མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་ཇེ་བརྟན་དུ་བཏང་བ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་བྱ་བའི་རེ་བ་དང་གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་རེ་བ་དོན་འཁྱོལ་ནན་མོ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་ཕྱོགས་ཡོངས་ནས་སྟོབས་ལྡན་དུ་བསྒྱུར་བར་སྐུལ་འདེད་བཏང་།
རྩ་འཛུགས་ཀྱི་འགོ་ཁྲིད་གཙིགས་སུ་བཟུང་ནས། འགན་འཁྲི་གཏན་ཁེལ་བྱེད་པའི་ཕྲེང་འབྲེལ་ཇེ་དམ་དུ་བཏང་།
དུས་ཐོག་ཏུ་གཞི་རིམ་ཏང་འཛུགས་ཀྱི་འགན་སྒྲུབ་གསལ་ཞུ་དང་དཔྱད་བསྡུར་གྲོས་ཚོགས་དང་། ཧྲུའུ་ཅིའི་ཆེད་དོན་གྲོས་སྡུར་གྲོས་ཚོགས། རྫོང་ཏང་ཨུའི་ཏང་གི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། 2024ལོའི་རྫོང་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་བསྡུས་ནས། གཞི་རིམ་ཏང་འཛུགས་ཀྱི་འབུར་ཐོན་གནད་དོན་ལྔར་ཞིབ་འཇུག་བྱས་པ་དང་། རྫོང་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི2024ལོའི་བྱ་བའི་གཙོ་གནད་དང་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་གཙོ་གནད་ལས་འགན་གསལ་ཁྲ། ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དཔྱད་འཇོག་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ལ། ལོ་ཧྲིལ་བོའི་གཙོ་གནད་བྱ་བའི་ལས་འགན་བཀོད་སྒྲིག་བྱས་པ་དང་། ཏང་འཛུགས་དམིགས་འབེན་གྱི་འགན་འཁྲི་ཡི་གེ་བྲིས་ལ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་དམ་འཛིན་བྱེད་པའི་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། གྲོས་ཚོགས་སྟེང་ཆེད་དོན་ཞིབ་འཇུག་བྱེད་པ་དང་དག་ཐེར་ལེགས་བཅོས་ཀྱི་བྱ་བའི་ཇུས་གཞི་གཏན་འབེབས་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་བྱ་བའི་འགན་འཁྲི་གཏན་ཁེལ་བྱས་པ་དང་། ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་དམ་འཛིན་བྱེད་པ། འགན་འཁྲིའི་གསལ་ཁྲ་དང་ལས་འགན་གསལ་ཁྲ་གཏན་ཁེལ་གསལ་བོ་བྱེད་པ། འགན་འཁྲིའི་ཕྲེང་འབྲེལ་ཇེ་དམ་དུ་གཏོང་བའི་བྱ་བའི་རྣམ་པ་བཟང་བོ་གྲུབ་པར་སྐུལ་འདེད་བཏང་།
རྨང་བརྟན་རྩ་རྒྱས་གཙིགས་སུ་བཟུང་ནས། འཐབ་འཛིང་གི་འགོག་ར་བརྟན་པོ་འཛུགས་པར་དོ་སྣང་བྱས།
རྨང་བརྟན་རྩ་རྒྱས་ཀྱི་འགུལ་སྐྱོད་རེ་བ་ལྟར། རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་གཅིག་སྟོང་བརྒྱད་ལྔ་བརྒྱ་བཏང་ནས་དྲུག་ཆེན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བ་སོགས་སྡེ་བ་ལྔའི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་གདང་འདེགས་རིམ་སྤོར་ལས་གཞི་ལག་བསྟར་བྱས་ཏེ། གཞི་རིམ་གཡུལ་ས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣན། གཉིས་གཉིས་གསུམ་གྱི་རྗེས་གྲབས་འཇོན་མི་སྐྱེད་གསོག་འཆར་གཞི་ལག་བསྟར་ནན་མོ་བྱས་པ་དང་། རྗེས་གྲབས་ལས་བྱེད་པ་སུམ་བརྒྱ་དང་ཞི་གཅིག་ཉར་གསོག་བྱས་ལ། སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིའི་འདེམ་གསོ་སྡོམ་བཀོལ་གྱི་ཕྲེང་འབྲེལ་ཧྲིལ་བོའི་དོ་དམ་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་ནས། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་ཐད་ཀྱི་འཇོན་མིའི་རྨང་གཞི་ཇེ་བརྟན་དུ་བཏང་། སྲིད་འཛིན་སྡེ་བ་ཉེར་གཉིས་ཀྱི་ཏང་རྩ་འཛུགས་ལ་རིགས་བགར་ནས་དོ་དམ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཉམས་དམས་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལ་གྲལ་བཤེར་བཅོས་སྐྱོང་བྱས་ལ། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ཁོངས་མིའི་ཐོབ་ཐང་ལ་མཉམ་འབྲེལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་པ་དང་། སྡེ་བའི་གནས་ཚུལ་གྱི་ཡིག་ཚགས་དང་དྲང་ལྡོག་ཕྱོགས་ཀྱི་ལྟ་ཞིབ་དཔྱད་འཇོག་བཙུགས་ནས། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་ཉམས་དམས་ལྷོད་གཡེང་སྣང་ཚུལ་རྩ་བཅོས་བྱེད་པར་སྐུལ་འདེད་བཏང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པའི་རྒྱལ་ཁབ་ཀུན་སྤྱོད་སྐད་རིགས་ནུས་པའི་རོགས་ཁྲིད་དམ་འཛིན་བྱས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་སུམ་ཅུ་ཧྲང་ཧེ་རུ་མངགས་ནས་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་བྱ་འགུལ་སྤེལ་ལ། སྐད་རིགས་ཁོར་ཡུག་བསྐྲུན་ནས། སྤྱི་སྐད་མང་པོ་ཉན་པ་དང་མང་པོ་བཤད་པ། བཀོལ་སྤྱོད་མང་པོ་བྱེད་པར་སྐུལ་འདེད་བཏང་།
གཞི་རིམ་བཅོས་སྐྱོང་གཙིགས་སུ་བཟུང་ནས། གྲོང་གསེབ་བཅོས་སྐྱོང་གི་རྩོལ་ནུས་ཇེ་ཆེར་བཏང་།
ཧྥིན་ཆའོ་ཉམས་མྱོང་རང་ས་ཅན་དུ་བསྒྱུར་བའི་ཐབས་ལམ་ལག་བསྟར་ཟབ་མོ་བྱས་པ་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བཅུ་དཔོན་གྱི་གདང་འདེགས་རིམ་སྤོར་གྱི་ཚོང་རྟགས་གསར་སྐྲུན་བྱས་ལ། བྱ་བའི་སྒུལ་ནུས་ཆེར་སྐྱེད་པ་དང་། བདེ་སྐྱོང་མཉམ་འགོག་དང་འགལ་རྩོད་གྲལ་བཤེར་དང་ཐག་གཅོད། སྤྱི་ཚོགས་བཅོས་སྐྱོང་སོགས་བྱ་བ་མང་པོའི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད། སྡེ་བ་དང་གཞིས་ཁུལ་ཉེར་དྲུག་གི་གཞུང་གཅིག་འཕྲེད་གཅིག་གི་རིགས་གཉིས་རྩ་འཛུགས་རྒྱུན་མཐུད་ངང་འཛུགས་སྐྲུན་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་པ་དང་། གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ལ། ཐོན་ཁུངས་དང་ཞབས་ཞུ། དོ་དམ་གཞི་རིམ་དུ་བཞག་སྟེ། སྡེ་བ་རིམ་པའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ཐད་སྟོབས་ལྡན་ཤུགས་ལྡན་གྱི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱས། སྡེ་སྲལ་དམངས་ཆིངས་དང་གྲོང་གསེབ་བཅོས་སྐྱོང་སྐར་གསོག་ལམ་ལུགས་མཉམ་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་གི་བྱེད་ཐབས་བཀོལ་ནས། གཞི་རིམ་བཅོས་སྐྱོང་དེ་སྡེ་བའི་དོན་དག་ནས་ཚང་མའི་དོན་དག་ཏུ་གྱུར་བར་བྱས་པ་དང་། ལས་འགན་རེ་བ་དེ་སྐུལ་སློང་སྣེ་ཁྲིད་དུ་བསྒྱུར་ནས། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྐྱོང་གི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ་པར་བྱས། ཞིང་ཆེན་གསུམ་གྱི་ཁུལ་ཁོངས་བརྒལ་བའི་མཉམ་འབྲེལ་ཏང་རྩ་འཛུགས་འཛུགས་པར་འཚོལ་ཞིབ་བྱས་པ་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་རྫོང་གི་ཁུལ་ཁོངས་བདེ་འཇགས་ས་མཚམས་མཉམ་སྐྲུན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་ལ། སྤྱི་ཚོགས་བདེ་སྐྱོང་མཉམ་འགོག་དང་འགལ་རྩོད་མཉམ་འབྲེལ་སྒོས་འདུམ་སྒྲིག་བྱེད་པ། ཆ་འཕྲིན་བརྗེ་རེས་བྱེད་པ། མཐའ་མཚམས་ས་ཁུལ་དུ་མཉམ་འབྲེལ་སྐོར་ཞིབ་བྱེད་པ་བྱ་བ་སྤེལ་ནས། མཐའ་མཚམས་ཀྱི་བདེ་འཇགས་གཏན་འཇགས་ཀྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་།
བྲེལ་དཀའ་ཁྲལ་སྒུག་གཙིགས་སུ་བཟུང་ནས། འབྲེལ་འདྲིས་བཞི་དང་རྒྱུགས་ལེན་གསུམ་གྱི་རྐྱེན་སྲོལ་ཇེ་ཟབ་ཏུ་བཏང་།
རིམ་བཞི་མཉམ་འབྲེལ་གྱི་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། ཁ་གསལ་གསུམ་དང་ཐད་ཀར་གསུམ་དང་ཡུལ་དངོས་གསུམ་གྱི་རེ་བ་རྒྱུན་འཁྱོངས་བྱས་ལ། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རྟོག་ཞིབ་འཚམས་འདྲི་ཐེངས་བདུན་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ཐེངས་གཉེར་གཅིག་ལ་མཉམ་འབྲེལ་སྡེ་བ་བསྐྱོད་པ་དང་འབྲེལ་འདྲིས་ཁྱིམ་ཚང་ཞེ་གཉིས་དང་མི་བརྒྱ་དང་ཉེར་དགུ་ལ་འཚམས་འདྲི་བྱས་ལ། དོན་དངོས་བཅུ་དགུ་བསྒྲུབས་པ་དང་ཐེངས་ཉི་ཤུ་ལ་འཚམས་འདྲི་བྱས་ཤིང་། སྒོར་ཁྲི་བཞི་དང་ལྔ་བརྒྱའི་འཚམས་འདྲི་དངོས་རྫས་བྱིན་པ་དང་ཐེངས་བཅུ་དགུ་ལ་གཞི་རིམ་རྟོག་ཞིབ་བྱས། ལས་ཁུངས་འབྲེལ་འདྲིས་སྡེ་བར་སོང་ནས་ཐེངས་སོ་ལྔར་རོགས་སྐྱོར་བྱས་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཉེར་གསུམ་ཐག་བཅད། ལོ་ཧྲིལ་བོའི་གཙོ་གནད་བྱ་བ་གཙིགས་སུ་བཟུང་བ་དང་། བདེ་འཇགས་དང་དར་སྤེལ་གྱི་བརྗོད་དོན་གཉིས་ལ་དམིགས་ནས། བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་གྱི་སྐུལ་སྤེལ་ཟླ་བའི་བྱ་འགུལ་སྤེལ་བ་དང་། བདེ་འཇགས་ཡུན་སྐྱོང་འཛུགས་སྐྲུན་གཙོར་བཟུང་ལ། སྲིད་འཛིན་སྡེ་བ་ཉེར་གཉིས་ཀྱི་བར་འདུམ་རྩ་འཛུགས་ལེགས་བསྒྱུར་བྱས་པ་དང་། གཞི་རིམ་བར་འདུམ་པ་དོན་གསུམ་ལ་ལེགས་སྒྲིག་བྱས་ལ། ཕྱིར་དབུལ་བོར་འགྱུར་བའི་འགུལ་རྣམ་ལྟ་ཞིབ་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། མི་སྡོད་ཁོང་ཡུག་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་ལ། ཁྱིམ་ཚང་སྟོང་བཞི་དང་བརྒྱ་དང་མི་ཁྲི་གཅིག་དང་སྟོང་བདུན་བརྒྱད་བརྒྱར་གྲལ་བཤེར་བྱས་ནས། ཁྱིམ་ཚང་བརྒྱ་དང་སོ་བཞི་དང་མི་དྲུག་བརྒྱ་དང་སོ་དྲུག་དབྱེ་འབྱེད་བྱས་པ་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཐེངས་དྲུག་ཅུ་ལྷག་སྤེལ་ལ། བཟོ་སྐྲུན་འཛུགས་སྐྲུན་གྱི་འཚོ་བའི་གད་སྙིགས་དང་རང་དགར་བསྐྱུར་བའི་ཧྲལ་ཧྲུལ་དངོས་རྫས། ཆུ་རྐའི་གད་སྙིགས་སོགས་ཏུན་སུམ་བཅུ་ལྷག་གཙང་སེལ་བྱས།
རིན་ཆེན་མཚོས་བསྒྱུར།