རྒྱལ་ཁབ་སྐྱོང་བར་ཅིས་ཀྱང་ཏང་བཅོས་སྐྱོང་བྱེད་དགོས་པ་དང་ཏང་དར་རྒྱས་བཏང་བ་ཡིན་ན་གཞི་ནས་རྒྱབ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་ཡི་རླབས་ཆེན་ལག་ལེན་ཞིག་དང་། དུས་རབས་གསར་པའི་ཏང་འཛུགས་ལས་དོན་གྱི་བརྗོད་བྱ་གསལ་ཐག་ཆོད་པ་ཞིག་ཡིན་ལ། ཏང་གིས་དུས་ནམ་ཡང་གསོན་ཤུགས་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་ཚོད་བགམ་གྱི་ལམ་བུ་གསར་པའི་སྟེང་ཡག་པོ་བསྐྱོད་ཐུབ་མིན་གྱི་ནང་གནས་ བླང་བྱ་ཞིག་ཀྱང་ཡིན།
མཚོ་སྔོན་གྱིས་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་དུ་མ་དོན་འཁྱོལ་ནན་མོ་བྱས་ནས། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཟབ་སྤེལ་བཏང་སྟེ།“སྤྱོད་ངན་བཞི”ཡོ་བསྲང་བྱས་ནས་སྤྱོད་ཚུལ་གསར་པ་འཛུགས་པ་དང་། རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་ཅི་རིགས་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་གང་ཐུབ་བྱས་ཡོད།
བསམ་བློའི་སྣེ་སྟོན་རྒྱུན་འཁྱོངས་བྱས་ཏེ་རྨང་གཞི་ཇེ་བརྟན་དུ་བཏང་ནས་རྨང་རྡོ་བརྟན་པོ་འདིང་དགོས།
ཕུགས་བསམ་དང་དད་སེམས་ནི་ཏང་ཡོན་ལས་བྱེད་པའི་བསམ་པའི་སྲོག་ཤིང་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན། ཚན་རིག་གི་གཞུང་ལུགས་ཁོང་དུ་ཆུད་པར་བྱེད་རྒྱུ་དང་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ་ཡིན་ན། གཞི་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་འདེགས་སྐྱོར་བརྟན་པོ་འདོན་ཐུབ།
མཚོ་སྔོན་གྱིས་ཏང་གི་བསམ་བློ་འཛུགས་སྐྲུན་གྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་སྣེ་སྟོན་དུ་བཟུང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་པ་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་སྒོ་ནས་ལག་བསྟར་བྱེད་མཁན་རྣལ་མ་ཞིག་འཁྱོངས་བར་སྐུལ་འདེད་ནན་མོ་གཏོང་བཞིན་ཡོད།
“ཉི་འོད་ཀྱིས་སྐལ་བཟང་མེ་ཏོག་གང་སར་བཞད་པར་གྲོགས་དན་གནང་ཡོད་ཅིང་། བྱིས་པ་ཚོའི་འཇིག་རྟེན་ཁྲོད‘ཨ་མྱེས་ཞི་ཅིན་ཕིང’ཡོད་པ་ནི་མི་ཚེའི་བདེ་སྐྱིད་ཆེས་ཆེ་ཤོས་དེ་ཡིན།”“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་གཞིས་ཡོད་པ་དང་རྒྱལ་ཁབ་བཟང་ན་གཞི་ནས་ཁྱིམ་གཞིས་བདེ་སྐྱིད་ལྡན།”“མིག་སྔའི་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བའི་བདེ་སྐྱིད་ཀྱི་འཚོ་བ་འདི་ནི་གུང་ཁྲན་ཏང་གིས་གནང་བ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྩལ་བ་ཡིན།” 2024ལོའི་ཟླ7པའི་ཚེས་ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་དམིགས་བསལ་བཞུགས་མོལ་ཚོགས་འདུ་ཞིག་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་ཐོག་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། སེམས་ཀྱི་སྐད་ཆ་དང་མྱོང་ཚོར་ངོ་མ་གླེང་རེས་བྱས་པ་དང་། སྐད་ཆ་རེ་རེའི་ཁྲོད་དུ་མི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལ་དགའ་གུད་ཚད་མེད་བྱེད་ཀྱིན་ཡོད་པ་དང་། ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པའི་ཐུན་མོང་གི་སེམས་ཀྱི་སྐད་ཆ་སྦྲུམ་ཡོད།
མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཉིད། ཏང་ཡོན་ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་གི་ནང་དོན་གཙོ་བོ་རུ་བརྩིས་ཏེ། ཏང་ཡོན་ལས་བྱེད་པ་གཞི་རིམ་དང་འཐབ་ཕྱོགས་དང་པོ་རུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་བུ་དང་བུ་མོ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུ་འདོད་ཀྱི་བསམ་པ་དང་འབད་འབུངས་ཧུར་བརྩོན་གྱི་བློ་རྩ་བརྟན་པོ་ལ་སྔར་ལས་སྐུལ་མ་ཆེན་པོ་ཐེབས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལོ་ལྔའི་འཆར་འགོད་དངོས་སུ་བཟོས་པ་དང“བཟོ་བཀོད་ཆེན་པོ་བརྒྱད།”“འཆར་གཞི་བཅུ”ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཞི་གྲངས་མཛོད་བསྐྲུན་པ། སློབ་སྦྱོང་དང་གསབ་སྦྱོང་གི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱུ་རྐྱེན་མང་པོ་མཉམ་འདྲེས་དང་ལྷུ་ཚིགས་མང་པོ་གཞི་གཅིག་ཏུ་འབྲེལ་བ། རང་བདག་བྱེད་པོ་མང་པོ་མཐུན་སྦྱོར་ཡིན་པ་བཅས་ཀྱི་གསོ་སྦྱོང་རྣམ་པ་གསར་པ་ངང་གིས་གྲུབ་པར་སྐུལ་འདེད་གཏོང་བཞིན་ཡོད།
མཚོ་སྔོན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དམིགས་འབེན་དང་བླང་བྱ་ལ་དམ་པོར་དམིགས་ཏེ། དོན་དངོས་ལ་དམིགས་པ་དང་དོན་དངོས་ཀྱི་ཕྱོགས་སུ་ཤུགས་འདོན་པ། ཕན་འབྲས་དངོས་ལ་བརྟེན་ནས་སྐད་ཆ་བཤད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་སློབ་སྦྱོང་བྱས་ནས་སྒྲིག་ཁྲིམས་ཤེས་པར་བྱེད་པ་དང་སྒྲིག་ཁྲིམས་གསལ་རྟོགས་ཡོང་བར་བྱས་ནས། སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས་ལ། སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། སློབ་ཁྲིད་ཟུར་ཁྲིད་དང་བརྗེ་རེས་ཞིབ་འཇུག ཆེད་མཁས་པའི་འཆད་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཚིག་རིས་ནག་འདེད་བྱས་ཏེ་སློབ་སྦྱོང་དང་། དོན་ཚན་དང་ལེའུ་གཅིག་ཀྱང་མ་བསྐྱུར་བའི་སྒོ་ནས་གོ་བ་ཟབ་མོ་བླངས་ཏེ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་བརྗོད་སྙིང་དང་ནང་དོན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས། བསམ་བློའི་གཏིང་ཟབ་ས་རུ་ཚད་གཞི་ནན་མོ་དང་སྒྲིག་སྲོལ་ནན་མོ་ཏན་ཏིག་ངང་འཛུགས་དགོས།
ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་ནི། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི“བླ་སྲོག་གི་སློབ་ཚན”ཞིག་ཡིན་ལ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བའི“སྲོག་ཤིང་གི་སློབ་ཚན”ཞིག་ཀྱང་ཡིན། ཏང་ཡོན་ལས་བྱེད་པས་ཏང་གི་ཚད་ལྡན་ཡིག་ཆར་ཇི་མ་ཇི་བཞིན་སྒོས་ཞིབ་འཇུག་ལྟ་ཀློག་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སྙིང་སྟོབས་ཀྱི་ངོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་མ་ནོར་བ་ལེན་ཐུབ་པ་ཡིན་ན། གཞི་ནས་སློབ་སྦྱོང་ཟབ་སྤེལ་དངོས་ཀྱི་ཁྲོད་ནས་ཏང་གཤིས་ཀྱི་བློ་སྦྱོང་ཇེ་མཐོར་འགྲོ་ཐུབ་ལ། བསམ་གཞིག་དང་ཤེས་རྟོགས་བྱེད་པའི་ཁྲོད་ཏང་གི་འདུ་ཤེས་ཇེ་དྲག་ཏུ་འགྲོ་ངེས་པར་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་རང་རྟོགས་སྒོས་རང་ཉིད་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ཐུབ་པ་ཡིན།
རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དང་མཉམ་ཤུགས་གཅིག་སྡུད་བྱས་ནས་རྨང་གཞི་བརྟན་པོ་འདིང་དགོས།
ཏང་གི་འགོ་ཁྲིད་དང་ཏང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་གི་ལས་དོན་ཁག་སོ་སོ་དངོས་འབེབས་དོན་འཁྱོལ་བྱེད་པར་ཅིས་ཀྱང་། རྩ་འཛུགས་ཀྱི་མ་ལག་དམ་ཟབ་ཅིག་མེད་དུ་མི་རུང་། ཏང་གི་རྩ་འཛུགས་མ་ལག་དམ་ཟབ་བྱུང་བ་ཡིན་ན། གཞི་ནས་དེའི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལས་དོན་འདི་ཉིད་ཀྱང་མུ་མཐུད་དུ་གཏིང་ཟབ་ས་ནས་ཟབ་ས་རུ་སྐུལ་སྤེལ་ནུས་ལྡན་གཏོང་ཐུབ།
ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་“སྣེ་ཁྲིད་པ”ཡིན། མཚོ་སྔོན་གྱིས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི“རྨང་རྟེན་བཟོ་སྐྲུན”དང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དཔུང་སྡེ་ཡི“སྦྱངས་རྡུང་བཟོ་སྐྲུན”ལག་བསྟར་ཤུགས་ཆེན་བྱས་ཏེ། ན་གཞོན་ལས་བྱེད་པའི་རྒྱུན་ལྡན་ཅན་གྱི་འདེམས་བཀོལ་དང་གསོ་སྦྱོང་གི་ཕན་ནུས་ལྡན་པའི་སྦྲེལ་ཐག་ཧྲིལ་པོའི་ལམ་སྲོལ་སྔར་ལས་ལེགས་སུ་བཏང་སྟེ།“འབྱུང་རྩའི་བཟོ་སྐྲུན”འཛུགས་སྐྲུན་གང་ལེགས་བྱས་ནས། སློབ་མ་འདེམས་བསྐོ་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ནོར་སྲིད་དང་དངུལ་རྩ་སོགས་རིགས13གྱི་ཆེད་ལས་ལས་བྱེད་པའི་མཛོད་ དགར་ནས་དངོས་སུ་འཛུགས་དགོས། རིམ་པ་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་ལས་བྱེད་པའི་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། ལས་བྱེད་པ720ཡོམ་འགོག་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་གྱི་འཐབ་ཕྱོགས་སུ་བདམས་ནས་ལག་ལེན་སྦྱོང་བརྡར་བྱས་པ་དང་། ཆེད་ལས་ལས་བྱེད་པ་དང་འཇོན་མི129གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚོགས་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དངོས་སུ་བཅུག་ཡོད་པ་དང་། ་རིམ་པ་སོ་སོའི་འགོ་ཁྲིད་ཚོགས་པའི་སྤྱི་ཁོག་ནུས་པ་མུ་མཐུད་ཇེ་ལེགས་སུ་བཏང་ཡོད།
དུས་མཚུངས་སུ། གྲོང་ཚོ་ཁག་ཅིག་གི་ཏང་རྩ་འཛུགས་ཉམས་ཞན་དང་ཐར་ཐོར་དུ་གནས་པ་དང་། གྲོང་ཚོའི་ལས་བྱེད་པ་ཁག་གཅིག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་མི་ཤེས་པ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁག་གཅིག་གི་ཕྱོགས་བསྡུས་བྱང་ཚད་དམའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། ཉམས་ཞན་ནུས་མེད་ཀྱི་གནས་སུ་ལྷུང་བའི་གྲོང་ཚོའི་ཏང་རྩ་འཛུགས་ཞིབ་བཤེར་དག་ཐེར་དང་གྲོང་ཚོའི་ལས་བྱེད་པས་སྤྱི་སྐད་ཡག་པོ་བཤད་པ། སློབ་ཆེན་སློབ་མ་གྲོང་ཚོ་རུ་གདན་དྲངས་ནས་ལས་འགན་འཁུར་རྒྱུ་བཅས་ཀྱི་འགུལ་སྐྱོད་གསུམ་བབ་བརླིང་ངང་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་ཏང་འཛུགས་ལས་དོན་ཁྲོད་གནས་པའི་མི་འདང་ས་དང་དཀའ་གནད་རིམ་གྱིས་སེལ་ཡོད།
གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་ནི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་གཞི་རིམ་རྩ་འཛུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱིས་རྫོང་དང་ཞང་ནས་ལས་སྒྲུབ་མི་སྣ་གཡར་བཀོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་སྒོས་གཙང་བཤེར་བྱས་ནས་ལམ་སྲོལ་ཚད་ལྡན་ཅན་དུ་བཏང་བ་དང་། མི་སྣའི་སྒྲིག་ཁོངས་གོང་དུ་ཉུངགཏོང་དང་འོག་ཏུ་ཁ་གསབ་རྒྱག་པའི“ལེགས་སྒྲིག་བཟོ་སྐྲུན”ལག་བསྟར་བྱས་ཡོད་ལ། ཏང་འཛུགས་ལས་དོན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྲིད་ཇུས་སྤྱད་དེ། “རྟ་ཆུང་ཆུང་གིས་ཤིང་རྟ་འཁོར་ལོ་ཆེན་པོ་འཐེན་པའི”གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་དེ་འབྲེལ་གྱི་བྱེད་ཐབས་དོན་ཚན28གཏན་འབེབས་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ། ཁྲོམ་གཞུང་བཅས་ཀྱི་འགན་བསྒྲུབས་དོན་དག་གསལ་ཐོ་བཟོ་བའི་ལས་དོན་སྤེལ་ནས། སྟོབས་ཤུགས་འདོན་དགོས་སར་འདོན་པ་དང་ཐོན་ཁུངས་མི་འདང་སར་སྤྱོད་པར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ཞབས་ཞུའི་འགན་ལེན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན།
ཏང་གི་བྱ་གཞག་ལེགས་པར་སྒྲུབ་པ་དང་ཏང་འཛུགས་ལས་དོན་དམ་འཛིན་བྱེད་པའི་འགག་རྩ་ནི་མི་ལ་རག་ལས་ཡོད། མཚོ་སྔོན་གྱིས་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་མཐོང་ཆེན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་འཕེལ་རྒྱས་ཀྱི“འཇུག་སྒོ”དང“གོ་རིམ་གྱི་འགག་སྒོར” དམ་འཛིན་ཡག་པོ་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བའི“བཞུ་ཐབ”ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ཏང་ནང་གི་སྐུལ་ལྕག་རོགས་རམ་ལས་དོན་ལེགས་པར་བསྒྲུབས་པ། “རྒྱུན་ལྡན་གྱི་སྐབས་སུ་མཐོང་ཐུབ་པ་དང་གནད་འགག་གི་སྐབས་སུ་ཡར་ལངས་ཐུབ་པ། ཉེན་ཁའི་སྐབས་སུ་འབད་འཐབ་བྱེད་ཐུབ་པ”བཅས་ཀྱི་ཏང་ཡོན་དཔུང་སྡེ་ཞིག་བསྐྲུན་ཡོད། 2024ལོའི་ཆུ་ལོག་དང་ཆར་ཆུ་རྒོད་པའི་དུས་སྐབས་དེར། ཞིང་ཆེན་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག1716དང་ཏང་ཡོན་འཕྲལ་རྒོལ་རུ་ཁག3312། ཏང་ཡོན་ཁྲི་དྲུག་དང་སྟོང་གསུམ་ལྷག་ཆུ་ལོག་སྔོན་འགོག་གི་འཐབ་ཕྱོགས་དང་པོ་རུ་མངགས་ནས་འབད་འཐབ་བྱས་ཏེ། ཏང་ཡོན་གྱི་འཕྲལ་བསྟུན་སྐུལ་སློང་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་སྔར་ལས་དོན་འཁྱོལ་ནུས་ལྡན་བྱས་ཡོད།
ཕྱོགས་ཡོངས་ནས་ཏང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་དགོས་ན། ཆེས་གཙོ་གནད་ནི་བདེན་པར་དོ་དམ་དང་གཟབ་ནན་གྱི་བྱེད་ཕྱོགས་འཛིན་པ། གནད་ལ་འཁེལ་བའི་སྒོ་ནས་བཅོས་སྐྱོང་བྱེད་པ་བཅས་ལ་རག་ལས་ཡོད།
མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྔོན་ཆད་ཀྱི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་དཔོན་གཞོན་པ་ཉིའུ﹒འབྲུག་གཡང་སྐྱབས་ཀྱིས“ཞིང་ཆེན་ལས་བརྒལ་ཏེ་ཟ་མ་ཟོས་པ”དང་། མིན་ཧི་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་ཏའོ་ཧེ་ཧྲིན་གྱིས“རྟོག་ཞིབ་གསོ་སྦྱོང་བྱས་ནས་ཟ་མ་ཟོས་པ།”སོགས་ཀྱི་སྒྲིག་འགལ་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཡོད། 2024ལོར་མཚོ་སྔོན་གྱིས་སྒྲིག་འགལ་ཟ་འཐུང་གི་མངོན་མེད་གཞན་འགྱུར་གནད་དོན་ལ་དམ་པོར་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་བཟའ་འཐུང་ལ“བཀག་སྡོམ་བཅུའི”སྒྲིག་ཁྲིམས་བླང་བྱ་དོན་འཁྱོལ་ནན་མོ་བྱས་པའི་རྨང་གཞིའི་སྟེང་དུ། ཁྲིམས་འགལ་བཟའ་འཐུང་བཅོས་སྒྲིག་ཟབ་སྤེལ་བྱེད་པའི“བྱེད་ཐབས་དགུ”ཞེས་པ་དང་། དངོས་མིང་ཐེར་འདོན་བྱ་དགའ་སྤྲོད་ཐབས་གཏན་འབེབས་བྱས་ཏེ། ལོ་ཧྲིལ་པོར་ཁྲིམས་འགལ་བཟའ་འཐུང་གནད་དོན་དང་འབྲེལ་བའི་མི290གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་དཔེ54བརྡ་ཁྱབ་བཏང་ནས་དམར་འདོན་བྱས། དུས་མཚུངས་སུ། “དམིགས་བསལ་སྨྲ་བ”སོགས་ཀྱི་ཁྱད་དབང་བསམ་བློར་དར་ཆ་གསལ་སྟོན་སྒོས་ངོ་རྒོལ་དང་ཡོ་བསྲང་བྱས་ཏེ། ཏང་ཡོན་ལས་བྱེད་པས་དཀའ་ཚེགས་ཆེ་བའི་ས་ཁུལ་དང་མི་རིགས་ས་ཁུལ། ས་བབ་མཐོ་བའི་ས་ཁུལ་བཅས་སུ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཚད་གཞི་དེ་རྒྱལ་ཡོངས་དང་འདྲ་བར་དམིགས་བསལ་ཅི་ཡང་མེད་པའི་ཐད་ཤེས་རྟོགས་གསལ་པོ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
དུས་མཚུངས་སུ། སྒྲིག་འགལ་གྱིས་ལེགས་སྐྱེས་ལེན་པ་དང་དངུལ་བསྡུ་སྐྱེལ་བྱེད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་སྐྱེ་ཁམས་གཙང་འགྱུར་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྒྲིག་འགལ་བཟའ་འཐུང་བཅོས་སྒྲིག་དང་མཉམ་འགུལ་གྱིས་ཆེད་དོན་བཅོས་སྒྲིག་བྱས་ནས།“སྔོན་ཆད་ཀྱི་ཆར་གུ་ཡངས་གཏོང་བ་དང་མ་འོངས་པར་ནན་མོ་བྱེད་པ། རང་རྟོགས་ཡོད་ན་གུ་ཡངས་གཏོང་བ་དང་ཞིབ་བཤེར་བྱས་ནས་རྩད་ཆོད་ན་ཆད་པ་ནན་མོ་གཅོད་པ”བཅས་ཀྱི་སྲིད་ཇུས་བྱེད་ཐབས་དང་། “བཀག་སྡོམ་བདུན”གྱི་སྒྲིག་ཁྲིམས་བླང་བྱ་གཞིར་བཟུང་སྟེ་ཕྱོགས་ཡོངས་ནས་རང་གི་སྐྱོན་ཆ་རང་གིས་ཞིབ་བཤེར་བྱེད་པ་དང་རང་གི་སྐྱོན་ཆ་རང་ཉིད་ཀྱིས་ཡོ་བསྲང་བྱེད་པ། རང་འགུལ་ངང་གཙང་བཤེར་དང་ཕྱིར་འཐེན་བྱེད་པའི་ལམ་སྲོལ་གྲུབ་པར་བྱས་ཡོད།
གནད་དོན་ལ་གཟས་ནས་གདོང་གཏོད་རྒྱུ་དང་འབྱུང་རྩ་ལ་གཟས་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྩ་ལག་མཉམ་བཅོས་བྱས་པ་ཡིན་ན། གཞི་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་གི་གནད་འཁེལ་རང་བཞིན་དང་ཕན་འབྲས་རང་བཞིན་མངོན་སུམ་སྒོས་ཇེ་མཐོར་གཏོང་ཐུབ།
མཚོ་སྔོན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་སྒོས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། མཛུབ་སྟོན་རེ་ཞུ་དང་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ནུས་ཤུགས་ཆེ་རུ་བཏང་ཡོད། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཟབ་སྤེལ་བཏང་ནས། གྱོད་དོན་སྒྲུབ་ཞོར་དང་ཡོ་བསྲང་བྱེད་ཞོར་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུས་བློ་མཐུན་ལིས་ཕིན་གྱི་གྱོད་གཞི་གསར་པའི་གྱོད་དཔེ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞི་བཟོ་རོགས་བྱས་ནས། དུག་གི་རྩ་བ་དྲུངས་ནས་འབྱིན་པ་དང་འབྱུང་རུང་གི་གནད་དོན་གཙང་སེལ་བྱས་ཏེ། ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་བཅོས་བྱས་ཡོད། ཨན་མུའུ་ལ་དང་ཝང་ཧྲན་ཆོན། ཆང་ཅན་ཧའེ། ཝེ་ཁྲེང་ཡུས་སོགས་ཀྱི་སྒྲིག་ཁྲིམས་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་དང་དེའི་བསླབ་བྱ་དང་ཉེན་བརྡ་གཏོང་རྒྱུའི་བརྡ་ཁྱབ་བཟོས་ནས་གྱོད་གཞིར་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། “རྩོམ་ཡིག་གི་ཕྱེད་ཕྱི་མའི ”ཆར་ཤུགས་སྣོན་དགོས། འབྲེལ་ཡོད་སྡེ་ཁག་གིས་མ་དངུལ་རྣམ་གྲངས་དོ་དམ་དང་བཟོ་སྐྲུན་རྣམ་གྲངས་ཀྱི་སུ་འཇོན་དེ་འགུགས་སོགས་རུལ་སུངས་འབྱུང་སླ་བའི་ཁྱབ་ཁོངས་འབུར་ཐོན་ཡོང་བར་སྐུལ་འདེད་བཏང་ནས། གནད་དོན་བཅོས་སྒྲིག་ནན་མོ་བྱེད་པ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།
ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་། ནད་བཅོས་དང་ལུས་སྟོབས་གཉིས་མཉམ་འདྲེས་བྱེད་དགོས། ལས་བྱེད་དོ་དམ་ལ་ལྟ་སྐུལ་ནན་མོ་བྱས་ཏེ། འགོ་ཁྲིད་ལས་བྱེད་པ་དྲུག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་ངོས་ནས། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་མུ་མཐུད་ཟབ་སྤེལ་གཏོང་བ་དང་། མི་འདེམས་དང་མི་སྤྱོད་ཆེད་དོན་ཞིབ་བཤེར་ལས་དོན་ཏན་ཏིག་ངང་སྤེལ་བ། ལས་བྱེད་པའི“ལྡོག་ཕྱོགས་ཀྱི་གསལ་ཐོའི”ཆ་འཕྲིན་རྩིས་ཐོ་ཡི་འགུལ་རྣམ་གསར་སྒྱུར་བྱས་ཏེ། འགོ་ཁྲིད་ལས་གནས་ནས་ཕྱིར་འཐེན་བྱས་པའི་ལས་བྱེད་པར་ཡང་བསྐྱར་ལས་གནས་བཀོད་སྒྲིག་དང་འགན་འཁྲི་གཏན་འཁེལ་བྱས་ནས། ལས་བྱེད་པའི་ཕྱོགས་ཡོངས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བྱས་ཡོད།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་ཡིན་ན། གཞི་ནས་ཏང་གི་ལུས་ཕུང་བདེ་ཐང་ཡོང་བར་འགན་ལེན་ཐུབ་ལ། གཞི་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་ཐུབ་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་གསལ་བོ་བྱས་ཡོད། སྐྱོད་ལམ་གསར་པའི་སྟེང་དུ་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཤུགས་མུ་མཐུད་ཟབ་སྤེལ་བཏང་ནས། གཟབ་ནན་གྱི་གཞི་གདངས་རྒྱུན་འཁྱོངས་དང་། གཟབ་ནན་གྱི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་བ། གཟབ་ནན་གྱི་མཁའ་དབུགས་སྔར་ལས་ཇེ་ལེགས་སུ་གཏོང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།