སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་དུ་ཚུར་སྣང་དྲག་པོ་བྱུང་།
ཟླ12ཚེས2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་ཞིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པར་བྱས་ཏེ། རེས་སྐོར་གསར་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ལེགས་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བཀོད་པ་ཆེན་པོའི་ཁྲོད་ཧུར་ཐག་གིས་ཞུགས་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཉིས་ཕན་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་བརྗེ་རེས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧྥིན་ལིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་རྒྱང་རིང་ལ་ནང་དོན་ཕུན་སུམ་ཚོགས་པས། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བྱ་སྤྱོད་ཁག་བརྒྱད་ཁྲིད་སྟོན་དུ་བྱས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བགྲོད་ལམ་དང་ལས་སྟེགས་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་དང་། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་དར་གོས་ཚོང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
ཟི་ལིང་སྒོ་གཅན་ཕྱོགས་བསྡུས་ལས་སྒོའི་ཁྲུའུ་དང་པོའི་ཁྲུའུ་ཀྲང་ལིས་ཐེན་གྱིས་བཤད་རྒྱུར། ཟི་ལིང་སྒོ་གཅན་གྱིས་རང་རྟོགས་ངང་སྒོ་གཅན་ལས་དོན་དེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤྱི་ཡོངས་ཁྲོད་བཅུག་ནས། བློ་བརྟན་འགྱུར་མེད་ངང་མཚོ་སྔོན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཡོངས་སུ་ཞུགས་པར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་ཕྱིར་གཏོང་གི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་ལྷག་ཟིན་པ་དེ་དུས་མཉམ་ལས77.8%འཕར་ཡོད། ཟི་ལིང་སྒོ་གཅན་ལས་ཁུངས་ཀྱིས་རྗེས་ཕྱོགས་སུ་རིག་ལྡན་སྒོ་གཅན་འཛུགས་སྐྲུན་དང“རིག་ལྡན་སྒོ་གཅན་གྱི་རྒྱལ་ཁབ་སྟོབས་ལྡན”གྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱས་ཏེ། སྲིད་ཇུས་དང་། སྒྲིག་སྲོལ། ཚད་གཞི། ཆ་འཕྲིན་བཅས་ཀྱི་འབྲེལ་མཐུད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ཆེན་པོ་ཤར་གཏོང་བྱེད་པ། ཉོ་ཚོང་བདེ་འཇགས་དང་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་གསར་པ་གཏོད་པར་རམ་འདེགས་བཅས་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཧྲུའུ་ཝུན་གྱིས་བཤད་རྒྱུར། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་འོག ན་གོར་མོ་གྲོང་ཁྱེར་གྱིས་རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཞུགས་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཤིང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་འགག་རྩའི་བཟོ་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་མནའ་འབྲེལ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཡོད། ད་ལོ་ནས་བཟུང་ན་གོར་མོ་གྲོང་ཁྱེར་གྱི་སྐམ་སའི་གྲུ་ཁའི་གླིང་ཁུལ་གྱི་མ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་དེའི་ནུས་པ། སྐྲུན་བཞིན་པའི་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་བཅས་ཇེ་མཐོར་སོང་ཡོད། དུས་མཚུངས་སུ་རྒྱུད་གཅིག་ལམ་གཅིག་གི་མཚམས་ཚིགས་གྲོང་ཁྱེར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ན་གོར་མོའི་ཕྱོགས་བསྡུས་ཟོག་འདྲེན་ལྟེ་གནས་ཀྱི་སྐྱེལ་འདྲེན་ནུས་པ་བེད་སྤྱོད་བྱེད་ཚད་དང་། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད། གཉེར་སྐྱོང་ལམ་སྲོལ་བཅས་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ཕྱི་ཕྱོགས་ཉོ་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་ལེའང་ཐི་ཡིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི“གནས་བཞི”འཛུགས་སྐྲུན་གྱི་འཆར་འགོད་དེར་དམ་པོར་དམིགས་ནས། ཚོང་དོན་ལས་དོན་གྱི“གལ་ཆེ་བ་གསུམ”གྱི་ངེས་གནས་སྟངས་འཛིན་ནན་མོ་བྱེད་པ་དང་། ཐོན་ལས་ཕྱི་ལ་དམིགས་པའི་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་དང་ཕྱོགས་གཉིས་ཀྱི་དངུལ་གཏོང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བ་དང་། སྔར་ལས་མཉེན་ཤུགས་ལྡན་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་གཉིས་ཕན་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཟེར།
ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་གྲོང་ཁྱེར་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་ཀྱི་འགན་ཁུར་བ་ཝང་ཉིན་གྱིས་བཤད་རྒྱུར། ང་ཚོས་བློ་རིག་ལ་བརྟེན་ནས་ནུས་པ་འདོན་པ་དང་། གྲངས་ཀའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གཞི་གྲངས་ཕན་ཚུན་འབྲེལ་མཐུད་དང་མཉམ་སྤྱོད་མཉམ་རྒྱལ་ཡོང་བའི་ཐད་ཤུགས་སྣོན་བྱས་པ་དང་། གྲོང་ཁྱེར་བཅོས་སྐྱོང་གི་རྣམ་པ་བཀོལ་སྤྱོད་དང་། དྲ་རྒྱ་དང་གཞི་གྲངས་བདེ་འཇགས་ངང་རིམ་སྤོར་དང་། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་སོགས་ལ་ཇུས་འགོད་ལེགས་པོ་བྱས་ནས། གཞི་རིམ་བཅོས་སྐྱོང་སྔར་ལས་མགྱོགས་པ་དང་། ལས་ཆོད་ཆེ་བ། བདེ་འཇགས་བཅས་ཡོང་བར་སྐུལ་འདེད་ཆེན་པོ་གཏོང་རྒྱུ་ཡིན་ཟེར།
ཀྲུང་གོའི་ཆུ་གློག་ཅུའུ་བཞི་པའི་རྒྱལ་སྤྱིའི་ཀུང་སིའི་པོ་ལི་ཝེ་ཡའི་ཡན་ལག་ཀུང་སིའི་སྤྱི་ཁྱབ་ལས་འཛིན་གཞོན་པ། ཁྲོམ་རའི་གཉེར་ཚོང་པུའུ་ཡི་ཀྲུའུ་རིན་ཀྲོའུ་ཞའོ་པོ་ཡིས་བཤད་རྒྱུར། ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། བཟོ་སྐྲུན་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས། རྒྱུད་གཅིག་ལམ་གཅིག’གི་གྲོས་གཞིར་མེ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ཚོར་བྱུང་། ‘རྒྱུད་གཅིག་ལམ་གཅིག’གི་གྲོས་གཞི་ལས་བྱུང་བའི་ཀྲུང་གོའི་ལག་རྩལ་དང་། མ་དངུལ། ཉམས་མྱོང་བཅས་ཀྱིས་ལཱ་ཏིན་མེ་གླིང་ས་ཁུལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། པ་ཞིའི་གྲུ་ཁ་སྒྱུར་བཀོད་ནས་ཨ་ཀེན་ཐིན་གྱི་ཆུ་གློག་ལས་གཞིའི་བར། ཀྲུང་གོའི་ཚད་གཞི་དང་ལག་རྩལ་ས་ཁུལ་འདིར་གཞི་ཚུགས་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། རྗེས་ཕྱོགས་ལག་ཤེས་བཟོ་པའི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་བཟོ་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཀྲུང་གོ་དང་ལཱ་ཏིན་མེ་གླིང་གི་མཉམ་ལས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཚོང་དོན་ཆ་འཕྲིན་ཅན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་མཱ་ཧྥུའུ་ཧྲིན་གྱིས་བཤད་རྒྱུར། ཕེན་ཨན་ ཆུས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྐམ་སའི་བགྲོད་ལམ་གྱི་ས་བབ་ལེགས་ཆར་བརྟེན་ནས་སྤུས་ཚད་མཐོ་བའི་ཉོ་ཚོང་དངུལ་གཏོང་མཉམ་ལས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཕྱི་ཕྱོགས་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱེད་རྒྱུ་ཡིན། སེ་འདུས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། “ མཐོ་སྒང་གི་སེ་འདུས་གྲོང་ཁྱེར”གྱི་ཐོན་ལས་སྤུས་རྟགས་གཏོད་པ། སེ་འདུས་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་དང་ཚོང་འགུགས་དངུལ་འདྲེན་གྱི་བྱེད་སྒོ་སྤེལ་བ་སོགས་བྱས་ནས། ཕེན་ཨན་ཆུས་འདི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་པར་་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཚོང་དོན་ཁོའོ་ཡི་ཁོ་ཀྲང་ཅི་ཨའེ་ལིན་གྱིས་བཤད་རྒྱུར། ད་ལོའི་ཚུན་ལ། མཚོ་བྱང་ཁུལ་གྱིས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་ཐོན་ལས་སྐྱེད་སྲིང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱི་རྒྱལ་གྱི་ཁྲོམ་རའི་མངགས་ཐོའི་དགོས་མཁོར་དམ་པོར་དམིགས་པ། ཚོང་གཉེར་གྱི་ཐབས་ཇུས་ལེགས་བསྒྱུར། མཚོ་སྔོན་གྱི་ནོར་ནག་དང་། བོད་ལུག སྤུས་ལེགས་གཟན་རྩྭ་བཅས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་མདོག་ལྡན་ལྕགས་རིགས་ཐོན་ལས་སྦྲེལ་ཐག་གི་ཉོ་ཚོང་ཧུར་ཐག་གིས་གཏོད་པ་བཅས་བྱས་ཏེ། ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་ ཇེ་ལེགས་སུ་བཏང་བ་དང་། སྤུས་རྟགས་སྐུལ་ཁྲིད་ཀྱི་སྒུལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས། རྒྱལ་སྐྱིའི་འགྲན་རྩོད་ནུས་པ་བཅས་ཇེ་མཐོར་བཏང་བ་ཡིན། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཕྱིར་གཏོང་ཉོ་ཚོང་ཆེ་རུ་བཏང་བའི་དུས་མཚུངས་སུ། སྐྱེ་ལྡན་ལུད་དང་མདོག་ལྡན་ལྕགས་རིགས་ཀྱི་ཐོན་ལས་སྦྲེལ་ཐག་ཕྱོགས་སུ་རྒྱ་སྐྱེད་ནས། ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་བཅོས་དང་འཐུས་ཚང་དུ་བཏང་བ་ཡིན་ཟེར།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡི་ཅུས་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། ང་ཚོས་སྐྱེ་ཁམས་ཞིང་ཕྱུགས་ལས་ཚད་ལྡན་ཅན་དང་། སྤུས་རྟགས་ཅན། ཁྲོམ་ར་ཅན་བཅས་སུ་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ལྗང་མདོག་དང་། སྤུས་རྟགས། རྩེར་སོན་བཅས་ཀྱི་ཐབས་ལམ་གཞིར་བཟུང་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པའི་རྩ་དོན་རྒྱུན་འཁྱོངས་དང་། གཙོ་གཞི་སྐྱེད་སྲིང་དང་རྒྱུད་བཟང་སྲུང་སྐྱོང་། གྲུབ་ཆ་ལེགས་སྒྲིག ཐོན་ལས་ཕྱོགས་སྒྱུར། རྨང་གཞི་མཐོར་གཏོང་། སྤུས་རྟགས་གཏོད་པ། ཚན་རྩལ་འདེགས་སྐྱོར་སོགས་གཙོ་གནད་ལས་འགན་ལ་དམིགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་མཁོ་འདོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། ཡུས་ཧྲུའུ་ཡི་ཞིང་ཕྱུགས་ཐོན་རྫས་ལྗང་མདོག་དང་། སྐྱེ་ལྡན། ལྷད་མེད་བཅས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣེ་འདྲེན་ཁེ་ལས་དང་། རྣམ་པ་གསར་བའི་གཉེར་སྐྱོང་རྩ་འཛུགས་དང་རོང་འབྲོག་པའི་བར་གྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ནོར་ནག་གི་ཕ་ས་ཞེས་པའི་མིང་བྱང་གྲགས་ཅན་འདི་མངོན་པར་བྱེད་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།