སློབ་སྦྱོང་གི་ཚ་རླབས་འཕྱུར་དུ་བཅུག་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
2025.03.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་ཐོག་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པའི་ཐད་འབད་བརྩོན་བྱེད་པ་དང་། ལག་བསྟར་དོན་འཁྱོལ་གྱི་ཐད་གཏམ་གླེང་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་བརྩོན་ལེན་བཅས་བྱས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་ནས། སྤྱི་ཚོགས་ཡོངས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མཉམ་དུ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་དངོས་འབེབ་བཟང་བོ་བྱས། བསམ་བློ་གཅིག་གྱུར་བྱས་ན་གཞི་ནས་བྱ་སྤྱོད་གཅིག་གྱུར་ཡོང་ཐུབ། བསམ་བློའི་ངོས་འཛིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བློ་གྲོས་སྟོབས་ཤུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མངོན་འགྱུར་བྱེད་པའི་དམིགས་འབེན་དང་ལས་འགན་སོ་སོའི་སྟེང་གཅིག་སྡུད་བྱས་ནས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ཧུར་ཐག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་ནང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་དོན་གལ་ཆེན་མང་པོ་ཞིག་ལ་འགྲེལ་བཤད་གཏིང་ཟབ་བྱས་ཡོད་པས། དེ་ལ་བསམ་བློའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན།《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་འདས་ཟིན་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་།    མིག་སྔར་འཕྲད་པའི་གནད་དོན་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། ལོ་གསར་པའི་བྱ་བ་སྣ་ཚོགས་ལ་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ནས། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་ནི་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་མཐོ་བ། ཡིད་ཆེས་བརྟན་པོ་དང་ལག་ལེན་ནན་ཏན་བཅས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་བློ་སྟོབས་ཆེན་པོས་ཡར་རྒྱས་ཡོང་བ་དང་དངོས་སྒྲུབ་དངོས་གཉེར་གྱི་གྲུབ་འབྲས་དང་ཕན་འབྲས་སུ་བསྒྱུར་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ལེགས་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པར་ཕྱོགས་ཡོངས་ནས་གོ་བ་ལེན་དགོས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་མཚོ་སྔོན་གྱི་འགན་འཁྲི་དང་ལས་འགན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་མགོ་རྩོམ་ས་དང་ཤུགས་རྒྱག་ས་ཡང་དག་པར་འཚོལ་ཞིབ་བྱས་ཏེ། སྔར་ལས་ཕུན་སུམ་ཚོགས་པའི་སྤྲོ་སེམས་དང་སྔར་ལས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་རྒྱུར་སྐུལ་འདེད་གཏོང་དགོས།

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ།  བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར་ཆེས་གལ་ཆེ་བ་ནི་བློ་རྩེ་གཅིག་སྒྲིལ་གྱིས་ང་ཚོ་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་རྒྱུ་དེ་རེད།     ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མགྱོགས་མྱུར་སྒོས་བྱ་སྤྱོད་སྤེལ་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བཀོད་སྒྲིག་དང་དམ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་དུ་འདྲེས་པར་བྱས་ཏེ། རི་ཆུ་ནགས་ཚལ། ཞིང་ས། མཚེའུ་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་པ་བརྒྱུད། མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ནན་ཏན་སྒོས་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཏང་གི་འཛུགས་སྐྲུན།    དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་བྱ་བ་སྣ་ཚོགས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་སེམས་ཤུགས་གཅིག་སྒྲིལ་དང་། དངོས་སྒྲུབ་དངོས་གཉེར། མཐུན་སྒྲིལ་འབད་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ང་ཚོས་སློབ་སྦྱོང་ཁྲོད་བསམ་བློ་གཅིག་གྱུར་དང་བློ་སྒྲིལ་སེམས་བསྐྱེད། འབད་འབུངས་ཡར་བརྩོན། མཐུན་སྒྲིལ་འབད་བརྩོན་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱེད་མཁན་དང་དངོས་སྒྲུབ་མཁན་ཡག་པོ་བྱས་ཏེ།    “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ནས།    “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་བཟང་པོ་རྩོམ་ཆེད་རྨང་གཞི་བརྟན་པོ་གཏོང་བ་དང་། ཧུར་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབྲི་དགོས།

ཤ་བོ་རིན་མཚོས་བསྒྱུར།