སྤྱོད་བསྲང་སྒྲིག་གཅུན་བྱས་ནས་སྲིད་གཙང་དར་སྤེལ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁག་ཁུར་ལ་བརྟེན་ནས་བསྐྱོད་ལམ་གསར་བ་འབྱེད་དགོས།
2025.01.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

-------སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་བློ་མཐུན་སྐོར་ཞིག་གིས་ཐུན་མོང་གི་བཅར་འདྲི་དང་ལེན་བྱས་པའི་སྐོར་གྱི་ཟུར་བཀོད།

༼ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ1ཚེས15ཉིན་ནས་ཚེས16ཉིན་བར་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པ། ཐེངས་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། 2024ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་སྤྱི་སྡོམ་བྱས་པ་དང་། 2025ལོའི་བྱ་བ་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚབ་མ་ལིའུ་མེ་ཕེན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཁ་བྱང་ལ་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ་ནས། བསྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་བཀོད་སྒྲིག་གསར་བ་བྱས།

གྲོས་ཚོགས་སྐབས་སུ། ཚོགས་ཞུགས་བློ་མཐུན་སྐོར་ཞིག་གིས་བཅར་འདྲི་དང་ལེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཅས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་དམིགས་ནས་མྱོང་ཚོར་གླེང་བ་དང་། རང་སྟེང་གི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་གླེང་།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཡུས་པེན་གྱིས་བཤད་རྒྱུར། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་སྙན་ཞུའི་བཀོད་སྒྲིག་དང་གཅིག་ཤུལ་གཅིག་འཛིན་བྱས་ཡོད་ལ། ལངས་གནས་མཐོ་བ་དང་སྤྱི་སྡོམ་དོན་དངོས་དང་མཐུན་ལ། བཀོད་སྒྲིག་ཞིབ་མོ་བྱས་ཡོད། ང་ཚོས་གཏན་ཁེལ་བྱས་པའི་དམིགས་འབེན་བརྒྱུད་དེ་ལག་བསྟར་དམ་འཛིན་བྱེད་རྒྱུ་ཡིན། ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་གཉིས་ཆབ་སྲིད་ལྟ་སྐུལ་གྱི་རྩ་བའི་ལས་འགན་དུ་བརྩི་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་ལྟ་སྐུལ་སྲུང་སྐྱོབ་བྱེད་པའི་དམིགས་འབེན་ཁ་ཕྱོགས་གཏན་ཁེལ་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་ཟབ་ཏུ་བཏང་སྟེ། མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཚུན་ཚའེ་ཡིས་བཤད་རྒྱུར། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ས་ཁུལ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། དེ་དང་མཉམ་དུ། རྒྱ་ཆེའི་ལས་བྱེད་པ་ཚོས་ཕྲ་གཟབ་ཆུང་ཟོན་དང་རང་གཅུན་ནན་མོ་བྱས་ནས། སྲིད་གཙང་གི་ཚད་མཐའ་བརྟན་སྲུང་བྱེད་དགོས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་དུ་བཅའ་སྡོད་བྱེད་པའི་ཚན་གཙོ་ཀྲུང་ཅུན་གྱིས་གསར་འགོད་པར་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཕིགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དེའི་ཐད་བཀོད་སྒྲིག་ཞིབ་མོ་བྱས་ནས། ང་ཚོའི་གོ་རིམ་རྗེས་མའི་བྱ་བ་ཅི་ལྟར་བསྒྲུབ་པའི་ཐད་བྱེད་ཐབས་དང་ཐབས་ལམ་བཏོན། ང་ཚོས་རྒྱུན་མཐུད་ངང་རྒྱལ་དོན་གལ་ཆེན་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་གི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་ཀྱི་མཉམ་ལས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། གཟབ་ནན་གྱི་དགོངས་གཞི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་རྒྱུན་བྱ་བའི་ཁྲོད་ཁྱབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།

ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིའུ་ཏི་ཧའེ་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་ནམ་ཡང་སྲུང་འཛིན་བྱས་ནས། ཡང་བསྐྱར་ཤུགས་སྣོན་པ་དང་ཡང་བསྐྱར་གདོང་མཆོང་བྱེད་རྒྱུ་ཡིན། སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་རྒོལ་བ་གཉིས་ཕན་ཚུན་འབྲེལ་མཐུད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་མཉམ་ཤུགས་འདོན་དང་ཕྱོགས་གཅིག་ཤུགས་འདོན། ཕྱོགས་བསྡུས་ཤུགས་འདོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཅིག་ནས་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་དང་ཐག་གཅོད་བྱེད་པར་བརྟེན་ནས་རུལ་སུངས་གནད་དོན་སྔོག་འདོན་བྱེད་པ། ཟ་འཐུང་གི་དར་སྲོལ་དང་ལག་རྟགས་སྟེར་བའི་དར་སྲོལ། སྦག་རྒྱག་དར་སྲོལ། ཁུག་དམར་དར་སྲོལ་སོགས་ཀྱི་གནད་དོན་མགོ་བཀྱགས་མ་ཐག་རྡུང་རྡེག་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྲོལ་ངན་བཞིའི་རྒྱབ་ཕྱོགས་ཀྱི་རུལ་སུངས་གནད་དོན་ཞིབ་བཤེར་ནན་མོ་བྱེད་དགོས། ཕྱོགས་གཞན་ཞིག་ནས་དཔེ་གཞིར་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་དང་འགལ་ནས་ལག་རྟགས་བསྡུ་སྟེར་བྱེད་པའི་གནད་དོན་བཅོས་སྐྱོང་བྱེད་རྒྱུ་འབུར་དུ་ཐོན་པར་བྱེད་པ། སྦྲེལ་མཐུད་ངང་རྩད་གཅོད་དང་བཅོས་སྐྱོང་། སློབ་གསོའི་བྱ་བ་སྣ་ཚོགས་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚབ་མ་ལིས་ཝེ་ཡིས་བཤད་རྒྱུར། ང་ཚོས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་བྱེད་རྒྱུ་ནི་སྒྲིག་སྲོལ་དམ་པོ་ཡིན་པའི་རེ་བ་གལ་ཆེན་ཇེ་བརྟན་དུ་གཏོང་བ་དང་། ཁྲིམས་དང་འགལ་ནས་ཟ་འཐུང་བྱེད་པའི་ཆེད་དོན་བཅོས་སྐྱོང་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ། ཁྲིམས་དང་འགལ་ནས་ལག་རྟགས་བསྡུ་སྟེར་བྱེད་པར་གཅིག་བསྡུས་བཅོས་སྐྱོང་བྱེད་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་མཉམ་བཤེར་མཉམ་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཉིས་གཞི་གཅིག་ཏུ་ཟབ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ཚའེ་མེན་གྱིས་བཤད་རྒྱུར། ང་ཚོས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། སྨན་བཅོས་འགན་སྲུང་གི་ཐེབས་རྩ་དོ་དམ་དང་རྒན་པ་དང་བྱིས་པའི་ཞབས་ཞུ་འགན་སྲུང་སོགས་ཕྱོགས་ཀྱི་འབུར་ཐོན་གནད་དོན་དང་སྨན་བཅོས་ཚད་བརྒལ་ཞིབ་བཤེར། ཁྲིམས་འགལ་དངུལ་བསྡུ་སོགས་ལས་རིགས་ཀྱི་གཅོང་ནད་ལ་དམ་དུ་དམིགས་ནས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་སེམས་ལ་འཇགས་པ་དང་ལག་ཏུ་བསྟར་དགོས། འཐབ་ཇུས་ངེས་ཤུགས་དང་མཐོ་གནོད་རྣམ་པ་སྲུང་འཛིན་བྱེད་པ་དང་། གོམ་མཚམས་སྤུ་ཙམ་ཡང་མི་འཇོག་པ་དང་གོམ་ཕྱེད་ཀྱང་ཕྱིར་སྣུར་མི་བྱེད་པར་སྨན་བཅོས་ལ་བརྟེན་ནས་ཁེ་ཕན་བརྩོན་པ་དང་སྨན་བཅོས་འགན་སྲུང་དངུལ་གཡོ་ལེན་བྱེད་པ་སོགས་ཀྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ། བར་ཁེ་ལེན་པ་དང་ཁུག་དམར་བསྡུ་བ་སོགས་ཀྱི་སྤྱོད་ཚུལ་དང་སྤྱོད་ངན་བཀག་སྡོམ་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གྲུབ་འབྲས་གསར་བས་མང་ཚོགས་ཡིད་ཆེས་པར་བྱེད་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རིན་ལེང་གིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོ་བསྐྱོད་ལམ་གསར་བར་བསྐྱོད་པའི་ཐད་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན། ང་ཚོས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་རྒྱུན་རྣམ་སྒོས་དམ་འཛིན་བྱེད་པ་དང་། དཔེ་གཞིས་ལམ་འབྱེད་གཡོ་འགུལ་མི་བྱེད་པ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ཕྲན་བུར་ཆད་གཅོད་ནན་མོ་བྱེད་པ། མཉམ་དུ་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལ་མཁྲེགས་གཏོར་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་དངོས་བཟང་བོར་བསྒྲུབ་པ། རྫོང་རིམ་པའི་གཡུལ་ས་གཙོ་བོའི་མཁྲེགས་གཏོར་གཡུལ་འགྱེད་བཟང་བོར་རྒྱག་པ། བཅོས་སྐྱོང་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་བདེ་སྣང་ཇེ་མཐོར་གཏོང་དགོས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཁྲིམས་འཛིན་ཐིན་དུ་བཅའ་སྡོད་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ཧི་ཅན་ཀྲུང་གིས་བཤད་རྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དེ་ཏང་གི་སྒྲིག་ཁྲིམས་དམག་དཔུང་ཡིན་པའི་ཆ་ནས། ཏང་གི་སྒྲིག་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པས། ངེས་པར་དུ་ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོས་རང་ཉིད་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས། ཁེ་གྲགས་སྣང་མེད་དང་སྤྱོད་པ་ཚུལ་མཐུན། སྤྱོད་གཙང་རང་སྲུང་བྱེད་དགོས། ད་ལོར། ང་ཚོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པའི་ལོའི་འགུལ་སྐྱོད་བྱེད་ཐབས་སུ་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དམག་དཔུང་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

ཚང་མས་མཐའ་གཅིག་ཏུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། སེམས་ཤུགས་གཅིག་ཏུ་བསྡུ་བ་དང་དངོས་གཉེར་ལེགས་བརྩོན་བྱེད་པ། ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་རྣམ་པ་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། བསྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།


རིན་ཆེན་མཚོས་བསྒྱུར།