མཁར་གྲོང་མཉམ་བསྲེས་ཟབ་མོ་བྱེད་པ་དང་ཁུལ་ཁོངས་མཐུན་སྦྱོར་བཟང་བོ་བྱེད་དགོས།
2025.02.11 ཁུངས། ཀློག་གྲངས། 3

——ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་། མཁར་གྲོང་མཉམ་བསྲེས་བྱེད་པ་དང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། བཀོད་སྒྲིག་གལ་ཆེན་འདིས་མཁར་གྲོང་མཉམ་བསྲེས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དེ་ཆུ་ཚད་སྔར་ལས་མཐོན་པོ་དང་སྤུས་ཚད་སྔར་ལས་མཐོན་པོའི་ཕྱོགས་སུ་བསྐྱོད་པའི་ཐད་འབད་བརྩོན་གྱི་ཁ་ཕྱོགས་གསལ་བོ་བསྟན། མཁར་གྲོང་མཉམ་བསྲེས་དང་ཁུལ་ཁོངས་མཐུན་སྦྱོར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་དགོས་མཁོ་ཡིན། ས་ཆ་སོ་སོས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་བཏོན་པའི་རེ་བ་ལྟར། རྣམ་པ་གསར་བའི་གྲོང་གསེབ་ཅན་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཚུན་མཉམ་བསྲེས་དང་ཟློས་མཐུན་མཉམ་འདར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འདྲ་མཉམ་བརྗེ་རེས་དང་ཕྱོགས་གཉིས་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྤྱི་ཁོག་རང་བཞིན་དང་མཐུན་སྦྱོར་རང་བཞིན་སྔར་ལས་མཐོར་འདེགས་བཏང་སྟེ། འཕེལ་རྒྱས་ཀྱི་རྒྱ་ཆེ་བའི་བར་སྟོང་གསར་བ་གསར་འབྱེད་བྱེད་དགོས།

ཐབས་མཁས་པའི་ལམ་རིང་། དངོས་སྒྲུབ་པས་བྱ་བ་འགྲུབ། 2024ལོར། མཚོ་སྔོན་གྱི་ས་ཁུལ་སོ་སོས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་ངོས་ཟིན་ཇེ་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཅན་དུ་འགྱུར་བའི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། མཁར་གྲོང་མཉམ་བསྲེས་བྱེད་པ་དང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཁར་གྲོང་འཕེལ་རྒྱས་དོ་མི་མཉམ་པ་དང་ཞིང་སྡེའི་འཕེལ་རྒྱས་ཚད་མི་འདང་བའི་གནད་དོན་ཐག་གཅོད་པའི་ནང་གནས་རེ་བ་ཡིན། ཐོན་ཁུངས་སྡེབ་སྒྲིག་ལེགས་བསྒྱུར་དང་ཚོང་རའི་བར་སྟོང་རྒྱ་སྐྱེད་པ། ཐོན་ལས་མཉམ་སྡེབ་རིམ་སྤོར་བྱེད་པ། སྤྱི་ཐུན་ཞབས་ཞུ་དོ་མཉམ་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་སོགས་ཕྱོགས་ནས་དོན་སྙིང་གལ་ཆེན་ལྡན། ངེས་པར་དུ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་། སྤྱི་ཁོག་གི་མཉམ་ཤུགས་མཐོར་འདེགས་བཏང་ན། ད་གཟོད་མཁར་གྲོང་ཁུལ་ཁོངས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་ཐུབ།

མཁར་གྲོང་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་ཁུལ་ཁོངས་བར་སྟོང་གི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་སོགས་འགག་སྒོ་རུ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐོན་ལས་དར་སྤེལ་གཏོང་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། བཅོས་སྐྱོང་བྱེད་ཤེས་པ། དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ་བརྒྱུད་དེ། རྨོ་ཞིང་གི་དམར་མཚམས་བརྟན་སྲུང་བྱེད་པ་དང་། མཐོ་སྒང་གི་ཁྱད་ལྡན་སོན་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བ། ཞིང་བ་ཡོང་སྒོ་བརྟན་འཇགས་ངང་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། ཞི་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས། མཁྲེགས་གཏོར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། རྣམ་པ་གསར་བའི་གྲོང་རྡལ་ཅན་གྱི་སྤུས་ཚད་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་ལས་ཀྱི་སྤོ་བསྒྱུར་མི་གྲངས་གྲོང་མི་ཅན་དུ་བསྒྱུར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། སྦས་ཤུགས་ཡོད་པའི་ས་ཁུལ་བཅུ་བཞིས་ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འདུ་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། གྲོང་ཁྱེར་གྱི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་སྤྱད་དེ་སྡོད་དམངས་ཀྱི་བརྟན་པོའི་རང་བཞིན་དང་ལེགས་བསྒྱུར་རང་བཞིན་གྱི་སྡོད་ཁང་དགོས་མཁོ་ལ་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་གྱི་ལསུ་དཔྱད་དང་གྲོང་ཁྱེར་གསར་བརྗེ་གཞི་གཅིག་ཅན་གྱི་སྐུལ་སྤེལ་རྐྱེན་སྲོལ་འཛུགས་པ། སྤྱི་ཐུན་རྨང་གཞི་སྒྲིག་ཆས་ལེགས་བསྒྱུར་དང་སྡེབ་སྒྲིག་བྱེད་པ། བདེ་སྡོད་དང་ལས་བརྩོན་གཉིས་འབྲེལ་མཐུད་བཟང་བོ་བྱེད་པ། གྲོང་གསེབ་ཅན་གྱི་སྤུས་ཚད་དང་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བཏང་སྟེ། མཁར་གྲོང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱེད་དགོས། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། སྔར་ལས་རང་འགུལ་གྱིས་དུས་སྐབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཁུལ་ཁོངས་འཐབ་ཇུས་གལ་ཆེན་ཐད་ཞབས་འདེགས་ཞུ་བ་དང་སྦྲེལ་མཐུད་བྱེད་པ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་ཀྱི་ལྟེ་གཉིས་ཁུལ་གཅིག་དང་ཡུལ་གནས་མང་པོའི་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་པ། མཚོ་ནུབ་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ་ལག་བསྟར་བྱེད་པ། མཚོ་སྐོར་ས་ཁུལ་གྱི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱིས་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་འདོན་སྤྲོད་ནུས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱས་ནས། གྲོང་ཁྱེར་གྱིས་ཡུལ་ཚོ་ཁྲིད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་ཁ་གསབ་བྱེད་པ། མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བའི་གྲོང་གསེབ་ཅན་གྱི་རྣམ་པ་གྲུབ་པར་བྱེད་དགོས།

མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཡིན་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་གནས་ལུགས་ཡིན། མཚོ་སྔོན་གྱི་ས་ཆ་སོ་སོའི་ས་གཤིས་གོ་གནས་དང་ཐོན ་ཁུངས་དགེ་མཚན། ཐོན་ལས་རྨང་གཞི་སོགས་ཕྱོགས་ནས་སོ་སོར་ཁྱད་ཆོས་ལྡན་པས། འཐབ་ཇུས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། ཚན་རིག་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། ཁོངས་ཡོངས་གཅིག་འདོམས་བྱེད་པ་དང་རིགས་བགར་ནས་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱེད་པ། ཕྱོགས་གཅིག་འཕེལ་རྒྱས་སུ་གཏོང་བ་མ་ཟད་སྤྱི་ཡོངས་ཀྱི་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། མཁར་གྲོང་མཉམ་བསྲེས་བྱ་བ་བཟང་བོར་བསྒྲུབ་པ། ཁུལ་ཁོངས་མཐུན་སྦྱོར་བྱེད་པའི་ཐད་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།