ཉེན་ཁ་སྣ་ཚོགས་མུ་མཐུད་དུ་ཕན་འབྲས་ལྡན་པའི་སྒོ་ནས་འགོག་སེལ་བྱེད་དགོས།
2025.02.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 5

ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ།

“འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སེམས་ཁྲལ་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཞི་བདེ་ཉེན་ཁར་བསམ་བློ་གཏོང་བ་བཅས་བྱ་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་རྩ་དོན་གལ་ཆེན་ཞིག་ཡིན། ” ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་དུ་ཉེན་ཁ་འགོག་སེལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ།  མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཆེས་དམའ་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས་ཞེས་བཏོན་ཡོད་པ་རེད། ང་ཚོས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ནུས་པ་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།  ཚད་མཐའི་བསམ་བློ་རྒྱུན་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། མངོན་གསལ་གྱི་འགལ་བ་དང་གནད་དོན་སེལ་བ། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བ། སྔོན་ལ་མིག་མངས་ཡག་པོ་འདེད་པ། རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་པ། འགལ་བ་མ་བྱུང་གོང་ནས་སེལ་རྒྱུ་དང་ཉེན་ཁ་ཆུང་དུས་ནས་སེལ་བ་བཅས་བྱས་ཏེ།འཕེལ་རྒྱས་སྔར་ལས་བདེ་འཇགས་དང་།སྤྱི་ཚོགས་སྔར་ལས་བརྟན་འཇགས། མི་དམངས་སྔར་ལས་ལྷིང་འཇགས་ཡོང་བར་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།

མདུན་སྐྱོད་ཀྱི་བགྲོད་ལམ་ནི་བདེ་མོ་ཞིག་མིན་ཞིང་། འགལ་བ་མང་པོ་རིམ་བརྩེགས་དང་ཉེན་ཁ་དང་མངོན་མེད་ཀྱི་ཉེན་ཁ་ཇེ་མང་དུ་འགྲོ་བའི་འགྲན་སློང་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་རེད་ཅེས་བཤད་ཆོག    ང་ཚོས་ཉེན་ཁ་གལ་ཆེན་སྔོན་འགོག་དང་དེ་སེལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཡུལ་སྲུང་འགན་འཁྲི་དང་ཡུལ་སྲུང་ཐབས་མཁས་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དུས་རྒྱུན་དུ་སྤྱི་ཕྱོགས་ལ་ལྟ་ཞིབ་དང་། དུས་རྒྱུན་དུ་ཁྱོན་ཡོངས་ལ་བསམ་བློ་གཏོང་བ། དུས་བབ་ཀྱི་འཕེལ་ཕྱོགས་དང་དེའི་ནང་སྦས་ཡོད་པའི་ཉེན་ཁའི་འགྲན་སློང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་བྱེད་དགོས། ཉེན་ཁ་སེལ་བའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། གནད་འགག་དམ་འཛིན་དང་རྒྱུ་རྐྱེན་ཡང་དག་འཚོལ་བ། ཐབས་ཇུས་ཐག་ཆོད་པོ་དང་མང་ཚོགས་ལ་ཁྲིད་སྟོན་དང་སྒྲིག་འཛུགས་བྱེད་མཁས་པ། ཕྱོགས་སོ་སོའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་མཁས་པ། ཚན་རིག་དང་མཐུན་པའི་སྒོ་ནས་དམག་དཔུང་བཀོད་སྒྲིག་བྱས་ནས་ཐག་གཅོད་ནུས་ལྡན་བྱ་དགོས། ད་དུང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལས་དོན་ཚན་རིག་དང་མཐུན་པ་དང་ཞིབ་ཚགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པའི་སྟེང་མངོན་པར་མཚོན་པ་དང་། འགན་འཁུར་གྱི་སྙིང་སྟོབས་བྱ་བ་སོ་སོའི་ཁྲོད་དུ་མངོན་པ། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བའི་ལས་དོན་ཏན་ཏིག་དང་ཞིབ་ཕྲའི་ངང་བསྒྲུབ་དགོས།

དཔྱོད་ལྡན་རྣམས་ཀྱིས་འགལ་རྐྱེན་སྔོན་ལ་འགོག་པ་དང་། བློ་ལྡན་དག་གིས་འགལ་རྐྱེན་སྔོན་དཔག་བྱེད་ནུས།  གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་བུ་ལོན་ཅན་གྱི་ཇུས་གཞི་རབ་དང་རིམ་པ་འཐུས་ཚང་དང་དོན་འཁྱོལ་བྱ་དགོས། དངུལ་རྩའི་རིགས་ཀྱི་གཞུང་ཁོངས་ཁེ་ལས་བརྟན་བརླིང་ངང་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་དང་ བཅོས་སྒྱུར་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། དངུལ་རྩའི་མཐུན་སྦྱོར་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ནན་མོ་གཏོང་དགོས། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱས་ནས་ས་ཁང་བདག་ཁོངས་ཁྲོམ་ར་མར་ཆག་པ་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁང་པ་སྤྲོད་ལེན་འགན་སྲུང་བྱེད་པའི་མཇུག་མཐའི་མཁྲེགས་གཏོར་དམག་འཐབ་ཡག་པོར་བརྒྱབ་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མྱུར་དུ་འཛུགས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དབུས་ཁུལ་འཛུགས་སྐྲུན་ལ་འདེགས་སྐྱོར་སྔར་ལས་ལེགས་པོ་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་རྐང་བཙུགས་ནས་འཐབ་ཇུས་རང་བཞིན་གྱི་ཐོན་ལས་རྟེན་གཞི་དང་། དངོས་ཟོག་གསོག་འཇོག་རྟེན་གཞི། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གཏེར་རྫས་ཐོན་ཁུངས་ལྗང་མདོག་རྩད་ཞིབ་དང་། སྲུང་སྐྱོབ། ལུགས་མཐུན་གསར་སྤེལ་བཅས་ལ་ཤུགས་བསྣན་ནས། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་མ་ལག་གི་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ།“འགལ་བ་དང་ཉེན་ཁ་སེལ་བ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི”ཆེད་དོན་བཅོས་སྐྱོང་ནན་མོ་བྱས་ཏེ། ཡིག་སྐུར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་ཅན་དུ་འགྱུར་བར་བརྟེན་ནས་ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ནས། བཟའ་བཏུང་དང་སྨན་རྫས་ཀྱི་སྦྲེལ་ཐག་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། ཅི་ཧྲི་ཧྲན་ས་ཡོམ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་འབྲེལ་ཡོད་ལས་དོན་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས། སྔོན་ལ་སྔོན་འགོག་དང་།འཕྲལ་སྡོམ་བཀོད་འདོམས་།ལག་རྩལ་འདེགས་སྐྱོར་།རོགས་སྐྱོབ་སྟོབས་ཤུགས་།གཞི་རིམ་ནུས་པ་འཛུགས་སྐྲུན་བཅས“བཟོ་སྐྲུན་ཆེན་པོ་ལྔ”ལག་བསྟར་བྱས་ཏེ།རྨ་ཙོང་གཞོངས་ཁུལ་གྱི་ཉེན་ཁ་ཆེ་བའི་ས་གཤིས་གནོད་འཚེ་གནས་སྤོར་བཟོ་སྐྲུན་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ།  རིགས་སོ་སོའི་མང་ཚོགས་བདེ་སྡོད་དང་། སེམས་བདེ། ལས་སྤྲོ་བཅས་ཡོང་བར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས“ལས་འགན་གལ་ཆེན་དང་པོ”དང“དོན་ཆེན་ཨང་དང་པོ”གཅིག་གྱུར་འཆར་འགོད་བྱས་ཏེ། འབད་བརྩོན་ཆེན་པོས་ད་ལོའི་དཔལ་འབྱོར་ལས་དོན་ལེགས་པོར་བསྒྲུབ་དགོས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ནས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱ་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།