མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་བཟང་པོས་སྤྱི་ཚོགས་གཏན་འཇགས་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས།
2025.02.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

——ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བརྒྱད་པ་ལས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས། གཏན་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་སྣང་ཚུལ་བཟང་པོ་བསྐྲུན་དགོས། མཚོ་སྔོན་ནས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་མ་བསྒྲུབ་ན། ཆེ་ཕྱོགས་ཀྱི་བྱ་བ་བསྒྲུབ་ཐབས་མེད་ལ། མཚོ་སྔོན་གྱི་མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་ལེགས་པོར་བསྒྲུབ་པའི་འགན་འཁྲི་ལྕི་བས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དེ་གཙོ་ཐིག་ཏུ་བྱས་ནས། མུ་མཐུད་དུ་ཆེས་ཆེ་བའི་སེམས་མཐུན་སྒོར་རིས་འབྲི་བ་དང་། སེམས་ཤུགས་གཅིག་སྡུད་བྱེད་དགོས།

མཚོ་སྔོན་དུ་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བྱས་ཡོད་པས། རླབས་ཆེན་མེས་རྒྱལ་དང་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན། ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད། རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཁུ་ནུ་རི་བོའི་འདབས་རོལ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཕན་ཚུན་མཉམ་འདྲེས་དང་སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་ཕྱིན། ལྷག་པར་དུ2024ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིའི་གཅིག་ཅན་མང་པོའི་དམ་འཛིན་མ་ལག་ཧུར་ཐག་གིས་བཙུགས་པ་དང་། མི་རིགས་མཐུན་སྒྲིལ་མཉམ་འདྲེས་འཕེལ་རྒྱས་ཀྱི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། སྔོན་ཐོན་དཔེ་མཚོན་ཉམས་མྱོང་སྔོག་འདོན་དང་ཕྱོགས་སྡོམ་ཁྱབ་གདལ་བཏང་བ་དང་། ཏང་འཛུགས་ཁྲིད་སྟོན་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཞིང་། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་གྱི་མཚོ་སྔོན་ལག་ལེན་ཟབ་སྤེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དུས་རབས་ཀྱི་རིན་ཐང་སྐུལ་སྤེལ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་སྒོས་ཏང་གི་མགོ་ཁྲིད་འོག་ཏུ་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་བྱས།

ད་ལྟ་མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོས་ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ལ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་སྣ་ཚོགས་བདེ་ཐང་ངང་འཕེལ་རྒྱས་སོང་བའི་རྩ་བའི་རྒྱུ་རྐྱེན་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་མི་རིགས་བྱ་བར་མགོ་ཁྲིད་པ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ཇུས་ཆེན་བྱེད་ཕྱོགས་དང་། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་པ་དེ་ཡིན། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་ཡིན་པས། ང་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ལ། མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་རྣམ་པ་གྲུབ་པ་དང་། གཏན་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་རྣམ་པ་བསྐྲུན་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་བཞད་དུ་འཇུག་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བསྐྱོད་ལམ་གསར་བའི་སྟེང་། ཚད་ཆེས་ཆེ་བའི་སྒོ་ནས་ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཆེས་ཆེ་བའི་རྐྱེན་གྲངས་འཚོལ་བ་དང་ཆེས་ཆེ་བའི་སེམས་མཐུན་སྒོར་རིས་བྲིས་ཏེ། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ས་གནས་སོ་སོས་འགྲོ་འོང་བརྗེ་རེས་མཉམ་འདྲེས་དང་། རྣམ་པ་མི་འདྲ་བ་དང་ཕན་ནུས་མི་འདྲ་བའི་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བར་གཞིགས་ནས། བྲོ་ལྡན་འཐེན་ཐུག་དང་། སྤུས་ལེགས་འཚེམ་དྲུབས། ཟེའུ་འབྲུའི་ཁྱིམ་གཞིས་སོགས་ཚོང་རྟགས་ཀྱི་ཁྱད་ཆོས་སྔར་ལས་གསལ་བ་དང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་གྲུབ་ནས། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྔར་ལས་ཇེ་བཟང་དུ་གཏོང་བ་དང་། གསར་སྐྲུན་མཇུག་བསྡུ་བའི་ལོ་དེར་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། གཞི་རིམ་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་མཇུག་མཐའི་སྤྱི་ལེ་གཅིག་གི་ཤུགས་འདོན་ས་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བ་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཡིན་པའི་ཆ་ནས། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གི་ཆེས་མངོན་གསལ་ཡིན་པའི་འགལ་བ་དང་གནད་དོན་གཅིག་སྡུད་བྱེད་པ། བཅོས་སྐྱོང་གི་རྣམ་པ་གསར་གཏོད་བྱེད་པ་དང་། གཞི་རིམ་སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་གཞི་རིམ་བཅོས་སྐྱོང་ཁྲོད་ལ་ཟབ་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་པོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཁྱིམ་གཞིས་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།

གྲུའི་སྟོབས་ཤུགས་རླུང་གཡོར་ལས་བྱུང་བ་དང་། མིའི་སྟོབས་ཤུགས་སེམས་སུ་ཡོད། གཏན་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་རྣམ་པ་བསྐྲུན་པའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ང་ཚོའི་སེམས་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱོགས་པ་དང་། ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་པའི་དྲིན་གཟོའི་བསམ་པ་དང་འབད་འཐབ་འདུ་ཤེས་གཅིག་སྡུད་བྱེད་པ། རང་གི་མིག་ལ་གཅེས་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དང་། རྡོག་རྩ་གཅིག་སྒྲིལ་དང་དྲིན་བསམ་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་མཚན་སྡུག་ལྡན་པའི་ལེའུ་འབྲི་དགོས།

ལྷ་མོ་འཚོས་བསྒྱུར།