཡུལ་ཚོའི་ཆེད་དོན་འདུམ་སྒྲིག་པ་དང་སྤྱིར་བཏང་གི་ལས་བྱེད་པའང་ཡོད་དེ། སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མི་དག་གིས་གཅིག་བསྡུས་འགུལ་སྐྱོད་ཀྱི་བྱ་བའི་ལས་འགན་དང་ཟུང་འབྲེལ་སྒོས་གོ་བདེ་འཛིན་བདེ་ཡི་སྐད་ཆ་ལ་བརྟེན་ནས་སྒྲོག་འགྲེལ་བྱས་པ་དང་། “ཡིག་སྐད”དེ“མང་ཚོགས་ཀྱི་ཁ་སྐད”དུ་བསྒྱུར་བ་རྒྱུན་འཁྱོངས་བྱས་ནས། རྒྱུན་ལྡན་གྱི་མང་ཚོགས་ཀྱི་བྱ་བ་དང་འཚོ་བའི་ཕྱོགས་ནས་འཇུག་པར་བྱས་པ་དང་། སྒྲོག་འགྲེལ་གྱི་ནང་དོན་སྔར་ལས་ཕུན་སུམ་ཚོགས་ཤིང་སྔར་ལས་དོན་ལ་གནས་པར་བྱས་ཏེ། མང་ཚོགས་ཀྱིས་ཉན་སྤྲོ་བ་དང་གོ་བདེ་བ། བཀོལ་བདེ་བ་ཡོང་བར་ཁག་ཐེག་བྱས།   “འཐབ་ཡུལ་བཟང་པོར”བརྟེན་ནས་ཁྱབ་ཚད་རྒྱ་བསྐྱེད་པ། སྒྲོག་འགྲེལ་བྱེད་པའི་བརྒྱུད་རིམ་ཁྲོད། སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མི་དག་གིས་སྡེ་བ་དང་སྡོད་ཁུལ་སོ་སོའི་གྲོས་ཚོགས་དང་། ཏང་ཡོན་དང་མང་ཚོགས་ཀྱི་ཚོགས་ཆེན། ཀྲི་པུའུ་ཡི་གྲོས་ཚོགས། བཅུ་དཔོན་གྱི་གྲོས་ཚོགས་སོགས་བེད་སྤྱོད་གང་ལེགས་བྱས་ཏེ། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་རུ་བཏང་ཞིང་། མང་ཚོགས་དང་མཉམ་དུ་བསྡད་དེ་དོན་དངོས་ཟུང་འབྲེལ་སྒོས་མང་ཚོགས་ཀྱི་བསམ་ཕྱོགས་རྒྱུས་ལོན་དང་། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ། མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་ཟབ་ཞུགས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་སྐུལ་སློང་བྱས་ནས། གཅིག་བསྡུས་འགུལ་སྐྱོད་ཀྱི་ལས་དོན་སྤེལ་བར་མང་ཚོགས་ཀྱི་རྨང་གཞི་བཏིང་།

“བྱེད་ཐབས་ལེགས་པོར”བརྟེན་ནས་དྲིལ་སྒྲོག་གི་གྲུབ་འབྲས་མཐོར་འདེགས་བྱས། སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མི་དག་གིས་གཅིག་བསྡུས་སྒྲོག་འགྲེལ་དང་ཁྱིམ་བཅར་སྒྲོག་འགྲེལ། སྐད་འཕྲིན་སྤྱི་སྟེགས་སུ་གསར་འགྱུར་ཆ་འཕྲིན་བརྒྱུད་འགོད་བྱེད་པ་དང་། སྲིད་ཇུས་ཤེས་རྟོགས་བྱང་བུ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཐེངས་འདིའི་གཅིག་བསྡུས་འགུལ་སྐྱོད་བྱ་བའི་གཙོ་གནད་དག་དམ་ཟབ་སྒོས་ཟུང་འབྲེལ་བྱས་ཤིང་། དཔེ་གཞིའི་ཐབས་ལམ་བརྒྱུད་དེ་མང་ཚོགས་ལ་འགྲེལ་བཤད་བྱེད་པ་དང་། ཚང་མར་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པར་སྐུལ་ཁྲིད་བྱེད་པ། མི་ཚང་མས་གཅིག་བསྡུས་འགུལ་སྐྱོད་ཁྲོད་ཟབ་ཞུགས་དང་གཞོགས་འདེགས་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ཏེ། ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བསྐྲུན་ཡོད། ཁྱབ་ཆེ་བའི་སྒྲོག་འགྲེལ་བརྒྱུད་དེ།  ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས“ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད”དང“སྟོན་དུས་འགག་སྒྲོལ”གྱི་གཅིག་བསྡུས་འགུལ་སྐྱོད་བྱ་བར་སྔར་ལས་ངོས་ཟིན་ཐོབ་ཅིང་། སྒྲོག་འགྲེལ་བྱ་འགུལ་གྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་བརྒྱུད་སྒྲོག་བྱས་པར་མ་ཟད། ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་བའི་སྤྲོ་སེམས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སྐུལ་སློང་བྱས་པ་དང་། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ལ་ཡིད་དབང་འགུག་པས། དྲོད་ཚད་དང་ཟབ་ཚད་གཉིས་ཀ་ལྡན།  གོམ་སྟབས་རྗེས་མར། སོག་རུ་མ་ཡུལ་ཚོས་མུ་མཐུད་དུ་སྒྲོག་འགྲེལ་ལས་དོན་སྤེལ་ཏེ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། སྒྲོག་འགྲེལ་གྱི་གྲུབ་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་འགན་ཁུར་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་མཐོར་འདེགས་གཏོང་བ་དང་། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།