—ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང “རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་དམ་པོར་བཅངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐས་རིམ་གསར་པ་ཞིག་ཏུ་སླེབས་དགོས”ཞེས་བསྟན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་དང་ཕན་ནུས་ལྡན་པའི་སྒོ་ནས་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་ལས་འགན་གསལ་བོ་བཟོས་ཡོད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དམ་འཛིན་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་གསར་པ་ལེན་པར་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་གྱི་བཀག་རྒྱ་བརྟན་པོ་འཛུགས་དགོས།
མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཁོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་གནས་བབ་དམིགས་བསལ་དང་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་འགན་འཁྲི་གལ་ཆེན་དང་དཀའ་ཚེགས་ཆེ་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་ནས“མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ”བསྟན་ཡོད་པ་དང་། “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས་ཡིན”ཞེས་ནན་བཤད་གནང་། “སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོབ་བཅས་ཀྱི་ལས་འགན་གལ་ཆེན་ངེས་པར་དུ་འགན་འཁུར་དགོས”ཞེས་བླང་བྱ་བཏོན་ཡོད། བླང་བྱ་གལ་ཆེན་དེ་དག་གིས་མཚོ་སྔོན་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་དང་སྒུལ་ཤུགས་གལ་ཆེན་འདོན་སྤྲོད་བྱས་ཡོད། མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་འབད་བརྩོན་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བཅས་ཀྱི་ལས་འགན་གལ་ཆེན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད་བྱས་རྗེས་འཇོག་དགོས།
སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་སྐབས། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་བྱས་ཏེ་མཐོ་སྒང་གི་སྐྱེ་དངོས་དང་རྩྭ་རྩི་ཤིང་། རི་ཆུ་སྟོང་ཕྲག་སྲུང་སྐྱོང་ཡག་པོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་པ་ཡག་པོ་བྱེད་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། སྐྱེ་ཁམས་བྱེད་ནུས་ཆེ་ཤོས་མངོན་འགྱུར་གང་ཐུབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་དགོས།
ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ནུས་པ་ཆེས་ཆེ་བ་མངོན་འགྱུར་གང་ཐུབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། རི་ཆུ་ནགས་ཞིང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་ལྗང་འགྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནམ་མཁའ་སྔོ་ཞིང་བསངས་པ། ཆུ་མོ་དྭངས་ཤིང་གཙང་པ། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཁྲུག་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། “ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་ཕུན་སུམ་ཚོགས་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཐབས་སུ་བྱས་ཏེ། མ་དཔེ་དང་ཁྱབ་སྤེལ་བྱེད་ཆོག་པའི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་རྒྱལ་ཁབ་སྤྱི་གླིང་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ཇེ་ལེགས་སུ་གཏོང་བ་བཅས་གཅིག་གྱུར་ཡོང་བར་བྱ་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་རིན་ཐང་ཕྲེང་འབྲེལ་རྒྱ་བསྐྱེད་དང་སྣུར་སྲིང་བྱེད་པ། “རི་བོ་གཉིས”བསྒྱུར་བའི་བགྲོད་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པ་དང་མཉམ་དུ། རིགས་སོ་སོའི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་མང་བ་ལྡན་པར་བྱས་ཏེ། དངོས་གནས་སྔོ་ལྗང་རི་ཆུ་མཚོ་སྔོན་གྱི་ཁྱད་སྟོབས་དང་སྤོབས་པ་ཆེ་ཤོས་སུ་འགྱུར་དུ་འཇུག་དགོས།
ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག རྒྱལ་ཁབ་དང་མི་རིགས། མི་རབས་རྗེས་མར་འགན་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་བླངས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་། སྤུས་ཚད་སྔར་ལས་མཐོ་བ། བླང་བྱ་སྔར་ལས་མཐོ་བ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འདྲ་བཟོ་དང་ཁྱབ་སྤེལ་བྱེད་ཐུབ་པའི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རི་སྔོ་ཆུ་དྭངས་ཀྱི་མཛེས་ལྗོངས་དང་གསེར་རི་དངུལ་རིའི་རིན་ཐང་དངོས་སུ་མངོན་པར་བྱས་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དེ་མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་ཀྱི་སྟེང་དུ་གནས་པར་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།