རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས།
2025.01.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

“རུལ་སུངས་ནི་ང་ཚོའི་ཏང་འདི་ཉིད་འཕྲད་པའི་འཇིགས་སྣང་ཆེས་ཆེ་ཤོས་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་མཐར་ཐུག་གི་རང་ངོས་གསར་བརྗེ་ཞིག་རེད།” སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། དུས་རབས་གསར་པའི་ཚུན་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།    “ངོས་འཛིན་ནོར་འཁྲུལ་སྣ་ཚོགས་མཐའ་གཅིག་ཏུ་གསལ་པོ་བྱེད་དགོས་པ་དང་།     བསམ་བློའི་སྨུག་པ་གཙང་སེལ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས ”པ་ནན་གྱིས་བསྟན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་ངོས་གསར་བརྗེ་བྱེད་པའི་ཚད་མཐོའི་རང་རྟོགས་དང་།    “མི་བརྒྱ་སྟོང་ལ་ཕོག་ཐུག་བཏང་རུང་མི་དུང་ཕྱུར་བཅུ་བཞི་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས།    ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།    རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས།    སྟོབས་ཤུགས་སྔར་བྱུང་མ་མྱོང་བ་དང་ཕན་འབྲས་ཚང་མས་མཐོང་ཐུབ།   འདས་པའི་ལོ་གཅིག་གི་རིང་ལ། “སྟག་རྡུང་བར”བཀག་སྡོམ་ཁུལ་མེད་པ་དང་། རུལ་སུངས་བྱེད་པར་ཆད་གཅོད་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་འབུམ་བདུན་ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས།     དུས་རབས་གསར་པ་ནས་བཟུང་། ཏང་སེམས་དམག་སེམས་དམངས་སེམས་གཅིག་ཏུ་སྒྲིལ། རྒྱུ་རྐྱེན་གལ་ཆེན་ཞིག་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་གཅོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང“ལོ་རྒྱུས་ཀྱི་རང་འགུལ་གཉིས”ཐོབ་པའི་ཐོག་ནས་ཚད་མཐོའི་སྙིང་བསྡུས་གནང་སྟེ།    “ཏང་གི་ངོ་བོ་མི་འགྱུར་བ་དང་།    ཁ་དོག་མི་འགྱུར་བ།    བྲོ་བ་མི་འགྱུར་བར་ཁག་ཐེག་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་།    ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཐུན་མོང་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད།”

དེ་དང་ཆབས་ཅིག རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་། རུལ་སུངས་སྐྱེ་འཕེལ་གྱི་འབྱུང་རྩ་དང་ཆ་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ཧ་ཅང་ལྕི་བ་ངེས་པར་དུ་ཤེས་དགོས། དངོས་ཡོད་ཀྱི་གནས་ཚུལ་ལ་བལྟས་ན། རུལ་སུངས་ཀྱི་གནད་དོན་ད་དུང་གཙང་སེལ་བྱས་མེད་ལ།    འཕར་ཚད་ད་དུང་མུ་མཐུད་དུ་གནས་ཡོད། བསམ་བློའི་ངོས་འཛིན་གྱི་ཐད་ནས།    ལ་ལས་གནས་བབ་ལ་ད་དུང་ནོར་འཁྲུལ་གྱི་བརྡར་ཤ་གཅོད་པ་དང་ངོས་འཛིན་བྱེད་ཀྱིན་ཡོད།   ནོར་འཁྲུལ་གྱི་ལྟ་བ་སྣ་ཚོགས་མཐའ་གཅིག་ཏུ་སེལ་བ་དང་སེམས་ཀྱི་སྨུག་པ་མཐའ་གཅིག་ཏུ་དྭངས་པར་བྱས་ན། ད་གཟོད་སྔར་ལས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་ཐུབ། རུལ་སུངས་དང་དབང་ཆ་མཉམ་དུ་གནས་ཡོད་པས། དེས་རུལ་སུངས་ལ་འཐབ་རྩོད་བྱེད་པ་ནི་ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་ཐག་གཅོད་བྱས་ཡོད།     རུལ་སུངས་མུ་མཐུད་དུ་འབྱུང་བཞིན་ཡོད་པས།  རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནམ་ཡང་ལམ་དུ་གནས་ཡོད།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་དུ་ཞིབ་བཤེར་ཐག་གཅོད་བྱས་པའི་རུལ་སུངས་ཀྱི་གནད་དོན་དབྱེ་ཞིབ་གཏིང་ཟབ་བྱས་ན།    དེའི་ནང་གི་མི་མང་ཆེ་བའི་སྒྲིག་ཁྲིམས་དང་ཁྲིམས་འགལ་གྱི་བྱ་སྤྱོད་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྔོན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་བར་རྒྱུན་མཐུད་བྱས་པ་ཡིན་པས།    དེ་ནི་འཕར་ཚད་ཡིན་ལ་གསོག་ཚད་ཀྱང་ཡིན།     རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དང་།    ཐབས་ཤེས།    བྱེད་ཐབས་གསར་པ་བཅས་ཀྱི་མདུན་དུ་རུལ་སུངས་པ་རྣམས་ཀྱི་གཡོལ་ཐབས་ཇེ་ཆེར་འགྲོ་བཞིན་ཡོད།     རུལ་སུངས་ཀྱིས་དྲང་གཞག་དྲང་བདེན་ལ་གནོད་འཚེ་གཏོང་བ་དང་།    ཚོང་གཉེར་ཁོར་ཡུག་ལ་གཏོར་བརླག་བྱེད་པ།    དཔལ་འབྱོར་སྒྲིག་ལམ་གཏོར་བརླག་བཅས་བྱེད་ཀྱིན་ཡོད།     དུག་སྐྲན་འདི་མཐའ་གཅིག་ཏུ་བཅད་ན་གཞི་ནས་རྒྱ་ཆེའི་ལས་བྱེད་པས་བྱ་བ་གཙང་མ་དང་བློ་ཁོག་ཆེན་པོས་བྱ་བ་སྒྲུབ་ཐུབ་པ་དང་།   ཚོང་གཉེར་བྱེད་པོ་སྣ་ཚོགས་ཀྱིས་སེམས་བདེ་བའི་ངང་ལས་སྐྲུན་བྱེད་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ངོས་འཛིན་བྱེད་སྐབས།    ངེས་པར་དུ་ལོ་རྒྱུས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་མཐོ་ཚད་ཡོད་དགོས་ལ།    ཏང་གི་ལས་འགན་དང་འགན་འཁྲི་མངོན་འགྱུར་བྱེད་པར་དམིགས་དགོས།”ལོ་རྒྱུས་ཀྱི་མིག་རྒྱང་ནི་ཅི་ཞིག་ཡིན་ནམ།     གནད་འགག་ནི་ལོ་རྒྱུས་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་མཁས་པ་དང་།    ང་ཚོའི་ཏང་གི་ལོ་བརྒྱ་རིང་འབད་འཐབ་བྱེད་པའི་ཁྲོད་རིན་ཐང་གི་དམིགས་ཡུལ་ཁོང་དུ་ཆུད་དགོས་ལ།    ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་དགོས་ན།    ངེས་པར་དུ་རུལ་སུངས་ཀྱི་འཇིགས་སྐུལ་ཆེ་ཤོས་དེ་གཙང་སེལ་བྱེད་དགོས་པའི་ངོས་འཛིན་བྱེད་དགོས།  འཐབ་ཇུས་ཀྱི་མཐོ་ཚད་ནས་བལྟས་ན།    མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་སུ་གནས་པ་དང་།    རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཚང་མར་ཧ་ཅང་རྒྱ་ཁྱབ་དང་གཏིང་ཟབ་པའི་འགྱུར་ལྡོག་འབྱུང་བཞིན་ཡོད་པས།    བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་།    ཏང་གི་ཡང་དང་པའི་ཁ་ཕྱོགས་དང་སྔོན་ཐོན་དྭངས་གཙང་ནམ་ཡང་རྒྱུན་འཁྱོངས་བྱས་ན།    ད་གཟོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བརྟན་པོའི་ངང་བསྐྱོད་ཐུབ་པ་དང་།    ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་མི་ཕམ་པར་གནས་ཐུབ།  ཏང་ཡོན་ལས་བྱེད་པར་མཚོན་ནས་བཤད་ན། བསླུ་བྲིད་སྣ་ཚོགས་ཀྱི་མདུན་ནས་ང་ཚོའི་ཏང་གིས་དེའི་ཆེད་དུ་འབད་འཐབ་བྱེད་པའི་གསར་བརྗེའི་ཕུགས་བསམ་དང་།  རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་མེད་པ།    རང་ཉིད་སེམས་ཀྱི་ཏང་དང་མི་དམངས། ལྐོག་རྔན་ཟ་བ་དང་རུལ་སུངས་ཀྱི་མཇུག་འབྲས་དང་གནོད་སྐྱོན།    འཛམ་གླིང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ལས་དབང་མི་འདྲ་བ་བཅས་ལ་བསམ་བློ་གཏོང་དགོས།  བསམ་བློའི་སྟེང་ནས་རྩ་བ་གཙང་སེལ་དང་།    རྙོག་ཟིང་བསླངས་ནས་དྭངས་གཙང་དར་སྤེལ་བྱས་ན་ད་གཟོད་དངོས་གནས་བརྟན་པོ་དང་སྲུང་འཛིན་བྱེད་ཐུབ་པ་དང་།    ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་ཐུབ།

རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ཧ་ཅང་གསལ་པོ་དང་བློ་བརྟན་འགྱུར་མེད་བྱེད་དགོས་པ་ལས།    ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ།    སྙིང་རྗེ་གཏན་ནས་སྒོམ་མི་རུང་། ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ལྷོད་གཡེང་གཏན་ནས་མི་བྱེད་པར།    རུལ་སུངས་བྱེད་མི་ཕོད་པ་དང་།    རུལ་སུངས་བྱེད་མི་རུང་བ།    རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། རྩ་ལག་མཉམ་བཅོས་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་དགོས། དམངས་སེམས་ཀྱི་ཁ་ཕྱོགས་དང་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་སྟེང་། ང་ཚོས་དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཏིང་ཟབ་པར་ཁོང་དུ་ཆུད་པ་བྱས་ཏེ།    རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ།    སྤྱིའི་དམག་འཐབ་བཅས་བློ་བརྟན་འགྱུར་མེད་ངང་ཡག་པོ་རྒྱག་རྒྱུའི་ཆོད་སེམས་བརྟན་པོ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།