ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ། ཀུན་པིན།
མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་དམིགས་ནས། དཀྱིལ་སྙིང་གཅིག་དང་འཁོར་རིམ་གཅིག་སྣེ་མང་པོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་བསྐྲུན་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་འགྲོས་ཚད་ཇེ་མགྱོགས་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་།
གཅིག དཀྱིལ་སྙིང་གཅིག་དང་འཁོར་རིམ་གཅིག་སྣེ་མང་པོའི་རྣམ་པ་གསར་བ་ཐོག་མར་བཏོད།
གཅིག་ནི་དཀྱིལ་སྙིང་གཅིག་འཛུགས་སྐྲུན་གྱི་ཕན་འབྲས་ཐོག་མར་མངོན། ཞིང་ཆེན་བཞི་དང་གྲོང་ཁྱེར་བཅུ་གཉིས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་སྡུད་འགྲེམ་མ་ལག་བཙུགས། ཞང་ཀང་ལ་ཐད་འཕུར་བྱེད་པ་སོགས་གྲོང་ཁྱེར་བཅུ་གཉིས་ཀྱི་མཁའ་ལམ་གསར་བ་བསྣན་ཞིང་། མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོ་སོགས་ལྗོངས་ཁུལ་གྱི་ཤར་གཏོང་རླངས་འཁོར་གཏོང་མགོ་ཚུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་ཡུལ་སྐོར་ཆེད་གཏོང་ལམ་ཐིག12བསྐྲུན། ཟས་མཆོག་སྲང་ལམ་སོ་གསུམ་བསྐྲུན་པ་དང་། གྱི་ཐང་མཁར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དྲིལ་སྒྲོག་སྟེགས་བུ་བསྐྲུན།
གཉིས་ནི་འཁོར་རིམ་གཅིག་གིས་མུ་མཐུད་དུ་སྐུལ་ཁྲིད་ཟབ་སྤེལ་བྱས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཡུལ་སྐོར་ཆེད་དོན་འཆར་འགོད་དང་མཚོ་སྔོན་པོའི་ཡུལ་སྐོར་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔང་ཡིག་གསུམ་གྱི་རྐྱེན་སྲོལ་ལག་བསྟར་བསམ་འཆར་འགྲེམས་སྤེལ་བྱས། མཚོསྔོན་པོ་བསྐོར་བའི་ལྗོངས་ཁུལ་གྱི་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོ་བར་གྱི་གཞུང་ལམ་དུམ་མཚམས་དང་པོ་ལས་གྲུབ་ནས་རླངས་འཁོར་གཏོང་མགོ་ཚུགས་པ་དང་།
གསུམ་ནི་སྣེ་མང་པོའི་ཐོན་ཁུངས་ནུས་ལྡན་སྦྲེལ་མཐུད་བྱས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་རྒྱུད་མང་པོས་འགྲིམ་འགྲུལ་དྲ་རྒྱའི་ཕྲེང་སྦྲེལ་བརྒྱུད། ཕྱོགས་མང་པོར་འབྲེལ་འདྲིས་དང་སྣེ་ཁྲིད་བྱས་ནས། ཁུལ་ཁོངས་སོ་སོའི་ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་།
གཉིས། རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཐད་ཕན་འབྲས་མངོན་གསལ་བླངས།
གཅིག་ནི་རྩེ་རིམ་ཇུས་འགོད་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་བཏང་། འཆར་འགོད་སྲིད་ཇུས་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་ཚང་བཟོས་པ་དང་། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་སྤྱིའི་འཆར་འགོད་མགྱོགས་མྱུར་དང་སྒྲིག་བཟོ་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མགྱོགས་མྱུར་ངང་བསྐྲུན་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམས་སྤེལ་བྱས།
གཉིས་ནི་ཡུལ་སྐོར་ཐོན་ལས་འདོན་སྤྲོད་སྔར་ལས་ཕུན་སུམ་ཚོགས་པར་བཏང་། ལྗོངས་ཁུལ་གྱི་བསྒྱུར་བཀོད་བཟོ་བསྐྲུན་ལག་བསྟར་ཟབ་མོ་བྱས་པ་དང་། གསེར་དངུལ་ཐང་དང་ཉིང་རྡུལ་མཁར། ཚྭ་ཁ་ཚྭ་མཚོའིAརིམ་པ་ལྔ་པའི་ལྗོངས་ཁུལ་འཛུགས་སྐྲུན་དང་ཧུའུ་ཀྲུའུ་པའེ་ལུང་རི་བོའི་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་སྟེ། རྒྱུན་མཐུད་སྒོས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
གསུམ་ནི་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ནུས་བརྟན་པོའི་ངང་འཕར་བར་བྱས། ཡུལ་སྐོར་གྱི་འཛད་སྤྱོད་སྦས་ཤུགས་བཏོན་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་འདོན་པར་སྐུལ་འདེད་བཏང་བ་དང་། མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟ་བྱེད་སའི་བྱ་བའི་ཇུས་གཞི་སོགས་ཡིག་ཆ་འགྲེམས་སྤེལ་བྱས།
བཞི་ནི་ལས་རིགས་ཁྲོམ་རའི་སྒྲིག་སྲོལ་ལེགས་སྒྱུརལ་ཤུགས་བསྣན། བདེ་འཇགས་རིག་གནས་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། བརྒྱ་ལོ་གཉིས་པའི་འགག་སྒྲོལ་ཆེད་དོན་ལེགས་བཅོས་འགུལ་སྐྱོད་སྤེལ་ཞིང་། མཚོ་སྔོན་དང་ཀན་སུའུ་ཡིས་མཉམ་འབྲེལ་ཁྲིམས་བསྟར་ཟབ་སྤེལ་བྱས་ཏེ། ཞུ་གཏུག་དོན་རྐྱེན7532ཐག་གཅོད་བྱས་པ་དང་འཚམས་འདྲི་ཞུ་ལན་ཡིད་ཚིམ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
ལྔ་ནི་ཚོང་རྟགས་དྲིལ་སྒྲོག་གི་རྣམ་པ་གསར་བ་རྒྱ་སྐྱེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་། ལས་བགོས་དོ་དམ་མགོ་ཁྲིད་དག་གིས་སྔ་ཕྱིར་རུ་ཁག་ཁྲིད་དེ་སི་ཕན་དང་ཧང་ག་རི་སོགས་སུ་སོང་ནས་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་སྤེལ་བ་དང་། ཚོགས་སྒྲིག་རྣམ་པས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཞིང་ཆེན་དང་གྲོང་ཁྱེར་དུ་སོང་ནས་དྲིལ་སྒྲོག་འོས་སྦྱོར་དང་ཚོང་འགུག་དངུལ་འདྲེན་བྱས། རི་ཆུའི་འགོ་ཁུངས་དང་རབ་མཛེས་མཚོ་སྔོན་ཞེས་པའི་གླེང་གཞི་དང་འབྲེལ་བའི་ཀློག་གྲངས་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་ལས་བརྒལ།
གོ་རིམ་རྗེས་མར། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བྱ་བའི་བཀོད་སྒྲིག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཡུལ་སྐོར་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་དམིགས་པ་དང་། རྒྱལ་སྤྱི་ཅན་གྱི་ཚད་གཞིའི་ལྗོངས་ཁུལ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་ཅིང་། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།