སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁི་སི་རིང་ལུགས་ཡིན་ཞིང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཉིང་བཅུད་ཡིན་ལ། མར་ཁི་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་བ་མངོན་འགྱུར་བྱས་ཡོད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་ཏེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་སེམས་འདུན་མཚོན་ཡོད་པས། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་དང་། ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན།
ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བ་མགོ་རྩོམ་པའི་སྐབས་སུ་བསྡུས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཐེངས་འདིའི་གྲོས་ཚོགས་ཀྱི་ཆབ་སྲིད་གྲུབ་འབྲས་གཙོ་བོ་ནི་ཏང་སེམས་དང་དམངས་སེམས། དུས་རབས་ཀྱི་རེ་བ་བཅས་ལ་བསྟུན་ནས། སྤྱི་བསྡོམས་ཀྱི་ཚུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་མི་རིགས་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཉིང་བཅུད་ཡིན་ལ། མར་ཁི་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་བ་ཞིག་ཡིན་པར་མ་ཟད། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་ནམ་རྒྱུན་མི་རིགས་བྱ་བར་མཐོང་ཆེན་བྱེད་ཅིང་། ལོ་ངོ་བརྒྱ་ལྷག་གི་རིང་ལ། ང་ཚོས་མར་ཁི་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་ཀྲུང་གོའི་མི་རིགས་གནད་དོན་གྱི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། གསར་གཏོད་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཞིག་བཏོད་ཡོད། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀྱིལ་སྙིང་ལས་འགན་མི་འདྲ་བ་དང་བསྟུན་ནས། མི་རིགས་བྱ་བའི་གཙོ་གནད་ཀྱང་ཅུང་མི་འདྲ་བར་མངོན། དམངས་གཙོ་གསར་བའི་རིང་ལུགས་ཀྱི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་དཀྱིལ་སྙིང་ལས་འགན་བཏོན་ཡོད་དེ། ཕྱི་ཕྱོགས་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན་ལས་ཐར་བར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྒེར་ཚུགས་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དང་། ནང་ཁུལ་ནས་མི་རིགས་ཀྱི་གཉའ་གནོན་དང་མི་རིགས་མཐོང་ཆུང་མེད་པར་བཏང་སྟེ་མི་རིགས་སོ་སོ་འདྲ་མཉམ་དང་མཐུན་སྒྲིལ། ཡར་ཐོན་བཅས་བརྩོན་ལེན་བྱས། ང་ཚོས་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁི་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་རང་རྒྱལ་གྱི་མི་རིགས་གནད་དོན་གྱི་བྱེ་བྲག་གི་དོན་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། མི་རིགས་སོ་སོར་མཐུན་སྒྲིལ་གང་ལེགས་བྱེད་པ་དང་གཅིག་གྱུར་གྱི་འཐབ་ཕྱོགས་བཙུགས་པ་དང་། གསར་བརྗེའི་ཆེས་མཇུག་མཐའི་རྒྱལ་ཁ་བླངས་ཏེ་ཀྲུང་གོ་གསར་བ་བཙུགས་ནས་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ། ང་ཚོའི་ཏང་གིས་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་སོ་སོ་མཉམ་དུ་དར་རྒྱས་སུ་འགྲོ་བ་བཅས་ནང་དོན་གཙོ་བོ་ཡིན་པའི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་ཏེ། མི་རིགས་བྱ་བའི་གཞི་རྩའི་ལམ་ལུགས་དང་སྲིད་ཇུས་རབ་དང་རིམ་པ་ཆགས་པར་བྱས་ཤིང་། མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ངེས་པ་དོན་གྱི་འདྲ་མཉམ་དང་མཐུན་སྒྲིལ། ཡར་ཐོན་བཅས་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་བཅོས་བསྒྱུར་མངོན་འགྱུར་བྱས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་བར། ང་ཚོས་ཏང་གི་འཕེལ་རྒྱས་གནད་དོན་དེ་མི་རིགས་གནད་དོན་གྱི་ནང་དོན་དུ་དྲངས་ཏེ། ནུབ་བརྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་གཏན་འབེབས་བྱས་ནས་ལག་བསྟར་བྱས་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་གཞི་རྩའི་ཆབ་སྲིད་ལམ་ལུགས་སུ་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་བར་མ་ཟད། རྒྱ་རིགས་གྲངས་ཉུང་མི་རིགས་དང་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་སོ་སོའི་བར་ཕན་ཚུན་འབྲལ་ཐབས་མེད་པ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་འཕེལ་རྒྱས་བརྩོན་པ་སོགས་ཀྱི་འདོད་བློ་གལ་ཆེན་བཏོན་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་བཏང་སྟེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནའ་དེང་གི་འགྱུར་ལྡོག་གཞིར་བཟུང་ཞིང་དུས་རབས་ཀྱི་གནས་བབ་ལ་ལྟ་ཞིབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ལ། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ལས་དོན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་བྱ་བ་དེ་སྔར་མེད་ཀྱི་ལོ་རྒྱུས་ཀྱི་མཐོ་ཚད་དུ་མཐོར་འདེགས་བཏང་བ་དང་། ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བསྟུད་མར་མདུན་ནས་མདུན་དུ་སྐུལ་འདེད་བཏང་། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཐེངས་གཉིས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་གསུམ་པ་བསྡུས་ལ། ཀྲུང་དབྱང་གི་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་དང་ཐེངས་གསུམ་པ་བསྡུས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པ་བསྡུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོགས་ནས་ཆེད་དོན་ཡིག་ཆ་གཏན་འབེབས་བྱས་ནས་བཏོན་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས། ཉིས་སྟོང་བཅུ་བཞི་ལོར། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་ནས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བོའི་རྒྱལ་ཁབ་ཡིན་པའི་གཞི་རྩའི་གནས་ཚུལ་དེ་གཏིང་ཟབ་པའི་སྒོ་ནས་རྒྱས་བཤད་བྱས་པ་དང་། མ་ལག་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་གྱི་གཞི་རྩའི་ནང་དོན་སྤྱི་བསྡོམས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཆོད་དོན་གལ་ཆེན་བཏོན་ནས་ཏང་གི་སྒྲིག་ཡིག་ནང་བྲིས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ནས་གྲོས་འཆམ་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ནང་དོན་ཁ་སྣོན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཞེས་པ་ཐོག་དང་པོར་རྩ་ཁྲིམས་ནང་བྲིས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནས་མི་རིགས་སོ་སོ་འདྲ་མཉམ་ཡིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པ་དེ་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་ཁྱད་སྟོབས་བཅུ་གསུམ་གྱི་གྲས་སུ་གཏན་འཁེལ་བྱས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཆོད་དོན་ལས་བསྟན་དོན། ཏང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་ཏུ་བྱས་ཏེ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིན་ཅང་སྐྱོང་བའི་ཐབས་ཇུས་གཏན་འཁེལ་བྱས་ནས། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གཅིག་ལོར། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ནས་ཏང་གི་ལོ་བརྒྱའི་མི་རིགས་བྱ་བའི་གཞུང་ལུགས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་དེ། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པར་བསྟན། ཉིས་སྟོང་ཉེར་གསུམ་ལོར། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་དགུ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་དང་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཀྱི་གཙོ་ཐིག་ཏུ་འཛིན་དགོས་པ་གསལ་བོར་ནན་བཤད་བྱས། ཉིས་སྟོང་ཉེར་བཞི་ལོའི་ཟླ་བདུན་པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན་ལས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་འདེད་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་པར་བསྟན། ཉིས་སྟོང་ཉེར་བཞི་ལོའི་ཟླ་དགུ་བར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ནས་དུས་རབས་གསར་བ་དང་བཞུད་ལམ་གསར་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱིའི་རེ་བ་གསལ་བོར་བཏོན།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། རིགས་སོ་སོའི་མང་ཚོགས་ཀྱི་རྣམ་པ་དང་མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱོང་ཡོད། ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་ཚང་དུ་བཏང་ནས། མི་རིགས་ས་ཁུལ་དེ་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་བྱས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བར་བསྐྱོད་པ་དང་། མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་སྔར་ལས་རྒྱ་ཁྱབ་གཏིང་ཟབ་ཏུ་སོང་ཡོད་ལ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་སོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྲ་བརྟན་དང་རྒྱ་བསྐྱེད་བྱས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཡིད་སེམས་མཐུན་པོས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་པ་དེ་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་རེ་འདུན་དུ་གྱུར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འདྲིལ་ཤུགས་དང་སེམས་ཤུགས་ལྡབ་འགྱུར་གྱིས་ཇེ་དྲག་ཏུ་སོང་། ལག་ལེན་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ནི་ལྷད་མེད་ཡང་དག་ཡིན་པ་ར་སྤྲོད་བྱུང་ཡོད། བགྲོད་ལམ་དེས་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་དང་སྤྱིའི་ཁེ་ཕན་དམིགས་སུ་བཟུང་སྟེ། ཚད་ཆེན་པོའི་སྒོ་ནས་མི་རིགས་སོ་སོ་གོང་བུ་གཅིག་ཏུ་སྒྲིལ་བ་དང་། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བ་མངོན་འགྱུར་བྱུང་ཡོད་པ་དང་། བགྲོད་ལམ་དེས་མི་རིགས་སོ་སོ་འདྲ་མཉམ་ཡོང་བ་རྒྱུན་འཁྱོངས་དང་མི་རིགས་ཀྱི་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱས་ཏེ། རིགས་སོ་སོའི་མི་དམངས་ལ་ངེས་དོན་དུ་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་ཐོབ་པ་དང་མཉམ་དུ་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱས་ཡོད་ལ། བགྲོད་ལམ་དེས་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་འབྲེལ་བ་དམ་འཛིན་བྱས་ཤིང་། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་བྱེད་པ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་དེ་ཁས་ལེན་གྱི་ཚད་སྔར་ལས་མཐོ་ཞིང་གོང་བུར་འདྲིལ་ཤུགས་ལྷག་ཏུ་ཆེ་བའི་ལས་སྐལ་གཅིག་མཐུན་ཚོགས་པར་འགྱུར་བར་སྐུལ་འདེད་བཏང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བའི་རྩ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པ་དང་། ཏང་ཡོངས་ཀྱི་སྲོག་ཤིང་དང་ཁ་ལོ་བསྒྱུར་བའི་སྣེ་ཁྲིད་པ་ཡིན་པར་རག་ལས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྒྱས་བཤད་གཏིང་ཟབ་པར་མངོན། དེའི་ཕྱོགས་གཙོ་བོར་མཚོན་ན་ངེས་པར་བཅུ་གཉིས་སུ་བསྡུས་ཆོག་སྟེ། ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་གནས་བབ་དམ་འཛིན་བྱེད་པ་དང་། ངེས་པར་དུ་མི་རིགས་སོ་སོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལས་འགན་གཙོ་བོར་བྱེད་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་དང་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཀྱི་གཙོ་ཐིག་ཏུ་འཛིན་དགོས། ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་མི་རིགས་སོ་སོ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེང་དགོས། ངེས་པར་དུ་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། ངེས་པར་དུ་མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ངེས་པར་དུ་ཏང་གིས་མི་རིགས་བྱ་བར་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
ངེས་པར་བཅུ་གཉིས་པོ་དེ་ལས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་གནས་བབ་རྒྱས་འགྲེལ་གཏིང་ཟབ་བྱས་ཡོད་ཅིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་མཐོ་ཚད་དང་རྒྱང་རིང་ལ་བསམ་བློ་གཏོང་བ་ནས་མགོ་བརྩམས་ཏེ། འཐབ་ཇུས་ངེས་གནས་དམ་འཛིན་བྱེད་པ་དང་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་གཅིག་འདོམ་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས་ཡོད་ལ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་རྒྱས་འགྲེལ་གཏིང་ཟབ་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དོན་སྙིང་གལ་ཆེན་ནས་མགོ་བརྩམས་ཏེ། ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། མི་རིགས་སོ་སོའི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས། དངོས་པོ་དང་བསམ་པོའི་འབྲེལ་བ་བཅས་ཡང་དག་པར་ཁོང་དུ་ཆུད་དགོས་པ་ནན་བཤད་བྱས་ཡོད། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལས་འགན་གཙོ་བོ་རྒྱས་འགྲེལ་གཏིང་ཟབ་བྱས་ཡོད་པ་དང་། མཉམ་དུ་འབད་འཐབ་བྱེད་པའི་དམིགས་འབེན་ལས་འགན་ནས་མགོ་བརྩམས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཡར་སྐུལ་བྱེད་པ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། མི་རིགས་སོ་ཁོངས་ཀྱི་ཉེན་ཁ་དང་རྐྱེན་ངན་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་སོགས་ལས་འགན་གཙོ་བོ་ནན་བཤད་བྱས་ཡོད། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་ཁག་ཐེག་རྒྱས་འགྲེལ་གཏིང་ཟབ་བྱས་ཡོད་པ་དང་། ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་ནས་མགོ་བརྩམས་ཏེ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་རྣམ་པ་ཆགས་པར་བྱེད་པ་དང་། དུས་རབས་གསར་བའི་མི་རིགས་ས་ཁུལ་དང་མི་རིགས་བྱ་བའི་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་དང་མི་རིགས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས་ཡོད། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ཚན་རིག་བྱེད་ཐབས་རྒྱས་འགྲེལ་གཏིང་ཟབ་བྱས་ཡོད་པ་དང་། མི་རིགས་བྱ་བའི་ཆོས་ཉིད་ནས་མགོ་བརྩམས་ཏེ། དངོས་ཐོག་བདེན་འཚོལ་དང་བདེན་སྲུང་གསར་གཏོད་བྱེད་དགོས་པར་མ་ཟད། སེམས་ཆུང་བརྟན་འཕེལ་དང་རྒྱུན་མཐུད་ཤུགས་འདོན་བྱེད་དགོས་པ་ནན་བཤད་བྱས་ཡོད།
ངེས་པར་བཅུ་གཉིས་པོ་དེ་ནི་ལོ་རྒྱུས་དང་དངོས་ཡོད་གཅིག་ཏུ་སྦྲེལ་བ་དང་། རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་འབྲེལ་བ། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་གཟབ་ནན་གྱི་གཏན་ཚིགས་ཤིག་དང་མ་ལག་འཐུས་ཚང་ཡིན་པའི་ཕུང་བོ་ཞིག་ཡིན་ལ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བས་ལངས་ཕྱོགས་ཅི་འདྲ་འཛིན་པ་དང་ལམ་གང་དུ་བསྐྱོད་པའི་གཞི་རྩའི་རང་བཞིན་གྱི་གནད་དོན་ལ་ལན་གསལ་བོ་བཏབ་ཡོད་པ་དང་། ཏང་གི་རྒྱལ་སྐྱོང་འཐབ་ཇུས་དེ་མི་རིགས་བྱ་བའི་ཁྱབ་ཁོངས་སུ་གཅིག་བསྡུས་ཀྱིས་མངོན་པ་ཡིན་ལ། ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཀྱི་གཅིག་རྒྱུན་གཅིག་འཛིན་སྲུང་འཛིན་བྱས་ཡོད་པར་མ་ཟད། མི་རིགས་བྱ་བའི་གནས་བབ་དང་ལས་འགན་ལ་གཞིགས་པའི་འཕེལ་རྒྱས་འགྱུར་ལྡོག་དང་མཐུན་པར་བྱས་ཡོད། རང་རྒྱལ་གྱི་ལོ་རྒྱུས་སྟེང་མི་རིགས་ལས་དོན་བཅོས་སྐྱོང་གི་ཉམས་མྱོང་རྩ་ཆེན་ལ་སྤྱི་བསྡོམས་བྱས་ཡོད་པར་མ་ཟད། འཛམ་གླིང་ཁྱབ་ཁོངས་སུ་མི་རིགས་གནད་དོན་ཐག་གཅོད་བྱས་པའི་ཉམས་མྱོང་དང་བསླབ་བྱ་བཟང་བོར་དཔེར་ལེན་བྱས་ཡོད། མི་རིགས་གནད་དོན་གྱི་ངོས་འཛིན་ལ་ལྟ་ཞིབ་བྱེད་དགོས་པར་མ་ཟད་མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་བྱེད་ཐབས་ཀྱང་གླེང་ཡོད། ང་ཚོའི་ཏང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པའི་གྲུབ་འབྲས་གལ་ཆེན་ཡིན་པར་མ་ཟད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པར་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། གཞུང་ལུགས་རང་བཞིན་བཅས་དྲག་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སྙིང་དོན་གཙོ་བོ་དང་དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་རེ་བ་བཅས་ལ་གོ་བ་ཟབ་མོ་བླངས་ནས། ཟོལ་མེད་ཀྱིས་འཐུས་ཚང་ཞིང་ཡང་དག་ཡིན་ལ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གཞུང་ལུགས་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་ལྡན་ཞིང་། བབ་བསྟུན་མདུན་སྐྱོད་ནི་མར་ཁི་སི་རིང་ལུགས་ཀྱི་གཞུང་ལུགས་ངོ་བོ་ཡིན་པ་དང་། ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ལ་དུས་རྟག་དུ་གསོན་ཤུགས་རྒྱས་པའི་གནད་འགག་ཡིན། དགོངས་པ་གལ་ཆེན་དེས་མར་ཁི་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་ཆོས་ཉིད་དང་ནང་གི་སྒུལ་ཤུགས། མ་འོངས་པའི་འཕེལ་ཕྱོགས་བཅས་ལ་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད་ལ། མར་ཁི་སི་རིང་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོའི་གཞུང་ལུགས་འབྱུང་རྩ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བྱས་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིས་ནམ་རྒྱུན་འཛིན་པའི་བསམ་བློའི་འདོད་བློའི་རྒྱུན་བསྐྱངས་ནས། ཆོད་དོན་གལ་ཆེན་གསར་བ་དང་གཞུང་ལུགས་གནད་བསྡུས་གསར་བ། འཐབ་ཇུས་བཀོད་སྒྲིག་གསར་བ་བཅས་རབ་དང་རིམ་པ་བཏོན་ཡོད་པས། ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་རྣམ་པ། ཀྲུང་གོའི་གཟི་ཉམས་བཅས་ལྡན་པའི་གཞུང་ལུགས་གྲུབ་འབྲས་ཀྱིས་ང་ཚོའི་ཏང་གི་མི་རིགས་གནད་དོན་དང་མི་རིགས་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ཡོད་པར་མ་ཟད། མར་ཁི་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་པའི་འཁོར་ཕྱོགས་གསར་འབྱེད་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སྟོབས་དང་ལྡན་པའི་ལག་ལེན་མཛུབ་སྟོན་ནུས་པ་ལྡན། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་འཚོལ་ཞིབ་གང་ལེགས་བྱས་ཡོད། བགྲོད་ལམ་དེ་ཐོབ་སླ་བ་ཞིག་ཡིན་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་ཡུན་རིང་བོའི་འབད་འཐབ་ཁྲོད་བྱུང་ཞིང་འཕེལ་རྒྱས་བྱུང་བ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བཏང་བའི་རྨང་གཞིའི་སྟེང་། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་གནད་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ལྡན་པའི་བྱ་བ་ཞིག་ཏུ་བྱས་པ་དང་། ལག་ལེན་རེ་བ་གསར་བ་བཏོན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དེར་དུས་རབས་ཀྱི་ནང་དོན་གསར་བ་བསྩལ། དགོངས་པ་གལ་ཆེན་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་སོགས་ཁྱབ་ཁོངས་སོ་སོར་བརྒྱུས་ཡོད་པ་དང་། དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་བ་དང་ལག་ལེན་གསར་བ་གཞིར་བཟུང་ནས་ཏང་གི་མི་རིགས་བྱ་བར་ཕྱོགས་ཡོངས་ནས་གཞུང་ལུགས་གནད་བསྡུས་དང་འཐབ་ཇུས་མཛུབ་སྟོན་བྱས་ཡོད། མི་རིགས་བྱ་བའི་ཕྱོགས་སོ་སོར་དམ་དུ་འབྲེལ་ཡོད་ལ། དེ་ནི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་མཚོན་ཆ་སྟོབས་དང་ལྡན་པ་ཞིག་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད། ལོ་ངོ་བརྒྱ་ཕྲག་ལྷག་གི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་བསམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་བྱས་པར་མ་ཟད། མིའི་རིགས་ཀྱི་གོང་འཕེལ་དང་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་ཆེན་མོའང་བརྩོན་ལེན་བྱས་ཏེ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་བསྒྱུར་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་རྣམ་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། འཛམ་གླིང་སྟེང་རྒྱལ་ཁབ་མང་ཆེ་བ་ནི་མི་རིགས་མང་བའི་རྒྱལ་ཁབ་ཡིན་པ་དང་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པ་ནི་འཛམ་གླིང་རང་བཞིན་གྱི་བཅོས་སྐྱོང་དཀའ་གནད་ཅིག་ཡིན། མི་རིགས་ཡོད་ན་མི་རིགས་ཀྱི་གནད་དོན་ཡོད་སྲིད་ལ། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཡོད། མི་རིགས་གནད་དོན་ཡོད་པ་ནི་དུས་ཡུན་རིང་བོའི་ལོ་རྒྱུས་སྣང་ཚུལ་ཅིག་ཡིན་པ་དང་། དེ་བཞིན་དུ་མི་རིགས་གནད་དོན་ཐག་གཅོད་བྱེད་པ་དེ་ཡང་དུས་ཡུན་རིང་བོའི་ལོ་རྒྱུས་བརྒྱུད་རིམ་ཅིག་ཡིན། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པ་དག་དང་བསྡུར་ན། རང་རྒྱལ་གྱིས་མི་རིགས་བྱ་བ་བསྒྲུབ་པ་ཆེས་བཟང་བར་མངོན། དེང་སྐབས་ཀྱི་འཛམ་གླིང་དེ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ལ་འཕྲད་ཡོད་ཅིང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་སོགས་ཀྱི་བསམ་བློ་མགོ་འབུས་བྱུང་ནས་རྒྱ་ཡན་དུ་འགྲོ་བཞིན་ཡོད་པ་དང་། མི་རིགས་གནད་དོན་གྱིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དགོངས་པ་གལ་ཆེན་དེ་ལས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་པ་དང་། དུས་རབས་ཀྱི་གླེང་གཞིར་ཨ་ལན་བྱིན་པ་དང་བསམ་གཞིགས་ཡང་ཡང་བཏང་སྟེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མི་རིགས་གནད་དོན་ཐག་གཅོད་བྱེད་པ་དང་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་འཛམ་གླིང་ཡོངས་ཀྱི་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཆེ་ཕྱོགས་ཀྱི་གནས་བབ་འོག་བྱུང་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་སོང་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། འབྱོར་ཕྱུག་ཅན་ནས་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་མཆོང་བསྐྱོད་ཁྲོད་བྱུང་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་སོང་བ་ཡིན། མི་རིགས་བྱ་བས་ཡང་དག་ཅིང་དུས་ཡོལ་ལེགས་སྒྲིག་བྱས་ནས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བའི་བརྒྱུད་རིམ་ཁྲོད་བྱུང་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་སོང་བ་ཡིན། ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ལ་འབྲེལ་བའི་སྒོ་འབྱེད་ཀྱི་བསམ་བློའི་མ་ལག་ཅིག་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་གླེང་གཞི་གསར་བ་བཏོན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་ཐོབ་ཡོད། དགོངས་པ་གལ་ཆེན་དེ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དང་བསྟུན་ནས་མུ་མཐུད་མདུན་བསྐྱོད་དང་འཕེལ་རྒྱས་སུ་སོང་སྟེ། སྔར་ལས་གཏིང་ཟབ་དང་འཐུས་ཚང་དུ་འགྱུར་སྲིད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དེ་སྔར་ལས་ཁོད་ཡངས་སུ་འགྱུར་བར་སྐུལ་འདེད་གཏོང་ཐུབ།
ང་ཚོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་རླབས་ཆེན་གྲུབ་འབྲས་གསར་བསྐྲུན་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འབར་བའི་གྲུབ་འབྲས་གསར་བའང་ལེན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ན། མི་རིགས་སོ་སོས་ལག་རྡང་སྦྲེལ་ཞིང་དཔུང་བ་མཉམ་གཤིབ་ཀྱིས་མཉམ་དུ་འབད་འཐབ་བརྩོན་ལེན་བྱེད་དགོས། ང་ཚོས་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྔར་ལས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཤུགས་སྣོན་བྱས་ཏེ། དུས་རབས་གསར་བ་དང་བཞུད་ལམ་གསར་བའི་སྟེང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་དགོས།
ལེའུ་དང་པོ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཀྱི་གནས་བབ་ཁོང་དུ་ཆུད་པར་བྱེད་དགོས།
གཅིག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན།
ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་གི་རིག་གནས་ཀྱི་ལོ་རྒྱུས་ཡོད་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཞིང་། འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་རིག་གསར་སྐྲུན་བྱས་ལ། དུས་ཡུན་རིང་བོར་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད། མིང་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་སྒོ་བཅད་རྒྱལ་སྡོམ་གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཕྱིས་སུ་བཟོ་ལས་གསར་བརྗེ་དང་ཚན་རྩལ་གསར་བརྗེའི་གོ་སྐབས་ཡང་ཤོར་ལ། ཀྲུང་གོ་ནང་ཁུལ་གྱི་འགལ་བ་དང་ནུབ་ཕྱོགས་དེང་རབས་ཅན་གྱི་རླབས་རྒྱུན་གྱིས་ཕོག་ཐུག་འོག་རིམ་བཞིན་ཉམས་རྒུད་དུ་ཕྱིན། ཉལ་ཐའི་དམག་འཁྲུག་རྗེས་སུ། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་རུལ་སུངས་ཀྱི་དབང་གིས། ཀྲུང་གོ་རིམ་པ་བཞིན་དུ་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་མའི་སྤྱི་ཚོགས་ཀྱི་མུན་ནག་གི་ཀློང་དུ་ལྷུང་ནས་རྒྱལ་ཁབ་ལ་བརྙས་བཅོས་ཐེབས་པ་དང་། མི་དམངས་ལ་ཆག་སྒོ་བྱུང་ཞིང་། རིག་གནས་ལ་གནོད་འཚེ་ཐེབས་ལ། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་བའི་གོད་ཆག་བྱུང་། དུས་དེ་ནས་བཟུང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་དུ་གྱུར་ཡོད།
རླབས་ཆེན་གྱི་ཕུགས་འདུན་འདི་མངོན་འགྱུར་བྱ་ཆེད། ཀྲུང་གོ་མི་དམངས་དང་སྤྱོད་བཟང་འདུན་ཆེའི་མི་སྣ་མང་པོས་དཀའ་སྡུག་ཚད་མེད་ཀྱི་འཚོལ་ཞིབ་དང་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་བྱས། ཞི་བདེ་གནམ་རྒྱལ་ལས་འགུལ་དང་། ཕྱི་ལུགས་གཉེར་བའི་ལས་འགུལ། ས་ཁྱི་ལོའི་ལུགས་བསྒྱུར། དབྱི་ཧོ་ཐོན་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ་བཅས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། རྒྱལ་སྐྱོབ་ཇུས་གཞི་སྣ་ཚོགས་རེས་མོས་སྒོས་ཕྱིར་བཏོན་ན་ཡང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཉམ་ཐག་པའི་ལས་དབང་བསྒྱུར་མ་ཐུབ། ཟླ་བཅུ་པའི་གསར་བརྗེའི་སྒྱོགས་སྒྲས། ཀྲུང་གོར་མར་ཁེ་སི་ལའེ་ཉིང་རིང་ལུགས་བསྐྱལ་ཡོང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་རྟོགས་སད་ཁྲོད་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱས་པའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་དུས་དང་བསྟུན་ནས་བྱུང་བ་རེད། དེ་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་བརྩོན་ལེན་བྱེད་པའི་འཐབ་རྩོད་ཐད་ནས་སྲོག་ཤིང་ཡོད་པ་དང་། ཀྲུང་གོ་མི་དམངས་བསམ་པའི་སྟེང་ནས་གཞན་དབང་ནས་རང་འགུལ་ཅན་དུ་གྱུར།
ཀྲུང་གོ་གུང་ཁྲན་ཏང་བཙུགས་མ་ཐག གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཏང་གི་ཆེས་མཐོ་བའི་ཕུགས་བསམ་དང་མཐའ་མཇུག་གི་དམིགས་འབེན་དུ་བརྩིས་ཏེ། འཛེམ་དོགས་དང་ཐེ་ཚོམ་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར། 2021ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་བསྟན་དོན། ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པའི་འབད་འཐབ་ཡོད་ཚད་དང་། བློས་གཏོང་ཡོད་ཚད། གསར་གཏོད་ཡོད་ཚད། མདོར་བསྡུས་བྱས་ན་བརྗོད་བྱ་གཅིག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞེས་བསྟན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད། ང་ཚོ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར། བཙན་རྒྱལ་རིང་ལུགས་དང་བཀད་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་པ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་གྲུབ་བྱུང་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། ཀྲུང་གོ་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་ཆབ་སྲིད་ནས་མི་དམངས་དམངས་གཙོའི་འཕུར་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་། ང་ཚོ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ལ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལེགས་གྲུབ་བྱུང་ཞིང་། དབུལ་ཕོངས་དང་མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་བསྐྱོད་པའི་རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱས། ང་ཚོ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་བློ་བརྟན་ཡར་བརྩོན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་ཤིང་། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་འབྱེད་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་རྒྱུན་འཁྱོངས། སྲུང་སྐྱོབ་བྱས་པ་དང་འཕེལ་རྒྱས་སུ་བཏང་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་རང་བཞིན་ལ་སྐུལ་སྤེལ་བྱས་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་ཞིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་བཏང་བ་མ་ཟད། ཀྲུང་ཧྭ་མི་རིགས་ཡར་ལངས་བ་ནས་ཕྱུག་པོར་འགྱུར་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་ལ་སྐུལ་འདེད་བཏང་། ང་ཚོ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རང་རྟོན་རང་སྤེལ་དང་བདེན་སྲུང་གསར་གཏོད་བྱས་པ་དང་། “གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་བྱས་ཤིང་། “ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ་དང་། ཉེན་ཁ་དང་འགྲན་རྩོད་གལ་ཆེན་རབ་དང་རིམ་པ་ལས་རྒྱལ་ལ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བསྐྱོད་ལམ་གསར་བར་ཞུགས་ལ། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་གྱི་མཆོང་སྐྱོད་བསུས་བྱུང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལྷག་གི་རིང་ལ། རང་རྒྱལ་གྱི་མཁར་གྲོང་གི་ཕྱིའི་རྣམ་པ་དང་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ཡང་དག་རང་བཞིན་དང་ཁྱད་འཕགས་རང་བཞིན་ར་འཕྲོད་གང་ལེགས་བྱུང་། ཀྲུང་གོ་གུང་ཁྲན་ཏང་ལ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པའི་རྒྱུ་མཚན་ནི། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པས་རེད།
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་མི་རིགས་སོ་སོའི་ཐུན་མོང་གི་ཕུགས་འདུན་ཡིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་འཛུགས་སྐྱོང་བྱེད་པ་དང་། དེ་ནི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་དམིགས་འབེན་ཡང་ཡིན། བསམ་འདུན་དང་དམིགས་འབེན་འདི་མངོན་འགྱུར་བྱེད་ན། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད། རང་རྒྱལ་གྱི་མི་རིགས་ལྔ་བཅུ་ང་དྲུག་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་འདྲ་མཉམ་གྱི་ཁོངས་མི་ཡིན་ལ། མཉམ་དུ་ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པ། སུས་ཀྱང་སུ་དང་ཁ་འབྲལ་ཐབས་མེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གྲུབ་ཡོད།
གཉིས། རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་དུས་སྐབས་སུ་གནས།
དུས་རབས་གསར་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་ཐུག་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་པ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་བྱ་གཞག རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་པ་དང་། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ལ། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་སྤེལ་བཏང་བ་དང་། འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་བྱུང་བ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ལ། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས་། རང་བྱུང་ཁམས་སོགས་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ཐུབ་པ་དང་། ཡུན་རིང་བོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་སེལ་ལ། ཡུན་རིང་དང་འབྲེལ་བའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་པ་དང་། དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་བྱུང་བའི་ངོ་མཚར་ཆེན་པོ་གཉིས་མཐུད་འབྲི་བྱས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ནས་་སྐྱེས་སྟོབས་ཆེན་པོ་མངོན་ཡོང་། རླབས་ཆེན་གྱི་ཕུགས་འདུན་ནི་སྒུག་ན་མངོན་འགྱུར་བྱུང་བ་དང་བོས་ནས་ཡོང་བ་ཞིག་མིན་པར། འབད་བརྩོན་དངོས་སྒྲུབ་བྱས་པ་ལས་བྱུང་བ་ཡིན། ད་ལྟ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བསྡུ་གསོག་བྱས་པའི་ནུས་ཚད་ཆེན་པོ་ཕྱིར་མངོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་འགོག་ཐབས་བྲལ་བའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དམིགས་འབེན་དང་བར་ཐག་ཇི་ལྟར་ཉེ་ན། ང་ཚོས་དེ་བས་ཀྱང་ལྷོད་གཡེང་བྱེད་མི་རུང་བར་སྔར་ལས་འབད་བརྩོན་བྱེད་པ་དང་། ཤུགས་འདོན་སེམས་གཅིག་དང་མུ་མཐུད་འབད་བརྩོན་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ངེས་པར་དུ་མངོན་འགྱུར་བྱ་དགོས་ལ་མངོན་འགྱུར་ཡང་བྱེད་ཐུབ་ངེས།
མིག་སྔར། འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོ་ཅན་ལ་ལྡོག་པའི་བསམ་བློའི་རླབས་རྒྱུན་གྱི་མགོ་འབུར་གྱིན་ཡོད་ལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་སྒོས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ནུས་ཤུགས་ཞན་པ་དང་། ཆ་ཤས་ཀྱི་གདོང་གཏུག་དང་གཡོ་འགུལ་བྱུང་ཚད་ཀྱང་མང་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཤིང་། ཕྱི་ཕྱོགས་ནས་ཡོང་བའི་ཉེན་ཁ་དང་འགྲན་སློང་འགོ་མཇུག་བར་གསུམ་དུ་གནས་པ་མ་ཟད་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། རང་རྒྱལ་གྱི་བཅོས་བསྒྱུར་གོང་འཕེལ་དང་བརྟན་འཇགས་ཐད་ནས་གཏིང་ཟབ་པའི་འགལ་བ་མི་ཉུང་བར་འཕྲད་ཡོད་པ་དང་། ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་མཁྲེགས་འཛིན་རང་བཞིན་དང་མང་འབྱུང་རང་བཞིན་གྱི་གནད་དོན་མི་ཉུང་བ་འཕྲད་ཡོད། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས། ངེས་གཏན་མིན་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། ཁ་གཏད་འཇལ་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། འགོག་ཟོན་དང་ཐག་གཅོད་བྱེད་དགོས་པའི་འགལ་རྩོད་གནད་དོན་སྔར་ལས་ཛ་དྲག་ཡིན་པ་དང་རྙོག་འཛིང་ཆེ། ཏང་ཡོངས་ཀྱིས་འཐབ་ཇུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངེས་པར་རྒྱལ་བའི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ་མ་ཟད། སེམས་ཁྲལ་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རླུང་མཐོ་རླབས་འཚུབ་དང་ཐ་ན་རྦ་རླབས་དྲག་པོའི་ཚོད་བགམ་ཐེག་པར་གྲ་སྒྲིག་བྱེད་པ། མུ་མཐུད་དུ་དཀའ་ངལ་གཙང་སེལ་དང་ངར་སྐྱེད་མདུན་སྐྱོད་བྱས་ནས། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
གསུམ།མི་རིགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།
རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ལྷག་གི་རྒྱལ་ཁོངས་རྒྱ་ཁྱོན་ཁྲོད། མི་རིགས་རང་སྐྱོང་ས་གནས་བརྒྱ་དང་ལྔ་བཅུ་ང་ལྔ་ཡིས་བརྒྱ་ཆ་དྲུག་ཅུ་རེ་བཞི་ཟིན་པ་དང་། རྒྱལ་ཡོངས་ཀྱི་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་གི་ཁྲོད་དུ། གྲངས་ཉུང་མི་རིགས་དུང་ཕྱུར་གཅིག་ལྷག་ཡོད་པ་དང་། མི་འབོར་ཁྲི་སྟོང་ལས་བརྒལ་བའི་གྲངས་ཉུང་མི་རིགས་ལྔ་ཡོད་ལ། མི་འབོར་ཁྲི་སྟོང་མན་དང་ཁྲི་བརྒྱ་ཡན་གྱི་གྲངས་ཉུང་མི་རིགས་བཅུ་གསུམ་ཡོད། མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་རུ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་བརྒྱ་ཆ་དྲུག་ཅུ་ཙམ་བསྡད་ཡོད། མི་རིགས་ས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་གསོག་ཚད་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་ཞེ་བདུན་ཟིན་པ་དང་། རྩྭ་ཐང་གི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བདུན་ཅུ་དོན་ལྔ་ཟིན་ལ། ཆུ་ཤུགས་ཐོན་ཁུངས་གསོག་ཚད་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་དྲུག་ཅུ་དྲུག་ཟིན་པ་དང་། གཏེར་གསོག་ཐོན་ཁུངས་མང་ཆེ་བ་ཡང་མི་རིགས་ས་ཁུལ་དུ་གཅིག་སྡུད་བྱས་ཡོད། དེ་དང་ཆབས་ཅིག བལྟོས་བཅས་ཀྱིས་བཤད་ན། མི་རིགས་ས་ཁུལ་མང་ཆེ་བའི་རང་བྱུང་ཆ་རྐྱེན་ཞན་པ་དང་། འཕེལ་རྒྱས་ཀྱི་འགོ་ཚུགས་ས་དམའ་ལ། ལོ་རྒྱུས་ཀྱི་བུ་ལོན་མང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཀྱི་བར་ཐག་མངོན་གསལ་ཡིན་ལ། ཤར་རྒྱུད་ས་ཁུལ་བར་གྱི་འཕེལ་རྒྱས་ཀྱི་བར་ཐག་ཅུང་ཆེན་པོ་ཡོད། མདོར་བསྡུས་ན། མི་རིགས་ས་ཁུལ་ནི་རང་རྒྱལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དང་། ཆུའི་མ་ལག་གི་འབྱུང་ཁུངས་ཁུལ། སྐྱེ་ཁམས་འགོག་སྲུང་ཁུལ། རིག་གནས་ཁྱད་ལྡན་ཁུལ། མཐའ་མཚམས་ས་ཁུལ། དར་རྒྱས་མིན་པའི་ས་ཁུལ་བཅས་ཡིན། “ཁུལ”འདི་འདྲ་མང་པོ་གཅིག་ཏུ་འདུས་པ་དེས། མི་རིགས་བྱ་བས་ཏང་དང་རྒྱལ་ཁབ་བྱ་བའི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་གསལ་བཤད་བྱེད་ཐུབ།
མིག་སྔར། ཏང་གི་མི་རིགས་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པ་མངོན་ཡོད་པ་སྟེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ན་ཡང་། འཕེལ་རྒྱས་དོ་མཉམ་མིན་པ་དང་མི་འདང་བའི་གནད་དོན་སྔར་བཞིན་དུ་བལྟོས་བཅས་ཀྱིས་འབུར་དུ་ཐོན་པ་དང་། མི་རིགས་སོ་སོའི་མི་འབོར་འཁོར་རྒྱུག་ཆེན་པོ་དང་མཉམ་འདྲེས་ཆེན་པོའི་འཕེལ་ཕྱོགས་རྒྱུན་མ་ཆད་པར་ཇེ་བཟང་དུ་འགྲོ་བཞིན་ཡོད་ན་ཡང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་གནོད་བྱེད་པའི་རྒྱུ་རྐྱེན་སྔར་བཞིན་དུ་རྙོག་འཛིང་ཆེ་ཞིང་སྣ་ཁ་མང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་རྒྱུན་མ་ཆད་པར་སྲ་བརྟན་དུ་གྱུར་ན་ཡང་། མི་རིགས་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཐད་ཀྱི་འཐབ་རྩོད་སྔར་བཞིན་རྣོ་ངར་ཆེ་ཞིང་རྙོག་འཛིང་ཆེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ན་ཡང་། རྒྱལ་ཁབ་ཁ་ཤས་ཀྱིས“མི་རིགས་ཀྱི་གནད་དོན”ཞེས་པ་བེད་སྤྱད་དེ་རང་རྒྱལ་ལ་བཀག་འགོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས། མཐའ་མཚམས་ཀྱི་ཡུན་རིང་བརྟན་འཇགས་མངོན་འགྱུར་བྱེད་པའི་ལས་འགན་སྔར་བཞིན་ཧ་ཅང་ལྕི། མི་རིགས་བྱ་བ་ལེགས་པར་བསྒྲུབ་རྒྱུ་དེ། མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བར་འབྲེལ་བ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་འགོ་ཚུགས་ས་དང་རྐང་འཛུགས་བར་བརྩིས་ནས། འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་ཆུད་པར་བྱེད་པ་དང་། བློ་རིག་གསལ་བོ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་གདོང་གིས་བསུས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་དགོས།
བཞི།དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་མཛུབ་ཁྲིད་བསམ་བློ་དང་དམིགས་འབེན་ལས་འགན།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་ལག་བསྟར་བྱེད་པ། རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་དུས་སྐབས་སུ་གནས་པ་ནི་ད་ལྟའི་དུས་རིམ་གྱི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཀྱི་ཕྱོགས་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་མཐུན་ཚོགས་པ་ཇེ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ། ཏང་གི་མི་རིགས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། བརྟན་ཐོག་ཡར་འཕེལ་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་པ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞི་འཛུགས་པ། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་རིགས་སོ་སོའི་བར་གྱི་རྒྱ་ཁྱབ་འགྲོ་འོང་དང་ཕྱོགས་ཡོངས་བརྗེ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་བཟང་བོར་བཤད་པ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་ཐག་གཅོད་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅའ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། ཏང་གི་མི་རིགས་བྱ་བའི་དམིགས་འབེན་ལས་འགན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་མི་སེམས་སུ་འཇགས་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་ཀྱི་ངོས་འཛིན་སྔར་ལས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་མངོན་གསལ་སྒོས་ཇེ་བརྟན་དུ་གཏོང་རྒྱུ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྤེལ་ནས། རིགས་སོ་སོའི་མི་དམངས་མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་གོམ་སྟབས་བརྟན་པོ་བསྒྱུར། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་རྒྱ་ཆེ་ཞིང་གཏིང་ཟབ་པར་རྒྱ་སྐྱེད་པ་དང་། ཏང་གི་མི་རིགས་བྱ་བའི་འགོ་ཁྲིད་ཐད་ཀྱི་སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་རྒྱུ་བཅས་ཡིན།
ལེའུ་གཉིས་པ།ངེས་པར་དུ་མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལས་འགན་གལ་ཆེན་དུ་བརྩི་དགོས།
གཅིགཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ངེས་པར་དུ་མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལས་འགན་གལ་ཆེན་དུ་བརྩི་དགོས་ཞེས་བསྟན་ཡོད། ང་ཚོས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱ་དགོས། མི་རིགས་སོ་སོའི་ཐུན་མོང་གི་དར་རྒྱས་གོང་འཕེལ་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ། རིགས་སོ་སོའི་མི་དམངས་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དང་གཟི་བརྗིད་མཉམ་སྤྱོད་བྱེད་དུ་འཇུག་དགོས།
མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་མ་བྱས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་དཀའ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་སྤྱི་ཡོངས་ནས་དེང་རབས་ཅན་དུ་བསྐྱོད་པ་དང་། གཞི་ཁྱོན་ད་ལྟའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་འབོར་གྱི་བསྡོམས་གྲངས་ལས་བརྒལ་ལ། དཀའ་ཁག་རང་བཞིན་དང་རྙོག་འཛིང་རང་བཞིན་སྔ་ན་མེད་པ་ཡོད། མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་མ་བྱས་ན། དེང་རབས་ཅན་མངོན་འགྱུར་བྱེད་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པའི་ངེས་བརྒྱུད་ལམ་བུ་ཡིན་ཞེས་ཟབ་མོར་བསྟན་ཡོད་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེང་ནས། མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ། དུས་རབས་གསར་བའི་བསྐྱོད་ལམ་གསར་པའི་མི་རིགས་བྱ་བའི་ལས་འགན་གལ་ཆེན་དུ་བརྩི་དགོས། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་སེམས་དང་བློ་རྩེ་གཅིག་སྒྲིག་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པར་བྱས་ན། ང་ཚོས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ཁྱད་སེལ་བྱེད་ཐུབ་པ་དང་། མི་རྣམས་ཀྱིས་ཡིད་དབང་འཕྲོག་པའི་ངོ་མཚར་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་ཐུབ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོས་མཉམ་དུ་སྐྱེད་སྲིང་བྱས་པའི་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ། འབད་འཐབ་དམིགས་འབེན་གཏན་ཁེལ་བྱེད་པར་དམིགས་ནས་ཆེས་སྲ་བརྟན་གྱི་མཐུན་སྒྲིལ་ཆགས་པར་བྱེད་པ། མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་ཆེས་ནུས་ལྡན་གྱི་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་ཧུར་ཐག་བྱ་དགོས།
མི་རིགས་སོ་སོའི་ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་མ་བྱུང་ན་ཡང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་། ཁྱིམ་མི་ཚང་མས་འཚོ་བ་བཟང་པོ་འཚོ་བ་རོལ་ཐུབ་པར་བྱེད་དགོས། དབུལ་ཐར་དང་ཕྱོགས་ཡོངས་འབྱོར་འབྲིང་། དེང་རབས་ཅན་བཅས་ཀྱི་ཐད་ནས་མི་རིགས་གཅིག་ཀྱང་ཉུང་མི་རུང་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་ཐད་ནས་མི་རིགས་གཅིག་ཀྱང་མེད་མི་རུང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་རིགས་སོ་སོའི་མང་ཚོགས་ཀྱིས་འབད་འཐབ་ལྷོད་མེད་འོག མི་རིགས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་ཕྱོགས་ཡོངས་ཀྱི་རྒྱལ་ཁ་བླངས་པ་དང་། དབུལ་ཕོངས་མི་འབོར་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་གཉིས་ཁྲི་གཅིག་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། མི་རིགས་རང་སྐྱོང་ས་ཆའི་དབུལ་ཕོངས་རྫོང་བཞི་བརྒྱ་དང་ཉི་ཤུ་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ལ། མི་འབོར་ཅུང་ཉུང་བའི་མི་རིགས་ཉི་ཤུ་རྩ་བརྒྱད་ཡོད་པ་ཐམས་ཅད་དབུལ་ཐར་བྱུང་། མི་རིགས་ལྔ་བཅུ་ང་དྲུག་མཉམ་དུ་ཐོག་ཕྱོགས་ཡོངས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ་དང་། སྙིང་སྟོབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་གསར་པ་རུ་མདུན་སྐྱོད་བྱེད་ཀྱིན་ཡོད། དུས་མཚུངས་སུ། ལོ་རྒྱུས་དང་རང་བྱུང་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བལྟོས་བཅས་ཀྱིས་ཅུང་ཞན་པ་དང་། ཐོན་ལས་གྲུབ་ཚུལ་ལུགས་མཐུན་མིན་ལ། མཁར་གྲོང་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་། ཚོབ་ར་འཚར་སྐྱེ་བྱེད་ཚད་བལྟོས་བཅས་ཀྱིས་ཅུང་དམའ་ཞིང་། སྤྱི་ཚོགས་ལས་དོན་གྱི་བུན་ཆད་ཅུང་མང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པའི་ལས་འགན་ཅུང་ལྕི་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚུལ་སྒྱུར་ལས་འགན་ཧ་ཅང་ལྕི། ང་ཚོས་མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་དམིགས་འབེན་དུ་བྱས་ནས། མི་རིགས་སོ་སོ་དུས་རབས་ཀྱི་རྗེས་སུ་འབྲངས་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་དུ་བཏང་སྟེ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་ཞུགས་པའི་བསྐྱོད་ལམ་སྟེང་སྐྱིད་སྡུག་མཉམ་མྱོང་དང་གང་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས།
གཉིས།མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་།འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་བར་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།
མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་དེང་རབས་ཅན་གྱི་རྨང་གཞི་ཡིན་པས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། བསྒྱུར་བཅོས་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མངོན་པར་བྱེད་པའི་དོན་སྙིང་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་ཚིས་ལེགས་བསྒྱུར་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་སྤྲོད་གནང་བྱེད་དགོས།
མི་རིགས་ས་ཁུལ་དེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་དགོས། མི་རིགས་ས་ཁུལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མགྱོགས་མྱུར་ངང་འདྲེས་པར་རྒྱབ་སྐྱོར་བྱེད་པ་དང་། ས་ཁུལ་སོ་སོས་དཔལ་འབྱོར་ཐད་ནས་་སྔར་ལས་དམ་སྦྲེལ་བྱེད་པ་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་ཆ་རྐྱེན། ཞིབ་བསྡུར་དགེ་མཚན་སོགས་ཀྱི་གནས་ཚུལ་དངོས་ལ་རྐང་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྐང་འཛུགས་ས་དང་ཟུང་འབྲེལ་གནས། ཤུགས་འདོན་ས་འཚོལ་བ། རང་འགུལ་གྱིས་རྒྱལ་ཡོངས་དང་རང་ས་ཁུལ་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཁྲོད་འདྲེས་པར་བྱེད་པ། རང་འགུལ་གྱིས“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དང་ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་དང་སྦྲེལ་མཐུད་བྱ་དགོས། རྒྱལ་ཁབ་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། ཐོན་ལས་གླིང་ཁུལ་མཉམ་སྐྲུན་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་འོས་འཚམ་ཐོན་ལས་སྤོ་སྒྱུར་བྱེད་པ། དེང་རབས་ཟོག་སྐྱེལ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཚོང་རྫས་དང་རྒྱུ་རྐྱེན་གཙོ་བོའི་ཚོང་ར་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སུ་སྔར་ལས་ལེགས་པར་འདྲེས་པར་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། ཚོང་རའི་གཙོ་གཞི་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས། ཁེ་ལས་ཆེ་འབྲིང་ཆུང་ཕྲན་དང་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་མང་གིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ལས་ཞུགས་ཁ་སྣོན་བྱེད་པ། དམངས་ཚིས་ལེགས་བསྒྱུར་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། མི་རིགས་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དེ། ནང་སོག་གིས་བྱང་ཕྱོགས་སུ་སྒོ་འབྱེད་བྱེད་པའི་ཟམ་ཁའི་བཙན་རྫོང་འཛུགས་སྐྲུན་བྱེད་པ་དང་། ཀོང་ཞིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཁ་གཏད་པའི་སྒོ་འབྱེད་མཉམ་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ། བོད་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་འབྱེད་ཀྱི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པ། ཉིང་ཞ་ཡིས་སྐམ་སའི་དབུས་ཁུལ་སྒོ་འབྱེད་རིགས་ཀྱི་དཔལ་འབྱོར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ། ཞིན་ཅང་གིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་ཁུལ་ལྟེ་གནས་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་དགོས།
མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་དང་། ཁྱད་པར་ཅན་གྱི་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚད་གཞིས་ སྲོལ་རྒྱུན་ཐོན་ལས་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པ་མཐོ་རུ་གཏོང་བར་སྣེ་ཁྲིད་བྱས་ཏེ། ཁེ་ལས་ཀྱིས་གཞི་གྲངས་དང་ཤེས་རིག་ལག་རྩལ། ལྗང་མདོག་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་དེང་རབས་ཞིང་ལས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་སྨན་རྫས། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། དངོས་ཕུང་དཔལ་འབྱོར་དངོས་སྒྲུབ་དང་སྟོབས་ལྡན། ཇེ་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཞན་ཆར་དམིགས་ནས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་མི་འབོར་ལ་ཁྱབ་པའི་རྒྱུན་རྣམ་ཅན་གྱི་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་ཞན་པའི་ས་ཁུལ་རིམ་པ་དང་རིགས་དབྱེ་ནས་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་མངོན་འགྱུར་བྱ་དགོས། མི་གཞི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་གསར་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་བ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ། ཞིབ་ཚགས་དང་ཚགས་དམ་པའི་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚད་མཐོ་རུ་གཏོང་བ། བྱང་རྒྱུད་མཚོ་ཁུག་གྲོང་ཁྱེར་ཚོགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མཁར་སྔོན་པོ་དང་པའོ་ཐི། ཨུག་ཨར་ཏོ་སི། ཉིང་ཞའི་རྨ་ཆུའི་འབབ་རྒྱུད་དང་ཐེན་ཧྲན་རི་བོའི་བྱང་ངོས་སོགས་གྲོང་ཁྱེར་ཚོགས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ། ས་ཁོངས་ཀྱི་ལྟེ་གནས་གྲོང་ཁྱེར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གནད་འགག་གྲོང་ཁྱེར་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལེགས་བསྡུས་ནུས་ཆེ་དང་། གྲོན་ཆུང་སྤྱོད་ཐུབ། རིག་ནུས་ལྗང་མདོག བདེ་འཇགས་བློས་འགེལ་ཆོག་པ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་མ་ལག་འཛུགས་དགོས།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། འཁྱགས་ཀླུང་དང་གངས་ཐང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། ཐོན་སྐྱེད་འཕེལ་རྒྱས་དང། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གཏོད་དགོས། སྐྱེ་ཁམས་བདེ་འཇགས་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པ་དང་། རི་ཆུ་ནགས་ཚལ་དང་ས་ཞིང་མཚེའུ། རྩྭ་ཐང་བྱེ་མ། འཁྱགས་རོམ་བཅས་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁུལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་ཐོན་ཁུངས་རིགས་ཀྱི་ཁེ་ལས་ཚུལ་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དེ་སྤྱི་ཡོངས་ཀྱི་བཀོད་སྒྲིག་ནང་འཇོག་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་རིན་དོད་ལྡན་པའི་བེད་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པ་དང་། ཁྱད་པར་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔྱད་ཞིབ་དང་གདེང་འཇོག་བྱས་ཏེ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མ་རྩ་སྲུང་སྐྱོབ་ཡག་པོ་བྱེད་དགོས།
གསུམ། སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
དམངས་འཚོ་ནི་མི་དམངས་བདེ་སྐྱིད་ཀྱི་རྨང་གཞི་དང་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་མཐུན་པའི་རང་བཞིན་ཆེ་རུ་གཏོང་བ། དམངས་འདོད་དང་མཐུན་པ་དང་། དམངས་འཚོ་ལ་ཕན་པ། དམངས་སེམས་དྲོ་སྐྱིད་ཡོང་བ་བཅས་ཀྱི་དོན་དག་དངོས་མང་ཙམ་བསྒྲུབ་སྟེ། རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་བསྐང་དགོས། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་དམངས་འཚོ་འཛུགས་སྐྲུན་གྱི་མ་དངུལ་དེ་ལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་མི་རིགས་ས་ཁུལ་དུ་ཕྱོགས་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་དང་མ་དངུལ་ཀྱི་ཐད་ནས་དངུལ་གྱིས་སྣང་བརྙན་ལ་གཏོར་བརླག་བྱེད་མི་རུང་བར་མི་རིགས་ས་ཁུལ་གྱི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་དགོས།
ལས་ཞུགས་ནི་སྤྱི་ཚོགས་བརྟན་འཇགས་ཡོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། མི་ཞིག་ལས་ཞུགས་བྱེད་མ་ཐུབ་ན། སྤྱི་ཚོགས་སུ་འདྲེས་ཐབས་བྲལ་ལ། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་དཀའ། མི་རིགས་ས་ཁུལ་ལ་ལའི་ལས་ཞུགས་གནད་དོན་འབུར་ཐོན་ཡིན་པས། ངེས་པར་དུ་ལས་ཞུགས་སྔོན་ལ་རྒྱུན་འཁྱོངས་དང་། ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ལས་བརྒལ་བའི་ལས་ཞུགས་ལས་གཏོད་མཉམ་ལས་ལམ་སྲོལ་འཛུགས་པ། ལས་གཏོད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཕ་ཡུལ་དུ་ཕྱིར་ལོག་པའི་ལས་ཞུགས་ལས་གཏོད་པར་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་སོ་སོའི་འོས་ཚད་ལོ་ན་ལོན་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་གསོ་སྦྱོང་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་སྟེ་ལས་ཞུགས་རྩལ་ནུས་མཐོར་འདེགས་གཏོང་དགོས། མི་རིགས་ས་ཁུལ་དུ་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་སུ་གཏོང་བ་དང་། ལས་གཞི་གསར་སྤེལ་དང་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱེད་སྐབས་སུ་ཞིག་གིས་མ་དངུལ་བཏང་ཡང་ས་གནས་དེའི་མང་ཚོགས་ཀྱི་ལས་ཞུགས་ཚད་ཇེ་མང་དུ་གཏོང་བ་དང་། ས་གནས་དེའི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་དགོས།
སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་ཀྱང་ཡིན། མི་རིགས་ས་ཁུལ་གྱིས་མཐུན་སྒྲིལ་དང་འཕེལ་རྒྱས་དམ་འཛིན་བྱེད་པ་ཚང་མ་སློབ་གསོ་ཞེས་པའི་རྨང་གཞིའི་རང་བཞིན་གྱི་ལས་ཀ་དང་ཁ་འབྲལ་ཐབས་མེད། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ་དང་། མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཕན་ཡོད་ཤེས་ལྡན་མི་སྣ་དེ་ལས་མང་པོ་གསོ་སྐྱོང་བྱ་དགོས།
སློབ་གྲྭར་ཞུགས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། སློབ་ལོ་ལོན་པའི་བྱིས་པ་རྣམས་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་། སློབ་གྲྭར་འཚོ་བ་རོལ་བ། སློབ་གྲྭར་འཚར་ལོངས་འབྱུང་བ་བཅས་བྱེད་དུ་འཇུག་དགོས། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། མཐོ་རིམ་སློབ་དཀྱུས་མའི་སློབ་གསོ་མྱུར་དུ་ཁྱབ་གདལ་གཏོང་དགོས། ལས་རིགས་སློབ་གསོའི་བྱེད་ནུས་ཆེ་རུ་གཏོང་བ་དང་། འབྲིང་རིམ་ལས་རིགས་ཀྱི་རིན་མེད་སློབ་གསོ་རིམ་བཞིན་མངོན་འགྱུར་བྱེད་དགོས་པ་དང་། ལྷག་པར་དུ་ལས་ཞུགས་མ་བྱས་པའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མར་ལས་རིགས་ལག་རྩལ་གསོ་སྦྱོང་ལེགས་པོར་བྱས་ཏེ། ཁོ་ཚོར་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་ལས་ཞུགས་བྱེད་པའི་རྩལ་ནུས་ལྡན་པར་བྱེད་དགོས། ནང་ལོགས་ཀྱི་མཐོ་རིམ་སློབ་འབྲིང་འཛིན་གྲྭ་ཡག་པོར་གཉེར་ནས་མི་རིགས་ས་ཁུལ་ནས་ཡོང་བའི་སློབ་མ་དང་ས་གནས་དེའི་བྱིས་པས་ཕན་ཚུན་སློབ་སྦྱོང་དང་མཉམ་འདྲེས་བྱས་ནས་མཉམ་དུ་འཚར་ལོངས་འབྱུང་བར་བྱ་དགོས། མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ཚན་ཆེད་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། ཞིང་ལས་གསོ་རིག་སོགས་རིག་ཚན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
སྐུལ་སློང་སྲིད་ཇུས་གཏན་འབེབས་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་ལས་མང་པོ་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ཁྲོད་ཞུགས་པའི་ཡིད་དབང་འགུག་དགོས། “དངུལ་ལོ་སློབ་ཁྲིད་འཆར་གཞིའི”དགེ་རྒན་དང་འབུམ་རམས་ཕྱི་ཚར་དགེ་རྒན་གྱིས་མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭར་རོགས་རམ་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་དགོས། བྱང་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱས་ཏེ། ཆུ་ཚད་མཐོ་བའི་དགེ་འོས་སློབ་གྲྭའི་རིགས་ཀྱི་མཐོ་རིམ་སློབ་གྲྭས་མི་རིགས་ས་ཁུལ་ལ་ཁ་ཕྱོགས་པའི་སློབ་བསྡུ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དགེ་རྒན་གྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལ་གཞི་རྩའི་འགན་སྲུང་ཡོད་དགོས། མཐའ་མཚམས་དང་གྲོང་གསེབ་ཏུ་རྩ་བ་ཚུགས་པའི་དགེ་རྒན་ལ་སྔར་ལས་ལྷག་པའི་གཅེས་སྐྱོང་དང་གསོ་སྐྱོང་བྱ་དགོས། རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་ལ་ཕྱོགས་ནས་སྤྱོད་པར་དོ་སྣང་བྱ་དགོས།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་དང་འཁོར་ཡུན་ཡོངས་ཀྱི་བདེ་ཐང་མ་ལག་འཛུགས་དགོས། ནད་རིགས་ཚབས་ཆེན་སྔོན་འགོག་དང་། བདེ་ཐང་སློབ་གསོ། བུད་མེད་དང་བྱིས་པའི་བདེ་ཐང་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་ནས་འགོས་ནད་དང་། གཅོང་ནད། ས་གནས་རང་བཞིན་གྱི་ནད། ལས་རིགས་ཀྱི་ནད། ལྷན་སྐྱེས་ཀྱི་ནད། འཚར་སྐྱེ་བར་གེགས་སོགས་ཀྱི་ལྟ་ཞིབ་ཚད་ལེན་དང་། སྔོན་འགོག སྨན་བཅོས་བཅས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་ཕྱོགས་བསྡུས་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ཚན་ཞན་པ་དང་གཙོ་གནད་ནད་ཐོག་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ཁ་གཏད་རོགས་སྐྱོར་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མི་རིགས་སྨན་རྫས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། ནད་ཐོག་བཀོལ་སྤྱོད། ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས་སོགས་སྤྱི་ཚོགས་ འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་དགོས།
བཞི། དུས་རབས་གསར་པའི་མཐའ་མཚམས་བརྟན་ལྷིང་དང་དར་རྒྱས་ཡོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
རང་རྒྱལ་ནི་རྒྱལ་ཁབ་བཅུ་བཞི་དང་ས་མཚམས་འབྲེལ་ཞིང་། སྐམ་སའི་མཐའ་མཚམས་ཆེས་རིང་ཤོས་ཡིན་པ་སྟེ། སྤྱི་ལེ་ཁྲི་གཉིས་དང་སྟོང་གཉིས་ཀྱི་ནང་སྤྱི་ལེ་ཁྲི་གཅིག་དང་སྟོང་དགུ་མི་རིགས་ས་ཁུལ་དུ་ཡོད་པ་དང་། མཐའ་མཚམས་ཀྱི་རྫོང་བརྒྱ་དང་བཞི་བཅུ་ཞེ་གཅིག(གྲོང་ཁྱེར་དང་།ཁུལ།ཆུའུ།)ཁྲོད་བརྒྱ་དང་བཅུ་གཉིས་མི་རིགས་ས་ཁུལ་དུ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་སྐྱོང་གི་འཐབ་ཇུས་ཁྱོན་ཡོངས་ལ་དམིགས་ནས།“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་བཅོས་སྐྱོང་བྱེད་དགོས”ཞེས་དང“མཐའ་མཚམས་དར་རྒྱས་དམངས་ཕྱུག་དང་། མཐའ་མཚམས་བརྟན་ལྷིང་སྲ་བརྟན་དུ་གཏོང་དགོས”ཞེས་པ་སོགས་གལ་ཆེའི་ཆོད་ཚིག་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་ཀྱི་གལ་ཆེའི་འཐབ་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་བསྐྱོད་པར་སྐུལ་འདེད་བཏང་སྟེ། མཐའ་མཚམས་བཅོས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དེ་མཐའ་མཚམས་བཅོས་སྐྱོང་གི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། འཐབ་ཇུས་འཆར་འགོད་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་བཅོས་སྐྱོང་དེ་ཕྱོགས་སོ་སོའི་བྱ་གཞག་འཕེལ་རྒྱས་ཀྱི་ཁྲོད་འདྲེས་པར་བྱ་དགོས། འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་འཁུར་བ་དང་འགན་འཁུར་ཕོད་པ། གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་ཤུགས་ཆགས་སུ་འཇུག་དགོས། མཐའ་མཚམས་ས་ཁུལ་གྱི་ཏང་རྩ་འཛུགས་རིམ་པ་སོ་སོས་ཏང་ཀྲུང་དབྱང་གི་དགོངས་དོན་དང་ཚད་གཞི་གཅིག་གྱུར་ཡོང་བ་བྱེད་དགོས་པར་མ་ཟད། འཆར་འགོད་དང་། ཁྲིམས་སྲོལ། སྲིད་ཇུས། ལས་གཞི་སོ་སོའི་ཞིབ་ཕྲའི་འཆར་འགོད་དང་ལག་བསྟར་ཁྲོད་དུ་དོན་འཁྱོལ་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་ཆད་མི་རུང་། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཁྱོན་ཡོངས་སུ་བཅུག་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་བཅས་སུ་བཅུག་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱིས་རང་ངོས་ཀྱི་ཆ་རྐྱེན་དང་སྐྱེས་ཐོབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་འདྲེས་པའི་ཁྲོད་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་དགོས། བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མཚོ་རྒྱུད་དང་མཐའ་མཚམས་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་ནས་སྐམ་ས་དང་རྒྱལ་ཁབ་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རམ་བྱེད་པའི་ཁྱོན་ཡོངས་ཀྱི་སྒོ་འབྱེད་ཀྱི་རྣམ་པ་ཆགས་པར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་དང་། རྫོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གསར་པར་སྐུལ་འདེད་བརྟན་པོ་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གཞི་ཁྱོན་ཆེན་པོས་དབུལ་བོ་བསྐྱར་ལོག་སྔོན་འགོག་ནུས་ལྡན་བཅས་བྱ་དགོས། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་བྱ་བའི་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་བསྟར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་རྒྱུན་ཆད་མེད་པར་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་རྩོམ་སྒྲིག་བྱས་པའི་སློབ་དེབ་བེད་སྤྱོད་བྱེད་པ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ལས་དོན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཕྲ་སྒྲིག་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་གིས་འཛུགས་སྐྱོང་བྱས་ཏེ་མི་རིགས་སོ་སོ་སེ་འབྲུའི་ས་བོན་དང་འདྲ་བར་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་མཐའ་མཚམས་བཅོས་སྐྱོང་གི་མ་མཐའི་ཚད་གཞིའི་བླང་བྱར་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ཐུན་མོང་འཛུགས་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ནུས་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྲུང་མཐའ་སྲུང་གི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
མཐའ་མཚམས་བཅོས་སྐྱོང་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐའ་མཚམས་ཀྱི་ལོ་རྒྱུས་དང་མཐའ་མཚམས་བཅོས་སྐྱོང་དང་འབྲེལ་བ་ཡོད་པའི་རིག་ཚན་མང་པོའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་རང་བདག་གི་མཐའ་མཚམས་རིག་པའི་ཤེས་བྱའི་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། མཐའ་མཚམས་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་ཏུ་བྱས་ནས། ཤུགས་རྐྱེན་དང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དེ་ལས་མང་པོ་འདོན་དགོས། མཐའ་མཚམས་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་མཐའ་མཚམས་བཅོས་སྐྱོང་གི་གཏམ་རྒྱུད་ཡག་པོ་བཤད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བློ་བརྟན་འགྱུར་མེད་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་། ཕྱོགས་བསྡུས་བྱང་ཚད་ཕུལ་དུ་བྱུང་བའི་མཐའ་མཚམས་བཅོས་སྐྱོང་གི་ཞིབ་འཇུག་དཔུང་སྡེ་ཞིག་བསྐྲུན་དགོས།
ལེའུ་གསུམ་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དང་མི་རིགས་ས་ཁུལ་གྱི་ལས་དོན་སོ་སོའི་གཙོ་ཐིག་ཏུ་བརྩི་དགོས།
གཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ནང་དོན་གཏིང་ཟབ་དང་དོན་སྙིང་གལ་ཆེན་སྲ་བརྟན་དུ་གཏོང་དགོས།
ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་ཁ་ཤས་སུ་འཕེལ་རྒྱས་བྱུང་བ་བརྒྱུད་ནས་སྣ་མང་གཞི་གཅིག་ཅན་གྱི་མི་རིགས་ཀྱི་གདོས་བཅས་གྲུབ་ཡོད། དེ་ནི་མི་རིགས་སོ་སོའི་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པ། ཁྲག་རྒྱུད་འབྲེལ་འདྲིས་ཡོད་པ། ཁ་འབྲལ་ཐབས་མེད་པའི་སྐྱེ་ལྡན་གྱི་ཧྲིལ་གཟུགས་ཤིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་དང་། རྒྱལ་ཁབ་ཀྱིས་ཁས་ལེན་དང་མི་རིགས་མཉམ་འདྲེས་བྱེད་པའི་བརྩེ་དུང་གི་འབྲེལ་ཐག་ཡིན་ལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་རྡོ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་གཏོད་རང་བཞིན་གྱི་ཆོད་ཚིག་གལ་ཆེན་ཞིག་རེད། 2014ལོའི་ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་སྟེང་། “མི་རིགས་སོ་སོའི་ཁྲོད་དུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅས་བརྟན་པོར་འཛུགས་དགོས”ཞེས་བཏོན་ཡོད། ལོ་དེའི་ཟླ་དགུ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས”ཞེས་བཏོན་པ་རེད། 2017ལོའི་ཟླ10པར།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས”ཞེས་པ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ནང་དངོས་སུ་བཀོད། 2019ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་ཏུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ཏུ་བརྩིས་ནས་དམ་འཛིན་བྱ་དགོས”ཞེས་ནན་བཤད་གནང་བ་རེད། 2021ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་བསྟན་དོན།“ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་བརྩིས་ཏེ་མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བློ་བརྟན་འགྱུར་མེད་ངང་ངོས་འཛིན་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།”ཞེས་བཏོན། ཏང་གི་ཚོགས་ཆེན20པའི་སྙན་ཞུའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་སྟེང་བསྐྱོད་དགོས་པ་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2023ལོའི་ཟླ6པར་ནང་སོག་ཏུ་གཟིགས་ཞིབ་མཛད་པ་དང་། 2023ལོའི་ཟླ8པར་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་བྱ་བའི་སྙན་ཞུར་གསན་སྐབས།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་སོ་སོའི་གཙོ་ཐིག་ཀྱང་ཡིན”ཞེས་བསྟན། 2023ལོའི་ཟླ10པར། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་སྐོར་ནས་ཐུན་མོང་སློབ་སྦྱོང་ཐེངས་དགུ་པ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་ནན་ནན་གྱིས་བསྟན་དོན།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་སོ་སོའི་གཙོ་ཐིག་ཏུ་བརྩི་བ་དེ་ནི་ང་ཚོའི་ཏང་གིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་།“ཁྱོན་ཡོངས་གཉིས”ལ་དམིགས་ནས། རྒྱལ་ཁབ་ཕྱི་ནང་གི་མི་རིགས་ལས་དོན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འཕེལ་རྒྱས་འགྲོ་ཕྱོགས་གསལ་རྟོགས་གཏིང་ཟབ་བྱས་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་རེད། འདུ་ཤེས་གལ་ཆེན་འདིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྲ་བརྟན་དང་རྒྱ་བསྐྱེད་པ། ཏང་གི་མི་རིགས་ལས་དོན་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། 2024ལོའི་ཟླ7པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན། 2024ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ལྷག་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་ཧྭ་མི་རིགསགཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་རིགས་སོ་སོའི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་བརྗིད་མཉམ་སྤྱོད། ཤི་གསོན་མཉམ་གནས། ལས་དབང་མཉམ་སྤྱོད་བཅས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། མི་རིགས་སོ་སོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཆེ་རུ་གཏོང་བ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས་། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བརྟན་པོ་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་མི་རིགས་སོ་སོའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རྒྱལ་ཁབ་གཅིག་གྱུར་ནི་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་གནས་ས་ཡིན་ལ། རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡང་ཡིན། མི་རིགས་སོ་སོས་རང་ཉིད་ཀྱི་ལས་དབང་རྒྱལ་ཁབ་ཀྱི་ལས་དབང་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་བར་བྱས་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་གཞི་ནས་རྨང་གཞི་བརྟན་པོ་ལྡན་ཐུབ། ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་ང་ཚོས་སྤྱི་ཡོངས་ནས་མཐུན་སྒྲིལ་བརྟན་འཇགས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱི་ཁ་བྲལ་དང་སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱ་འགུལ་གཏན་ནས་མཚམས་བཞག་མྱོང་མེད། མི་རིགས་ཁ་བྲལ་རིང་ལུགས་ནི་མི་རིགས་ཁ་བྲལ་བྱ་འགུལ་སྣ་ཚོགས་ཀྱི་བསམ་བློའི་འབྱུང་རྩ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་ལྕགས་རི་བརྟན་པོར་འཛུགས་པ། མི་རིགས་སོ་སོས་ མཉམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་ཡག་པོ་བྱས་ཚེ། གཞི་ནས་ཐལ་དྲགས་དང་ཁ་བྲལ་གྱི་བསམ་བློ་སྣ་ཚོགས་ཀྱི་སིམ་འཛུལ་མགོ་རྟིང་སློག་ཐུབ་ལ། གཞི་ནས་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཐུབ་པ་དང་། གཞི་ནས་མི་རིགས་སོ་སོའི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་ཡག་པོ་བཅས་འབྱུང་ཐུབ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ད་ལྟ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་དང་དེ་ལས་ཐག་ཉེ་བ་དང་། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་ལྡན། དེ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལས་སླ་མོར་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན། ང་ཚོ་ཇི་ལྟར་འཕེལ་རྒྱས་དང་སྟོབས་དང་ལྡན་པར་གྱུར་ན། འཕྲད་པའི་འགོག་རྐྱེན་དང་གནོན་ཤུགས་དེ་ལྟར་ཆེ་རུ་འགྲོ་སྲིད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ན། ད་གཟོད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། ད་གཟོད་ཏང་དང་རྒྱལ་ཁབ་དར་རྒྱས་དང་ཡུན་རིང་བརྟན་འཇགས་ཡོང་བར་བསམ་བློའི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་ཐུབ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི། འདྲ་མཉམ་མཐུན་སྒྲིལ་དང་རོགས་རམ་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། རང་རྒྱལ་གྱི་མི་རིགས་འབྲེལ་བའི་གཙོ་རྒྱུན་ནི་བཟང་ཞིང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཉིན་རེ་བཞིན་སྲ་བརྟན་དུ་འགྱུར་བཞིན་ཡོད། གཙོ་རྒྱུན་མཐོང་བ་དང་དུས་མཚུངས་སུ་གནས་ཚུལ་གསར་པ་དང་གནད་དོན་གསར་པའང་སྣང་མེད་དུ་འཇོག་མི་རུང་། རིགས་སོ་སོའི་མང་ཚོགས་བར་སྐད་ཡིག་དང་རིག་གནས། གོམས་སྲོལ་དད་མོས་སོགས་ཐད་ཀྱི་ཁྱད་པར་ལས་བྱུང་བའི་གོ་ནོར་དང་འགལ་བ། རྩོད་གཞི་བཅས་སྔར་བཞིན་གནས་ཡོད། སྤྱི་ཚོགས་ཀྱི་ཁྲོད་དང་རིག་གཞུང་ལས་རིགས། ལྷག་པར་དུ་དྲ་སྦྲེལ་ཐོག་མི་རིགས་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་ལྟ་བ་དང་ངོས་འཛིན་རབ་རིབ་ཁ་ཤས་ཡོད་པས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་གོ་ནོར་ཐེབས་ནས་མི་རིགས་ཀྱི་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་སྲིད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ན། ད་གཟོད་མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་ལ་རང་རྟོགས་ངང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ལ་ཁས་ལེན་བྱེད་ཚད་དེ་ལས་མཐོ་བ་དང་གོང་བུར་བསྒྲིལ་ཤུགས་དེ་ལས་ཆེ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་ཐུབ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི། ཏང་གི་མི་རིགས་ལས་དོན་ལ་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་བལྟས་ན། མི་རིགས་བྱ་བའི་ཐད་ད་དུང་སྙོམས་སྒྲིག་མིན་པ་དང་འོས་འཚམ་མིན་པའི་གནད་དོན་དང་མི་འདང་ས་གནས་ཡོད་ལ། མི་རིགས་ཀྱི་བར་ཁྱད་རང་བཞིན་དྲག་པོའི་བསམ་གཞིགས་དང་བྱ་བའི་བྱེད་ཐབས་མྱུར་དུ་སྙོམས་སྒྲིག་བྱེད་དགོས་པ་དང་། མི་རིགས་བྱ་བའི་འགན་ནུས་དང་ལམ་ལུགས་རྐྱེན་སྲོལ་ཡང་སྔར་ལས་ལྷག་པའི་ཇེ་ལེགས་སུ་གཏོང་དགོས་ལ། ཁྱད་པར་དུ་གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་བྱ་བའི་སྡེ་ཁག་གི་བསམ་བློའི་ངོས་འཛིན་ཐད་མགྱོགས་མྱུར་སྒོས་སྙོམས་སྒྲིག་བྱས་ཏེ་ནུས་ཤུགས་ཐམས་ཅད་གཅིག་ཏུ་བསྡུ་དགོས། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་པ་དང་། གཅིག་མཐུན་རང་བཞིན་གྱི་ཁ་ཕྱོགས་སྙེག་ཏེ་མི་རིགས་བྱ་བ་འཕེལ་རྒྱས་སུ་བཏང་ན། ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་ལག་བསྟར་བྱེད་ཐུབ་ལ། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་ནུས་ལྡན་བྱས་ཚེ། གཞི་ནས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཞིབ་ཚགས་ཀྱིས་བཟང་བོར་སྒྲུབ་ཐུབ།
གཉིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ངེས་པར་དུ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་པའི་འབྲེལ་བ།
ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས། རང་རྒྱལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱིན་པ་དང་བསྟུན་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ། ཕན་ཚུན་རོགས་རམ་བཅས་བྱས་ཏེ་ཐུན་མོང་གི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བཟོད་སྒོམ་བཅས་བྱ་རྒྱུ་ནི་མི་རིགས་བྱ་བའི་རྩ་དོན་གལ་ཆེན་ཞིག་ཡིན། ཐུན་མོང་རང་བཞིན་ཇེ་ཆེར་གཏོང་དགོས་ན། རིགས་སོ་སོའི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་དགོས། ཁྱད་པར་རང་བཞིན་ལ་བརྩི་འཇོག་བྱས་ཏེ། རིགས་སོ་སོའི་བཟའ་བཏུང་རྒྱན་གོས་དང་། སྲོལ་རྒྱུན་གོམས་སྲོལ། རིག་གནས་སྒྱུ་རྩལ། བཟོ་སྐྲུན་ཉམས་འགྱུར་སོགས་ཀྱི་ཐད་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་དོ་སྣང་བྱེད་དགོས། ཐུན་མོང་རང་བཞིན་ནི་གཙོ་ཁྲིད་ཡིན་པས། ཁྱད་པར་རང་བཞིན་དང་གནོད་འཚེའི་ཐུན་མོང་རང་བཞིན་ཉམས་ཞན་དུ་གཏོང་མི་རུང་། ཁྱད་པར་རང་བཞིན་སྲུང་སྐྱོབ་བྱ་དགོས་པ་ཞིག་ཡིན་མོད། འོན་ཀྱང་རྗེས་ལུས་ཡིན་པ་དང་མི་རིགས་ཡར་ཐོན་ཡོང་བའི་རྒྱུ་རྐྱེན་སྲ་འགྱུར་དང་ཇེ་དྲག་ཏུ་གཏོང་མི་རུང་།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རིགས་སོ་སོའི་འདུ་ཤེས་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས། དེ་གཉིས་མཉམ་གཤིབ་དང་མི་འགལ་བ་ཡིན་མོད། འོན་ཀྱང་མཉམ་འགྲོགས་མཉམ་བསྐྱོད་མ་རེད། གནའ་མིས“དོན་དག་ལ་ཆེ་ཆུང་ཡོད་ལ་སྔ་རྗེས་ཀྱང་ཡོད། དོན་དག་ཆུང་བར་དོ་སྣང་བྱས་ཏེ་ཆེ་བར་ལྟ་ཞིབ་མི་བྱེད་པ་དང་། རྗེས་ནས་སྒྲུབ་དགོས་པའི་དོན་དག་སྔོན་ལ་སྒྲུབ་པ། སྔོན་ལ་སྒྲུབ་དགོས་པའི་དོན་དག་རྗེས་སུ་བསྐྱུར་ན། དེ་དག་ཚང་མ་རྒྱལ་ཁབ་བཅོས་སྐྱོང་གི་དགོས་མཁོ་དང་མི་འཚམ་པ་རེད།” རིགས་སོ་སོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་གོ་གནས་ཨང་དང་པོར་འཇོག་པར་སྐུལ་ཁྲིད་བྱེད་དགོས་པ་དང་། མི་རིགས་རང་གི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་དགོས་པ་དང་། དེ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་ཡོངས་ཀྱི་ ཁེ་ཕན་ཡག་པོ་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་རིགས་སོ་སོའི་བྱེ་བྲག་གི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་དགོས། མི་རིགས་རིང་ལུགས་ཆེན་པོ་དང་ས་གནས་ཀྱི་མི་རིགས་རིང་ལུགས་གཉིས་ཀ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ཕན་པ་མེད།
ཀྲུང་ཧྭའི་རིག་གནས་དང་རིགས་སོ་སོའི་རིག་གནས་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས། རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན། ཀྲུང་ཧྭའི་རིག་གནས་ནི་གཙོ་རྐང་ཡིན་པ་དང་། རིགས་སོ་སོའི་རིག་གནས་ནི་ཡལ་ག་དང་ལོ་མ་ཡིན་པས། རྩ་བ་གཏིང་ཟབ་ཅིང་རྐང་སྟོབས་ཆེ་ན་ད་གཟོད་ཡལ་ག་དང་ལོ་མ་རྒྱས་ཐུབ། རྒྱའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་དང་གཅིག་མཚུངས་ཡིན་པ་དང་། རང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ལས་མཆེད་པ་མིན་པའི་བཤད་སྲོལ་ཚང་མ་མི་འགྲིག རིགས་སོ་སོའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཧྭའི་རིག་གནས་ལ་མོས་མཐུན་བྱེད་པའི་རྨང་གཞི་སྟེང་སྤེལ་དགོས་པ་ལས་མགོ་རྟིང་ལོག་ཏུ་འཇུག་མི་རུང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། མི་རིགས་སྐོར་ཞིག་གི་རིག་གནས་ཀྱི་རྣམ་པར་འགྱུར་ལྡོག་འབྱུང་སྲིད་པ་དང་ཐ་ན་མེད་པར་འགྱུར་སྲིད། གནས་ཚུལ་དེ་ལྟ་བུ་རྒྱ་རིགས་ལ་ཡོད་ལ་གྲངས་ཉུང་མི་རིགས་ལའང་ཡོད། བྱ་ཐབས་ནུས་ལྡན་སྤྱད་དེ་ཡལ་སྲིད་པའི་རིག་གནས་དེ་དག་རྣམ་པ་གཞན་ཞིག་རྒྱུད་དེ་རིག་གནས་དྲན་ཤེས་ཤིག་ཏུ་བརྩིས་ནས་ཉར་ཚགས་བྱེད་དགོས་ལ། བཟང་ངན་ལ་མ་བལྟས་པར་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་མི་རུང་བ་དང་། རིག་གནས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་མིང་ལ་བརྟེན་ནས་བག་འཁུམ་བཀག་སྡོམ་གྱི་འདུ་ཤེས་དང་། བླུན་རྨོངས་རྗེས་ལུས་ཀྱི་འཚོ་བ་རོལ་སྟངས་དང་སྲོལ་རྙིང་ངན་པ་བཅས་དྲིལ་བསྒྲགས་བྱེད་མི་རུང་།
དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས། དངོས་པོ་དང་བསམ་པ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་ལ། དེ་མིན་ན་འདི་ཡིན་པ་དང་། དུས་ནམ་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད་པས་དེ་ནི་གདམ་གཞི་རྐྱང་པ་ཞིག་མ་རེད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་ལས་མི་རིགས་མཐུན་སྒྲིལ་རང་དགར་བྱུང་བ་ཞིག་མིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱང་རང་བྱུང་དུ་བྱུང་བ་ཞིག་མ་རེད། གལ་ཏེ“ཀླད་པར་དོ་དམ”བྱེད་པའི་བྱ་བ་སྣང་མེད་དུ་བཞག་སྟེ། དམིགས་བསལ་རང་བཞིན་དང་ཁྱད་པར་རང་བཞིན་ནན་བཤད་འོས་འཚམ་མ་བྱས་ཏེ། གུ་དོག་དང་ཐ་ན་ཐལ་དྲགས་པའི་མི་རིགས་ཀྱི་འདུ་ཤེས་ཆགས་ན། ཕོ་བ་ཇི་ཙམ་རྒྱགས་ན་ལྟེ་བྲལ་ཀྱི་གཞོལ་ཕྱོགས་དེ་ཙམ་གྱིས་ཇེ་དྲག་ཏུ་འགྲོ་སྲིད། བཅོས་སྒྱུར་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་མངོན་གསལ་བྱེད་དུ་འཇུག་པ་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་དང་། དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱེད་པའི་དོན་སྙིང་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོ་ཡོང་བར་བྱ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“འབྲེལ་བ་ཆ་བཞིའི”རྒྱས་བཤད་གལ་ཆེན་ནང་ཤེས་རྟོགས་རྣམ་བཤད་དང་། “གནད་གཉིས་སྨྲ་བ”དང “གཙོ་གནད་སྨྲ་བ”བཅས་དང་། འགལ་བའི་ཡོངས་ཁྱབ་རང་བཞིན་དང་འགལ་བའི་དམིགས་བསལ་རང་བཞིན་བཅས་ལ་ནན་བཤད་གནང་ཡོད་ལ། འབྱུང་ཁུངས་གཙང་སེལ་དང་ཁ་ཕྱོགས་གསལ་བོ་བསྟན་ཡོད་པས། མཛུབ་སྟོན་རང་བཞིན་དང་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན།
གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་གནད་བླང་བྱ་དང་རྩ་དོན་བྱེད་ཐབས་ཁོང་དུ་ཡང་དག་པར་ཆུད་པ་བྱ་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་གནད་ཡིན་ལ། མི་རིགས་ས་ཁུལ་ཀྱི་བྱ་བ་སྣ་ཚོགས་ཀྱི་གཙོ་གནད་ཀྱང་ཡིན། མི་རིགས་ས་ཁུལ་དང་ཡང་ན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གང་ཡིན་ཡང་། ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་བ་དེ་གྲོས་རིམ་གལ་ཆེན་ནང་འཇོག་དགོས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་གཅིག་གྱུར་འཆར་འགོད་བྱས་ཏེ། ཏང་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་ནང་བཅུག་ནས། ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་དང་སྐོར་ཞིབ་སྐོར་སྐྱོད། སྲིད་འབྲས་དཔྱད་ཞིབ་བཅས་ཀྱི་ནང་བཅུག་ནས། རྒྱུན་དུ་ཞིབ་འཇུག་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ནས་སྙིང་རུས་གཏན་འཁྱོངས་བྱེད་དགོས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་སོགས་ཚང་མས་གཙོ་གནད་དེར་དམ་པོར་དམིགས་པ་དང་ནམ་ཡང་ཁ་འབྲལ་མི་རུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དཔལ་འབྱོར་དང་སློབ་གསོ། ལས་ཞུགས། རིག་གནས་འཛུགས་སྐྲུན། སྡེ་ཁུལ་འཛུགས་སྐྲུན། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་སོགས་བྱ་བ་སྣ་ཚོགས་ཀྱི་ཁྲོད་དུ་དོན་འཁྱོལ་བྱ་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་པས། ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས་པ་དང་། དངོས་ཐོག་བདེན་འཚོལ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། “སྒུག་མི་རུང་པའི”གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། གཟབ་ནན་དང་བརྟན་བརླིང་ངང་གོང་དུ་སྤེལ་བ་དང་རྒྱུན་ཆད་མེད་པར་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་ཏེ། “བྲེལ་འཚུབ་བྱེད་མི་རུང་པའི”དོན་དག་ཐག་གཅོད་ལེགས་པོ་བྱེད་དགོས། ཁྱད་པར་དུ་བྲེལ་འཚུབ་ཀྱི་རྣམ་པ་དང་གང་བྱུང་དུ་བྱ་སྤྱོད་སྤེལ་བ། བསྐྱར་ཟློས་བྱས་ཏེ་ཐལ་དྲགས་པའི་ཕྱོགས་ཞིག་ནས་ཐལ་དྲགས་པའི་ཕྱོགས་གཞན་ཞིག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་དགོས་ན། མཐོང་ཐུབ་ལ་རེག་ཐུབ་པའི་བྱ་བ་བསྒྲུབ་དགོས་པ་མ་ཟད། ཀུན་ལ་ཕན་པའི་བྱ་བ་འབོར་ཆེན་ཡང་བསྒྲུབ་དགོས། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་ན། བྱ་བ་ཚང་མ་དངོས་ཐོག་དམ་འཛིན་དང་ཞིབ་ཕྲའི་སྒོ་ནས་བསྒྲུབ་དགོས་པ་དང་། གཟུགས་དང་ཚོར་བ་ལྡན་པ། ཕན་ནུས་ལྡན་པ་བཅས་བྱ་དགོས། རིགས་སོ་སོའི་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལ་རྒྱུས་ལོན་དང་ལག་བསྟར་བྱས་ཏེ། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་དང་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཆོད་འདོན་པ། བྱ་བར་དམ་འཛིན་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་བ་ཡིན་ཚེ་མང་ཙམ་སྒྲུབ་དགོས་པར་མ་ཟད་གཏིང་ཟབ་དང་ཞིབ་ཕྲའི་སྒོ་ནས་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་མི་ཕན་པའི་བྱ་བ་ཞིག་ཡིན་ཚེ་མཐའ་གཅིག་ཏུ་སྒྲུབ་མི་རུང་།
བཞི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས།
གཞུང་ལུགས་ནི་འདུ་ཤེས་འཛིན་སྟངས་ཀྱི་རྨང་རྡོ་ཡིན་ཞིང་། གཞུང་ལུགས་ཀྱི་ཞིབ་འཇུག་ཇི་ཙམ་གཏིང་ཟབ་ཏུ་ཕྱིན་ན། འདུ་ཤེས་འཛིན་སྟངས་ཀྱི་འདེགས་སྐྱོར་དེ་ཙམ་གྱིས་སྲ་བརྟན་དང་ནུས་ལྡན་ཡོང་ཐུབ། སློབ་གསོ་དྲིལ་བསྒྲགས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱུས་ལོན་བྱས་པ་ཇི་ལྟར་བཟང་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ཙམ་གྱིས་གཏིང་ཟབ་དང་ཡུན་རིང་ཡོང་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་ལོ་རྒྱུས་ལ་རྐང་བཙུགས་ནས། ཚན་རིག་དང་འཐུས་སྒོ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་དགོས། ཀྲུང་ཧྭ་མི་རིགས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་ན། ནུབ་ཕྱོགས་ཀྱི་མི་རིགས་གཞུང་ལུགས་སྐོར་གྱི་བྱེད་ཐབས་སྤྱོད་མི་རུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་ལ་གཞི་བཙུགས་ནས། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས་གཞིར་འཛིན་ས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་འགྲོ་བའི་གནས་ལུགས་དང་། རིག་གཞུང་། མཚན་ཉིད་རིག་པ་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་ཕྱོགས་སྟོན་དང་མཛུབ་ཁྲིད་བྱ་དགོས། རིག་ཚན་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིབ་འཇུག་གི་ཁ་ཕྱོགས་ཡང་དག་པར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ཞིབ་འཇུག་གཏིང་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་རང་རྒྱལ་གྱི་མི་རིགས་རིག་པའི་ཞིབ་འཇུག་ཁྲོད་གནས་པའི་ནུབ་ཕྱོགས་མི་རིགས་གཞུང་ལུགས་ཀྱི་བསམ་བློ་དང་སྐད་བརྡའི་མ་ལག་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་། སྐད་བརྡའི་མ་ལག གཏམ་བཤད་མ་ལག གཞུང་ལུགས་མ་ལག་བཅས་མགྱོགས་མྱུར་སྒོས་ཆགས་པར་བྱ་དགོས། རྒྱ་ཆེའི་ཆེད་མཁས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་མཐོང་ཆེན་བྱས་ཏེ། གཞོན་ནུ་ཆེད་མཁས་པ་གསོ་སྐྱོང་བྱེད་པར་ཤུགས་བསྣན་ནས། ཁོ་ཚོར་ཁ་ཕྱོགས་ཡག་པོ་དང་སྟེགས་བུ་འཛུགས་པ། གོ་སྐབས་བསྐྲུན་པ་བཅས་བྱས་ཏེ། ཁོ་ཚོས་བློ་རྩེ་གཅིག་སྒྲིལ་གྱིས་ཞིབ་འཇུག་དང་མང་བསགས་ཉུང་འདོན་གནད་འཁེལ་བྱེད་པར་སྐུལ་ལྕག་བཏང་ནས། ཀྲུང་གོའི་ལོ་རྒྱུས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་ལག་ལེན་འགྲེལ་ཀློག་བྱེད་པ། ཀྲུང་གོའི་གནད་དོན་ལ་ལན་འདེབས་པ་བཅས་ཀྱི་ཐོག་མའི་གསར་རྩོམ་རང་བཞིན་གྱི་གཞུང་ལུགས་གྲུབ་འབྲས་འདོན་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ལས་བྱེད་པའི་སློབ་གསོ་དང་། ཏང་ཡོན་གྱི་སློབ་གསོ། རྒྱལ་དམངས་སློབ་གསོ་བཅས་ཀྱི་མ་ལག་ནང་བཅུག་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་གཏོང་དགོས། ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གྲྭ སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་ནང་འཇུག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ། འབྲེལ་ཡོད་ཆེད་དོན་སློབ་ཁྲིད་གཙོ་བོའི་ཁྲོད་ནང་དོན་བཀོད་སྒྲིག་བཅས་བྱེད་དགོས། རིགས་སོ་སོའི་དགེ་སློབ་རྣམས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོར་ཤུགས་སྣོན་དགོས་ལ། དགེ་རྒན་གྱི་སློབ་གསོའི་གསོ་སྦྱོང་བྱ་བ་འབུར་དུ་དོད་ནས་དམ་འཛིན་བྱེད་པ་དང་། སློབ་པའི་རིམ་པ་དང་སློབ་ཚན་གྱི་བསླབ་དེབ་དང་ཟུར་ཁྲིད་ཀློག་དེབ་དགར་ནས། རིག་ཚན་མཉམ་འདྲེས་དང་ཆེད་དོན་སློབ་གསོ་སྤེལ་རྒྱུར་ཤུགས་བསྣན་ཏེ། ཡུལ་དངོས་སློབ་ཁྲིད་དང་སློབ་གྲྭའི་རིག་གནས་འཛུགས་སྐྲུན་ཐད་ཕྱོགས་མང་གཞི་གཅིག་གི་མི་གསོ་སྐྱོང་གི་སྟེགས་བུ་འཛུགས་དགོས། མང་ཚོགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་དགོས་པ་དང་། གཙོ་རྒྱུན་སྨྱན་བྱད་དང་སྦྲེལ་དྲ་ལས་གཞུང་ལུགས་འགྲེལ་བཤད་དང་། སྲིད་ཇུས་གསལ་འགྲེལ། གཏམ་རྒྱུད་དྲིལ་བསྒྲགས་བཅས་བྱས་ཏེ། རང་བྱུང་མི་གཞུང་མཛེས་ལྗོངས་དང་། མི་རིགས་དུས་ཆེན་གྱི་བྱེད་སྒོ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི་བྱ་འགུལ་ལ་བརྟེན་ནས་དྲིལ་བསྒྲགས་སློབ་གསོ་ནུས་ལྡན་ངང་སྤེལ་དགོས་པ་དང་། སྣ་གཅིག་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྟངས་བསྒྱུར་ཏེ། བྱ་ཡུལ་མི་འདྲ་བ་དང་ལྟ་མཁན་ཉན་མཁན་གྱི་ཁྱད་ཆོས་ལ་དམིགས་ནས་ཐབས་མང་ཇུས་འདོན་བྱེད་པ་དང་། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དྲིལ་བསྒྲགས་བཟང་པོ་བྱེད་དགོས།
མི་རིགས་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་བར་ཤུགས་སྣོན་དགོས། ཧུར་ཐག་གིས་རང་འགུལ་ངང་དྲིལ་བསྒྲགས་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མཛེས་སྡུག་གི་རེ་འདོད་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། བརྒྱུད་སྒྲོག་བྱེད་སྟངས་གསར་གཏོད་བྱས་ནས་བརྒྱུད་སྒྲོག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འབྲེལ་ལམ་རྒྱ་བསྐྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བློ་སྟོབས་ཆེན་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་བཤད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རང་རྒྱལ་གྱི་རིགས་སོ་སོའི་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་བློས་འགེལ་ཆོག་པའི་འགན་སྲུང་ཡིན་པ་ལ། ཀྲུང་ཧྭ་མི་རིགས་ནི་ངོས་འཛིན་དང་གོང་བུར་འགྲིལ་ཤུགས་ཆེན་པོ་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ལ་མངོན་གསལ་གྱི་ཁྱད་འཕགས་རང་བཞིན་ལྡན་པ་བཅས་གསལ་པོར་བཤད་དགོས། “ནང་དུ་གདན་འདྲེན་ཞུ་བ”དང“ཕྱི་རུ་འགྲོ་རྒྱུ”ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གཞུང་ལས་རིགས་དང་དམངས་ཁྲོད་ཀྱི་ཚོགས་སྤྱིའི་བར་བརྗེ་རེས་དང་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་དགོས།
ལེའུ་བཞི་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཡང་དག་པའི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱ་དགོས།
གཅིག རིགས་སོ་སོ་མཉམ་འདྲེས་དང་གཅིག་སྡུད་བྱས་ནས་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་ཆགས་དགོས།
མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཕན་ཡོད་རྒྱུ་རྐྱེན་ཆེན་པོ་ཞིག་ཀྱང་ཡིན། རང་རྒྱལ་གྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་དཔལ་ཡོན་འཕེལ་རྒྱས་ལོ་རྒྱུས་སྟེང་། མི་རིགས་མང་པོ་ཞིག་ལོ་རྒྱུས་ཀྱི་གར་སྟེགས་སུ་ཞུགས་མྱོང་། མི་རིགས་དེ་དག་དར་བ་ནས་གྱེས་པ་དང་། མཉམ་འདྲེས་བཅས་བྱས་པ་བརྒྱུད། མཇུག་མཐར་ད་ལྟའི་མི་རིགས་ང་དྲུག་གྲུབ་ཡོད། མི་རིགས་མང་པོ་གཅིག་གྱུར་ཆེན་པོ་བྱེད་པ་དང་མི་རིགས་སོ་སོ་སྣ་མང་གཞི་གཅིག་ཏུ་འགྱུར་བ་ནི་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་རྒྱུ་ནོར་གལ་ཆེན་ཞིག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་ཁྱད་སྟོབས་གལ་ཆེན་ཞིག་ཀྱང་ཡིན།
མི་རིགས་སོ་སོའི་ཁྲག་རྒྱུན་མཉམ་འདྲེས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་རྨང་གཞི་ཡིན། མི་རིགས་སོ་སོས་མཉམ་དུ་ཀྲུང་ཧྭའི་ས་གཞི་ཆེན་པོར་འཚོ་གནས་བྱེད་བཞིན་ཡོད་པ་དང་། ཁྲག་རྒྱུན་མཉམ་འདྲེས་བྱས་ཏེ་སྣ་མང་གཞི་གཅིག་ཡིན་པ་དང་ཁ་བྲལ་མི་ཐུབ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཆགས་ཡོད། ལོ་རྒྱུས་ཀྱིས་ཀྲུང་ཧྭ་མི་རིགས་ནི་མི་རིགས་སོ་སོའི་ཡུན་རིང་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱས་པའི་འབྲས་བུ་ཡིན་ལ། མི་རིགས་སོ་སོས་རྒྱུན་ཆད་མེད་པར་མཐུན་སྒྲིལ་བྱེད་པ་དང་རང་རྟོགས་སྒོས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་མཉམ་འདྲེས་བྱས་ན། ད་གཟོད་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཐུབ་པར་བདེན་དཔང་བྱས་ཡོད།
མི་རིགས་སོ་སོའི་དད་སེམས་གཅིག་མཚུངས་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་མང་བའི་རྒྱལ་ཁབ་གཅིག་གྱུར་བྱེད་པའི་ནང་གནས་སྒུལ་ཤུགས་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་གནའ་རབས་ནས་བཟུང་ཀུན་དང་མཐུན་པའི་སྲོལ་བཟང་དེ་ཀྲུང་གོ་ཡོངས་ཀྱིས་མཉམ་དུ་བཀུར་པའི་འདུ་ཤེས་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་དང་། གཅིག་གྱུར་ཆེན་པོ་དེ་དོན་དག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཆིན་རྒྱལ་རབས་ཀྱིས་ཀྲུང་གོ་གཅིག་གྱུར་བྱས་པ་ནས་བཟུང་མི་རིགས་གང་ཞིག་ཀྲུང་ཡོན་དུ་ཞུགས་རུང་། ཚང་མས་གནམ་འོག་གཅིག་གྱུར་བྱ་རྒྱུ་དེ་རང་གི་འགན་འཁུར་དང་། རྒྱལ་ཁབ་ཁ་བྲལ་དུ་མི་གཏོང་བ་དང་རྒྱལ་ཁབ་ཟང་ཟིང་དུ་མི་གཏོང་བ། མི་རིགས་ཁ་ཐོར་དུ་མི་གཏོང་བ། དཔལ་ཡོན་དུས་ནམ་ཡང་སྲུང་འཛིན་བྱེད་པ་བཅས་ཀྱི་ཐུན་མོང་གི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ལོ་རྒྱུས་ཀྱིས་ང་ཚོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ནི་མི་རིགས་སོ་སོས་མཉམ་དུ་གསར་སྐྲུན་བྱས་པ་ཞིག་ཡིན་ལ། ངེས་པར་དུ་མི་རིགས་སོ་སོས་མཉམ་དུ་སྲུང་སྐྱོང་དང་སྲ་བརྟན། འཕེལ་རྒྱས་བཅས་གཏོང་དགོས་པ་ར་སྤྲོད་བྱས་ཡོད།
མི་རིགས་སོ་སོའི་རིག་གནས་ཕན་ཚུན་འདྲེས་ཡོད་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་སྣ་མང་གཞི་གཅིག་ཅན་གྱི་དཔལ་ཡོན་རྣམ་པ་བསྐྲུན་པའི་རིག་གནས་ཀྱི་གཞི་རྒྱུ་ཞིག་རེད། མི་རིགས་སོ་སོའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་མཉམ་འདྲེས་མཉམ་གསོག་བཅས་བྱས་ཏེ། ས་ཁོངས་དང་ཁྲག་རྒྱུད། ཆོས་ལུགས་དད་མོས་བཅས་ལས་རིམ་བཞིན་བརྒལ་ནས། གོང་བུར་འགྲིལ་ཤུགས་དང་ཡིད་དབང་འགུགས་ནུས་ཆེན་པོ་ལྡན་པའི་ཀྲུང་ཧྭའི་རིག་གནས་གཅིག་སྡུད་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་ཆགས་ཡོད། ལོ་རྒྱུས་ཀྱིས་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་ནི་མི་རིགས་སོ་སོས་མཉམ་དུ་གསར་གཏོད་བྱས་པ་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་གསར་པ་བསྐྲུན་པར་ངེས་པར་དུ་ཀྲུང་ཧྭའི་རིག་གནས་ལ་ཁས་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་རིགས་སོ་སོའི་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་འདྲེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་ར་སྤྲོད་བྱས་ཡོད།
མི་རིགས་སོ་སོའི་དཔལ་འབྱོར་ཕན་ཚུན་བརྟེན་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་དཔལ་འབྱོར་ཕུང་བོ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་བ་དང་། ས་ཁུལ་སོ་སོའི་ཐོན་ཁུངས་ལ་རང་རང་གི་ཁྱད་ཆོས་ལྡན་པས། དཔལ་འབྱོར་ཕན་ཚུན་གསབ་པའི་རང་བཞིན་ཆེ་བ་དང་བརྟེན་ཤུགས་མཐོ་བ་བཅས་ཡིན། མི་རིགས་སོ་སོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྗེ་རེས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔལ་འབྱོར་འབྲེལ་གཏུག་སྲུང་འཛིན་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་ཀྱིས་ས་ཁུལ་སོ་སོ་དང་མི་རིགས་སོ་སོ་རྒྱུན་ཆད་མེད་པར་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་མཉམ་འདྲེས་བྱེད་པ་དང་། དཔལ་འབྱོར་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ན། གཞི་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་རྒྱས་དང་མངོན་འགྱུར་བྱེད་པ། རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔར་ལས་ལེགས་པར་སྐུལ་འདེད་གཏོང་ཐུབ་པ་ར་སྤྲོད་བྱས་ཡོད།
མི་རིགས་སོ་སོའི་བརྩེ་སེམས་མཉམ་འདྲེས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་འབྲེལ་ཐག་བརྟན་པོ་ཡིན། འཆམ་མཐུན་མཉམ་གནས་དང་གཅིག་ལ་གཅིག་བརྟེན། ཕན་ཚུན་ལྟ་སྐྱོང་བཅས་ནི་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་མི་རིགས་འབྲེལ་བའི་གཙོ་གནད་ཡིན་ཞིང་། མི་རིགས་སོ་སོའི་མཛའ་མཐུན་སྤུན་ཟླའི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཡག་པོ་བཞག་ཡོད། ཁྱད་པར་དུ་ཕྱི་ཕྱོགས་ཀྱི་བཙན་འཛུལ་བཀག་འགོག་དང་ཁ་བྲལ་སྔོན་འགོག གཅིག་གྱུར་སྲུང་སྐྱོང་བཅས་བྱེད་པའི་འཕེལ་རིམ་ཁྲོད། རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་བཟང་པོའི་མཐུན་སྒྲིལ་བྱས་པས། ཀྲུང་ཧྭ་མི་རིགས་ཀྱི་དཀའ་སྡུག་ཚད་མེད་དང་གཟི་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་རླབས་ཆེན་ཞིག་བྲིས་ཡོད། ལོ་རྒྱུས་ཀྱིས་བརྩེ་བའི་ཐད་ཕན་ཚུན་ཉེ་འགྲོགས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་གཏོང་བའི་འབྲེལ་ཐག་བརྟན་པོ་ཞིག་ཡིན་པས། རིགས་སོ་སོའི་མི་དམངས་ཀྱིས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་གཅེས་སྤྲས་ལྡབ་འགྱུར་བྱས་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་མི་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཐུབ་པ་ར་སྤྲོད་བྱས་ཡོད།
ཀྲུང་ཧྭ་མི་རིགས་སྣ་མང་ཅན་གྱི་གཞི་གཅིག་ཅན་ཏེ། གཞི་གཅིག་ནང་དུ་སྣ་མང་འདུས་པ་དང་། སྣ་མང་ཅན་གྱིས་གཞི་གཅིག་ཅན་གྲུབ་ཡོད་ལ། གཞི་གཅིག་ཅན་སྣ་མང་ཅན་ལ་འབྲལ་ཐབས་མེད་པ་དང་། སྣ་མང་ཅན་དེ་གཞི་གཅིག་ཅན་ལ་འབྲལ་ཐབས་མེད། གཞི་གཅིག་ཅན་ནི་གཙོ་ཐིག་དང་ཁ་ཕྱོགས་ཡིན་ལ། སྣ་མང་ཅན་ནི་རྒྱུ་དང་སྒུལ་ཤུགས་ཡིན་པས། དེ་གཉིས་རྩོད་སྒྲུབ་གཅིག་གྱུར་ཡིན། ཀྲུང་ཧྭ་མི་རིགས་དང་མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་སྤྱིའི་ཆ་ནས་བཤད་ན། ཁྱིམ་ཚང་ཆེན་པོ་ཞིག་དང་ཁྱིམ་ཚང་གི་ཁོངས་མི་བར་གྱི་འབྲེལ་བ་ཡིན་པ་དང་། མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་ཞིག་གི་ཁོངས་མི་མི་འདྲ་བའི་འབྲེལ་བ་ཡིན། ལོ་ངོ་ལྔ་སྟོང་ལྷག་གི་རིང་ཀྲུང་ཧྭའི་དཔལ་ཡོན་གྱིས་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་མི་རིགས་གསོ་སྐྱོང་བྱས་ཡོད་ལ། དེ་ནི་དུས་ནམ་ཡང་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཆེས་གཏིང་ཟབ་པ་དང་ཡུན་རིང་གི་བརྩེ་བ་ཡིན། ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པ། འབྱོར་ཕྱུག་གི་ས་གཞི་འདིའི་སྟེང་དུ། མི་རིགས་སོ་སོའི་མི་དམངས་ལ་ཐུན་མོང་གི་ཁྱིམ་གཞིས་ཞིག་ཡོད་དེ། དེ་ནི་ཀྲུང་གོ་ཡིན། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཡིན་ལ། ཚང་མར་ཐུན་མོང་གི་མིང་ཞིག་ཡོད་པ་དེ་ནི་ཀྲུང་གོའི་མི་ཡིན། ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཡིན།
གཉིས། མི་རིགས་སོ་སོས་མཉམ་དུ་རླབས་ཆེན་མེས་རྒྱལ་གསར་གཏོད་དང་འཕེལ་རྒྱས། སྲ་བརྟན་དུ་གཏོང་དགོས།
མི་རིགས་སོ་སོས་མཉམ་དུ་མེས་རྒྱལ་གྱི་རྒྱ་ཆེ་བའི་མངའ་ཁོངས་གསར་འབྱེད་བྱས་ཡོད་ཅིང་། ལེ་དབར་སྟོང་གི་ས་ཁོངས་ཚང་མ་ཚོང་བའི་སྡོད་གནས་ལྟ་བུར་གྱུར་ཡོད། མི་རིགས་སོ་སོའི་མེས་པོ་རྣམས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་མཉམ་དུ་གསར་སྤེལ་བྱས་ཡོད། གནའ་ནས་བཟུང་། ཀྲུང་ཡོན་དང་མཐའ་མཚམས་མི་དམངས་ནམ་ཡང་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད། ཁྱད་པར་དུ་ཆིན་རྒྱལ་རབས་ནས་བཟུང་། རྒྱ་རིགས་མཐའ་མཚམས་སུ་སྡོད་པ་དང་མཐའ་མཚམས་མི་དམངས་ནང་ལོག་ཏུ་གནས་སྤོ་བྱེད་ཀྱིན་ཡོད་ལ། མི་རིགས་ཀྱི་མཉམ་འདྲེས་ཆེན་པོ་ཐེངས་འགའ་བརྒྱུད་ནས། མི་རིགས་སོ་སོ་མཉམ་འདྲེས་བྱས་ཏེ་རང་ཉིད་གནས་སའི་ས་ཆ་མཉམ་དུ་གསར་འབྱེད་བྱས་ཡོད། དེང་སྐབས། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ལྷག་ཙམ་གྱི་མངའ་ཁོངས་ཕུན་སུམ་ཚོགས་ལ་ཡངས་ཤིང་རྒྱ་ཆེ་ཞིང་། དེ་ནི་མི་རིགས་སོ་སོའི་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་བླ་ན་མེད་པའི་ཡུལ་གྲུ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་མཛེས་སྡུག་གི་ཁྱིམ་གཞིས་ཞིག་ཀྱང་ཡིན།
མི་རིགས་སོ་སོས་མཉམ་དུ་གཅིག་གྱུར་གྱི་མི་རིགས་མང་བོའི་རྒྱལ་ཁབ་བཙུགས། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྡོག་རྩ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། གཅིག་གྱུར་གྱི་མི་རིགས་མང་བོའི་རྒྱལ་ཁབ་བཙུགས། ལྷག་པར་དུ་ཉེ་རབས་ནས་བཟུང་། ཕྱི་ཕྱོགས་བཙན་འཛུལ་བའི་བཙན་གནོན་གྱི་ཛ་དྲག་གི་གནས་བབ་འོག རང་རྒྱལ་གྱི་མི་རིགས་སོ་སོས་ལག་རྡང་སྦྲེལ་ཞིང་དཔུང་བ་མཉམ་གཤིབས་ཀྱིས་ཞུམ་མེད་འབད་འཐབ་དང་དམར་འཛིང་འབད་འཐབ་བྱས་ནས། གདུག་རྩུབ་ཆེ་བའི་བཙན་འཛུལ་བ་ཚང་མ་ཕམ་པར་བྱས་པ་དང་། མི་རིགས་སྒེར་ཚུགས་དང་རང་དབང་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་མེས་རྒྱལ་ལ་སྲུང་སྐྱོབ་དང་ཕྱི་རྒྱལ་གྱི་བརྙས་བཅོས་འགོག་པའི་ལོ་རྒྱུས་མཉམ་དུ་བྲིས་ཡོད་ལ། མཇུག་མཐར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ་ཀྲུང་གོ་གསར་བ་བཙུགས་པ་རེད། ད་ལྟ། མི་རིགས་སོ་སོས་མཉམ་དུ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱས་པ་ནི། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན།
མི་རིགས་སོ་སོས་མཉམ་དུ་འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་བརྩམས། ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ། རང་རྒྱལ་དུ་རིམ་བཞིན་ཡན་ཧོང་ཧྭ་ཞཱ་དེ་ལྟེ་བར་བྱས་ནས་ཕྱོགས་སོ་སོའི་མི་དམངས་གནམ་འོག་གཅིག་ཏུ་མཉམ་འདྲེས་བྱེད་པའི་རྣམ་པ་ཆགས། ཆིན་རྒྱལ་རབས་ཀྱིས་ཡི་གེ་དང་བགྲོད་ལམ། འཇལ་བྱེད། ཀུན་སྤྱོད་བཅས་གཅིག་གྱུར་བྱས་ཏེ། ཀྲུང་གོ་གཅིག་གྱུར་གྱི་མི་རིགས་མང་བོའི་རྒྱལ་ཁབ་འཕེལ་རྒྱས་ལོ་རྒྱུས་ཀྱི་མགོ་བརྩམས། ཆིན་དང་ཧན་རྒྱལ་རབས་ཀྱི་ཟིལ་ཤུགས་དང་། ཐང་ཆེན་མོའི་འཕེལ་རྒྱས་རྣམ་པ། ཁང་ཞི་དང་ཆན་ལུང་གི་རྫོགས་ལྡན་དུས་རབས་བཅས་ནི་མི་རིགས་སོ་སོས་མཉམ་དུ་བསྐྲུན་པའི་ལོ་རྒྱུས་རེད། ད་ལྟ། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་ལ་སྐུལ་འདེད་གཏོང་དགོས་ན་མི་རིགས་སོ་སོའི་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས།
མི་རིགས་སོ་སོས་མཉམ་དུ་འོད་སྟོང་འཚེར་བའི་ཀྲུང་ཧྭའི་ལོ་རྒྱུས་བསྐྲུན། ཀྲུང་ཧྭའི་རིག་གནས་ནི་མི་རིགས་སོ་སོའི་རིག་གནས་མཉམ་དུ་གཅིག་འདུས་བྱས་པ་ལས་གྲུབ། རང་རྒྱལ་གྱི་མི་རིགས་སོ་སོས་སྙན་ངག་གི་བསྟན་བཅོས་དང་ཁྲུའུ་ཡི་སྙན་ཚིག ཧན་གྱི་བསྟོད་ཚིག ཐང་གི་སྙན་ངག སུང་གི་སྙན་ཚིག ཡོན་གྱི་ཟློས་གར། མིན་ཆིང་རྒྱལ་རབས་ཀྱི་གཏམ་རྒྱུད་སོགས་བརྩམས་ཆོས་གྲགས་ཅན་བརྩམས་པ་དང་། གེ་སར་རྒྱལ་བོ་དང་མཱ་ནཱ་སི། ཇིང་གིར་སོགས་མི་སེམས་འགུལ་བར་བྱེད་པའི་རླབས་ཆེན་གྱི་སྙན་རྩོམ་རྒྱུད་འཛིན་བྱས་ལ། ལྕགས་རི་རིང་པོ་དང་ཏུའུ་ཅང་ཡཱན་ཆུ་རགས། ཏཱ་ཡོན་ཆུ་བོ། གནའ་བོའི་རྒྱལ་བོའི་ཕོ་བྲང་། པོ་ཏ་ལ། ཁཱར་ཅིན་སོགས་རླབས་ཆེན་གྱི་བཟོ་བཀོད་འཛུགས་སྐྲུན་བྱས། ཀྲུང་ཧྭའི་རིག་གནས་ཕུན་སུམ་ཚོགས་ཤིང་། རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་དོན་མཉམ་གསོག་མཉམ་བསྡུ་བྱེད་པའི་དཀྱེལ་ཡངས་རང་བཞིན་གྱི་ཁྱད་ཆོས་ལ་རག་ལས་ཡོད། མི་རིགས་སོ་སོའི་རིག་གནས་ཕན་ཚུན་བརྗེ་རེས་དང་ཀྲུང་ཧྭའི་རིག་གནས་ཡུན་རིང་འཕེལ་རྒྱས་ཕྱིན་པས། དེ་ནི་ད་ལྟའི་ང་ཚོའི་རིག་གནས་ཀྱི་ཡིད་རྟོན་དྲག་པོའི་འབྱུང་རྩ་རེད།
མི་རིགས་སོ་སོས་མཉམ་དུ་རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཞིང་ལས་དཔལ་ཡོན་གྱི་ལས་བརྩོན་བབ་ཆགས་དང་གུས་ལུགས་ལྡན་པ། རྩྭ་ཐང་དཔལ་ཡོན་གྱི་རྒོད་ཅིང་དཔའ་ངར་ལྡན་པ། རྒྱ་མཚོའི་དཔལ་ཡོན་གྱི་ཀླུང་བརྒྱ་མཚོ་སྡུད་དང་འབད་བརྩོན་བྱེད་ཕོད་པ་བཅས་རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་གཤིས་དང་ངང་རྒྱུད་དུ་གྲུབ་ལ། མཉམ་དུ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་གྲུབ་ཡོད། ཉེ་རབས་ཚུན་གྱི་འཇར་འགོག་དམག་འཁྲུག་ཁྲོད། མི་རིགས་སོ་སོའི་ཁྲག་རྒྱུན་གཅིག་ཏུ་འདྲེས་ཤིང་སེམས་པ་གཅིག་ཏུ་སྦྲེལ་བས། གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་དེ་རང་དབང་ནས་རང་རྟོགས་ཀྱི་རླབས་ཆེན་འཕོ་འགྱུར་མངོན་འགྱུར་བྱུང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་མི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་སྐྱེད་སྲིང་དང་རྒྱུད་འཛིན་བྱས་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། མི་རིགས་སོ་སོའི་ཁྲག་རྒྱུན་དང་རྣམ་ཤེས་ཁྲོད་དུ་འདྲེས་པར་གྱུར་བས། ཀྲུང་གོ་ཡར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་བསམ་བློའི་སྒུལ་ཤུགས་དྲག་པོར་གྱུར་ཡོད།
ཐུན་མོང་ལྔ་ནི་གནའ་ནས་ད་ལྟའི་བར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་མི་རིགས་ཀྱི་འཕོ་འགྱུར་ལ་རྒྱང་ལྟ་དང་གཅིག་གྱུར་གྱི་མི་རིགས་མང་བོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་ཞིབ་ལྟ་བྱས་པའི་ལོ་རྒྱུས་ཀྱི་ངེས་ཚིག་ཡིན། ཀྲུང་གོའི་ལོ་རྒྱུས་ཁག་ཅིག་ནི་མི་རིགས་སོ་སོ་མཉམ་འདྲེས་གཅིག་འདུས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པའི་ལོ་རྒྱུས་ཁག་ཅིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་དཔལ་འབྱོར་གྱི་སྦྲེལ་ཐག་སྔར་ལས་ཇེ་དམ་དུ་གྱུར་ཞིང་། གཅིག་གྱུར་ཆེན་མོའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་ལ། རིག་གནས་ཀྱི་ཁས་ལེན་སྔར་ལས་ཇེ་ཟབ་ཏུ་གྱུར། གཅིག་མཐུན་ཚོགས་པ་འདི་ནི་དངོས་ཡོད་ཁྲོད་གནས་པའི་མི་རིགས་ཀྱི་ཚོགས་པ་ཡིན་ལ། གོང་བུར་འདྲིལ་ཤུགས་དང་ཚེ་སྲོག་ནུས་པ་ལྡན་པའི་གཅིག་མཐུན་ཚོགས་པ་ཡིན་པ་ལས། སྟོང་བསམ་གྱི་གཅིག་མཐུན་ཚོགས་པ་དང་ཤུན་ལྐོག་སྟོང་བ་ལྟ་བུ་ཞིག་མིན།
གསུམ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས།
ལོ་རྒྱུས་ནི་མེ་ལོང་ལྟ་བུ་ཡིན་ལ། གནའ་དེང་གནས་ཚུལ་གསལ་བས་ལོ་རྒྱུས་སྦྱངས་ན་རིག་པ་གསལ། ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད། ཀྲུང་ཧྭ་མི་རིགས་ཀྱིས་ཁྱད་དུ་འཕགས་ཤིང་འོད་སྟོང་འཚེར་བའི་རིག་གནས་བསྐྲུན་པ་དང་། ཕུན་སུམ་ཚོགས་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གསོག་འཇོག་བྱས། ང་ཚོའི་རྒྱལ་ཁབ་ཀྱིས་གནའ་ནས་ད་བར་དུ་ལོ་རྒྱུས་སྦྱོང་བ་དང་ལོ་རྒྱུས་སྐྱོང་བ། ལོ་རྒྱུས་ཉར་བ། ལོ་རྒྱུས་བཀོལ་བ་བཅས་ལ་མཐོང་ཆེན་བྱས་ཏེ། རྫོགས་ལྡན་དུས་རབས་ཀྱི་ལོ་རྒྱུས་འབྲི་བའི་ཕུལ་བྱུང་སྲོལ་རྒྱུན་ཡོད་པས། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱུན་ཆད་མེད་པར་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་པ་དང་། འཛམ་གླིང་སྟེང་གི་ལོ་རྒྱུས་ཆེས་ཆ་ཚང་བའི་རྒྱལ་ཁབ་ཅེས་པའི་མཚན་སྙན་ཐོབ་ཡོད། རྒྱ་མཚོའི་ཀློང་དང་མཉམ་པའི་ལོ་རྒྱུས་བསྟན་བཅོས་ཡོད་པས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་ཅིང་ཕུན་སུམ་ཚོགས་ལ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དར་སྤེལ་བྱེད་ཐུབ་པ་དང་། མི་ཚང་མས་ད་གཟོད་ང་ཚོའི་མི་རིགས་མང་བོའི་གཅིག་གྱུར་གྱི་རྒྱལ་ཁབ་ཆེན་མོ་འདིའི་འཕེལ་རྒྱས་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་མོ་བྱེད་ཐུབ་པ་བྱུང་།
ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་མཐོང་ཆེན་དང་དེར་ཞིབ་འཇུག་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་གཏིང་ཟབ་པས། སྔོག་འདོན་དང་དག་སྒྲིག འགྲེལ་བཤད་བྱེད་དགོས་པའི་དོན་དངོས་ལོ་རྒྱུས་མང་པོ་ཡོད་ལ། གནད་དོན་མང་པོ་ཞིག་ལ་ལན་འདེབས་པར་རེ་སྒུག་བྱས་ཡོད། ངེས་པར་དུ་ཕྱོགས་མང་པོའི་ཞིབ་འཇུག་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བྱུང་བ་དང་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་དོན་དངོས་དང་གནའ་དཔྱད་དངོས་རྫས། རིག་གནས་ཤུལ་བཞག་བཅས་སྔོག་འདོན་གང་ལེགས་དང་བེད་སྤྱོད་ལེགས་པོ་བྱེད་ཅིང་། རིག་ཚན་བརྒལ་བའི་ཞིབ་འཇུག་ཟབ་མོ་བྱེད་ལ། ལོ་རྒྱུས་རིག་པ་དང་གནའ་དཔྱད་རིག་པ། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། རིག་གནས་རིག་པ། སྤྱི་ཚོགས་རིག་པ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་དང་རིག་གཞུང་ཚོགས་པ་དེའི་ཁྲོད་དུ་ཞུགས་པར་སྐུལ་སློང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིབ་འཇུག་ནུས་པ་དང་ཞིབ་འཇུག་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་དང་ལོ་རྒྱུས་ཆོས་ཉིད་གསལ་སྟོན། ལོ་རྒྱུས་གནས་བབ་དམ་འཛིན་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་བཏོན་ནས། ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཡིག་ཆའི་མ་ལག་དང་གཏམ་བརྗོད་མ་ལག གཞུང་ལུགས་མ་ལག་བཅས་བསྐྲུན་དགོས།
ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་ལོ་རྒྱུས་འབྲི་བ་ནི་ཆབ་སྲིད་རང་བཞིན་དྲག་པོ་ལྡན་པའི་བྱ་བ་ཞིག་ཡིན་ཕྱིར། ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་ལྔའི་རྩ་བའི་ལྟ་ཚུལ་ལ་དམ་པོར་དམིགས་ནས། སྤྱིའི་མཐོང་སྣེ་དང་འཕེལ་རྒྱས་ཀྱི་མཐོང་སྣེ། མཉམ་འདྲེས་ཀྱི་མཐོང་སྣེ་བཅས་ནས་མགོ་བརྩམས་ཏེ་ལོ་རྒྱུས་ཡིག་ཆར་འགྲེལ་ཀློག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཐོ་ཚད་ནས་ལོ་རྒྱུས་འགྲེལ་བཤད་དབང་ཆ་དང་གཏམ་བརྗོད་དབང་ཆ་དམ་འཛིན་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་དང་གྲུབ་ཚུལ། འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་འགྲེལ་བཤད་ལེགས་པོ་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་སྣ་མང་གཞི་གཅིག་ཅན་གྱི་རྣམ་པས་གྲུབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འགྲེལ་བཤད་ཡག་པོ་བྱེད་ལ། ཀྲུང་ཧྭའི་དཔལ་ཡོན་གྱི་ཁྱད་ཆོས་དང་དེ་གྲུབ་པའི་རྒྱུ་རྐྱེན་ལ་འགྲེལ་བཤད་ལེགས་པོ་བྱེད་དགོས།
འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བར་དོ་སྣང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་གཞུང་ལུགས་ནས་གཞུང་ལུགས་དང་། དཔེ་དེབ་ནས་དཔེ་དེབ་ཙམ་གྱིས་མི་ཆོག་ལ། རིག་གཞུང་ཞིབ་འཇུག་རྐྱང་བས་མི་ཆོག་པར། མཐའ་མཇུག་ངེས་པར་དུ་སྲིད་སྐྱོང་མི་སྐྱོང་གི་ཕྱོགས་ལའབབ་དགོས། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་ལས་བྱེད་མི་སྣའི་གསོ་སྦྱོང་དང་སློབ་ཁྲིད་བཅོས་སྒྱུར། ཕྱི་ཕྱོགས་དྲིལ་སྒྲོག་བཅས་ཀྱི་ཁྲོད་དུ་བེད་སྤྱོད་བྱེད་པ་དང་། འབྲེལ་ཡོད་ཞིབ་འཇུག་གི་དྲིལ་སྒྲོག་ཁྱབ་གདལ་དང་དངོས་ཡོད་གནས་ཚུལ། གོ་སྐོན་བློ་འགུག་བྱེད་པའི་འགྲེལ་བཤད་བཅས་བརྒྱུད་དེ། ལས་བྱེད་པའི་ཀླད་པར་དྲག་ཆས་སྤྲས་པ་དང་། མི་རིགས་བྱ་བའི་ལག་ལེན་ལ་མཛུབ་སྟོན་བྱེད་ཅིང་། དེ་དང་མཉམ་དུ། རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་གྱི་སྣ་མང་གཞི་གཅིག་ཅན་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱེད་ལ། ཀྲུང་ཧྭའི་དཔལ་ཡོན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་མིའི་རིགས་ཀྱི་དཔལ་ཡོན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁས་ལེན་དང་ཁོངས་གཏོགས། ང་རྒྱལ་བཅས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་ཤུགས་རྐྱེན་དང་འབོད་སྐུལ་ནུས་པ་མཐོར་འདེགས་གཏོང་དགོས།
ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པའི་ལོ་རྒྱུས་རྩོམ་སྒྲིག་བྱེད་པ་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཁྲོད་བཞག་ཡོད་ལ། རྫོགས་ལྡན་དུས་རབས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་རིག་གནས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་ལས་གཞི་ཞིག་ཡིན་པ་དང་། ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་འཇོན་མི་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་གཏོང་གི་ལས་གཞི་ཞིག་ཀྱང་རེད། ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལངས་ཕྱོགས་བརྟན་པོ་བྱེད་པ་དང་། ལོ་རྒྱུས་དང་གཞུང་ལུགས་ཟུང་འབྲེལ་བྱས་ནས་གཞུང་ལུགས་ནི་ལོ་རྒྱུས་ལས་བྱུང་བ་རྒྱུན་འཁྱོངས་བྱེད་ལ། ཐུན་མོང་ལྔ་གསལ་བོར་བཤད་པ་དང་། གཅིག་གྱུར་ཆེན་མོ་གནད་ལ་འཕིགས་པར་བཤད་ཅིང་། སྣ་མང་གཞི་གཅིག་ཅན་གསལ་བོར་བཤད་དེ། ཀྲུང་ཧྭ་མི་རིགས་ཀྱི་བྱུང་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ཡང་དག་པའི་སྒོ་ནས་དམ་འཛིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆེ་མཐོང་དཔེ་རིས་འབྲི་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལངས་ཕྱོགས་ནས་འགྲེང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གཙོ་ཐིག་འདི་དམ་པོར་འཛིན་པར་མ་ཟད་རྩོམ་སྒྲིག་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས།
ལེའུ་ལྔ་པ། ངེས་པར་དུ་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས།
གཅིག མི་རིགས་འདྲ་མཉམ་ནི་རྒྱལ་ཁབ་འཛུགས་པའི་རྩ་བའི་རྩ་དོན་གྱི་གྲས་ཤིག་ཡིན།
མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ནས། རྣམ་པ་གང་རུང་གི་མི་རིགས་མཐོང་ཆུང་དང་གཉའ་གནོན་ལ་ངོ་རྒོལ་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་ལྟ་བ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་ལོ་རྒྱུས་ལྟ་བས་ལོ་རྒྱུས་ནི་མི་དམངས་ཀྱིས་གསར་བསྐྲུན་བྱས་པར་འདོད། མི་རིགས་སོ་སོར་མི་འབོར་ཅི་ཙམ་ཡོད་རུང་། བཅའ་སྡོད་ཁུལ་ཁོངས་ཅི་འདྲ་ཡིན་ཡང་། རིག་གནས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བ་ཅི་ཞིག་ཡོད་ཀྱང་། ཁོ་ཚོས་རང་རང་གི་ཐབས་ལམ་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱས་པ་དང་དཔལ་ཡོན་གསར་སྐྲུན་བྱས་པས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་རང་རང་གི་བྱས་རྗེས་བཞག་ཡོད། དེའི་ཕྱིར། མར་ཁེ་སི་རིང་ལུགས་ཀྱིས་མི་རིགས་ཡོད་ཚད་འདྲ་མཉམ་ཡིན་པའི་འདོད་བློ་བཏོན་ནས་རྒྱུན་འཁྱོངས་བྱས་ལ། མི་རིགས་ཀྱི་ཁྱད་དབང་སྤྱོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། མི་རིགས་སོ་སོར་རང་རང་གི་ཁྱད་ཆོས་ཡོད་པར་འདོད་པ་དང་། མི་རིགས་ལ་ཆེ་ཆུང་དང་འཕེལ་རྒྱས་ལ་སྔོན་ཐོན་དང་རྗེས་ལུས་ཡོད་རུང་། ལེགས་ཉེས་དང་བཟང་ངན་གྱི་ཁྱད་པར་མེད་པར་ཚང་མ་འདྲ་མཉམ་ཡིན་དགོས།
ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ཆ་ནས། གུང་ཁྲན་ཏང་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་མི་རིགས་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ཁྲོད། རྒྱུན་དུ་མི་རིགས་སོ་སོའི་མི་གྲངས་མང་ཉུང་དང་ལོ་རྒྱུས་རིང་ཐུང་། འཕེལ་རྒྱས་ཆུ་ཚད་མཐོ་དམའ་བཅས་མི་དབྱེ་བར་ཚང་མ་འདྲ་མཉམ་ཡིན་པའི་འདོད་ཚུལ་བཏོན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་མི་རིགས་འདྲ་མཉམ་དེ་རྩ་བའི་རྩ་དོན་ཞིག་ཏུ་བརྩིས་ནས་རྩ་ཁྲིམས་ནང་བཞག་པ་དང་། དེའི་རྗེས་སུ་ཐེངས་མང་པོར་རྩ་ཁྲིམས་བཟོ་བཅོས་བྱས་ནས་མུ་མཐུད་དུ་རྩ་དོན་འདི་བསྐྱར་སྒྲོག་དང་འཐུས་ཚང་དུ་བཏང་བ་རེད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེ་བའི་མི་རིགས་བརྟག་དཔྱད་དང་ངོས་འཛིན་གྱི་བྱ་བ་བསྒྲུབས་པ་དང་། བཅིངས་འགྲོལ་སྔོན་ལ་ཁས་མི་ལེན་པ་དང་རྩ་བའི་ཁེ་དབང་ལ་འགན་སྲུང་མི་བྱེད་པའི་གྲངས་ཉུང་མི་རིགས་བཅུ་ཕྲག་ལྷག་དངོས་སུ་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་མོའི་ཁྲོད་འདྲ་མཉམ་གྱི་མི་རིགས་སུ་གྱུར། ཀྲུང་གོ་རྙིང་བའི་སྐབས་སུ་ལུས་པའི་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་ས་མིང་དང་རིགས་རྒྱུད་ཀྱི་མིང་། འབོད་སྟངས་གཞན་དག་བཅས་མེད་པར་བཏང་བའམ་བཅོས་སྒྱུར་བྱས། གཟབ་ནན་བརྟན་འཕར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་མི་རིགས་ས་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱས་པ་དང་། གྲངས་ཉུང་མི་རིགས་ནང་ཁུལ་གྱི་གྲལ་རིམ་གཉའ་གནོན་དང་གྲལ་རིམ་བཤུ་གཞོག་གི་གནད་དོན་ཐག་གཅོད་བྱས། མི་རིགས་སོ་སོའི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་མཐོང་ལེགས་པོ་བྱས།
བློ་ཐག་ཆོད་པའི་བྱེད་ཐབས་འགའ་བརྒྱུད་དེ། ཀྲུང་གོ་རྙིང་བའི་མི་རིགས་སོ་སོའི་མི་དམངས་ཀྱིས་གཉའ་གནོན་བཤུ་གཞོག་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡུན་རིང་སོར་གནས་དང་རྗེས་ལུས་ཡིན་པའི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་། མི་རིགས་སོ་སོར་ལོ་རྒྱུས་སྟེང་ཐོག་དང་པོར་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་དངོས་སུ་ཐོབ་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་དམངས་གཙོ་དང་རང་དབང་གི་དབང་ཆ། འདྲ་མཉམ་གྱི་འཕེལ་རྒྱས་དབང་ཆ་ལྡན་པར་གྱུར་ལ། མཉམ་དུ་རང་ཁྱིམ་རང་བདག་བྱས་པར་བརྟེན། ཀྲུང་གོ་རྙིང་བའི་མི་རིགས་ཀྱི་གཉའ་གནོན་དང་འཐབ་རྩོད་ཀྱིས་ཁེངས་པའི་དཀའ་སྡུག་གི་ལོ་རྒྱུས་མཇུག་སྒྲིལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་བ་ཞིག་གི་མགོ་བརྩམས།
གཉིས། མི་རིགས་སོ་སོས་མཉམ་དུ་རང་ཁྱིམ་རང་བདག་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པར་ཟབ་ཞུགས་བྱེད་དགོས།
རང་རྒྱལ་དུ་མི་རིགས་སོ་སོ་འདྲ་མཉམ་གྱི་གོ་གནས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དང་ས་གནས་ཀྱི་ལས་དོན་དོ་དམ་བྱེད་པར་ཟབ་ཞུགས་བྱེད་ཆོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ན་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཤིག་ཡིན་ན། མི་རིགས་དང་རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གི་སྐྱེས་ཁུངས། ཆོས་ལུགས་དད་མོས། སློབ་གསོའི་ཚད་རིམ། རྒྱུ་ནོར་མང་ཉུང་། བཅའ་སྡོད་བྱེད་ཡུན་བཅས་དབྱེ་བ་མི་འབྱེད་པར་ཚང་མར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད་པ་གཏན་འབེབས་བྱས་ཡོད། དེས་མི་ཚད། བཅའ་ཁྲིམས་ཀྱིས་མི་རིགས་སོ་སོའི་འདྲ་མཉམ་གྱི་ཆབ་སྲིད་ཟབ་ཞུགས་ལ་འགན་སྲུང་བྱས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས་ལས། འདུས་སྡོད་ཁུལ་གྱི་རིགས་གཅིག་པའི་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་འབོར་དེ་ས་ཁོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆའི་བཅོ་ལྔ་ལས་ཉུང་ན། འཐུས་མི་སོ་སོས་ཚབ་བྱེད་པའི་མི་འབོར་གྱི་ཁ་གྲངས་དེ་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སོ་སོས་ཚབ་བྱེད་པའི་འཐུས་མིའི་མི་འབོར་གྱི་ཁ་གྲངས་ལས་འོས་འཚམ་གྱིས་ཉུང་ཆོག་མོད། འོན་ཀྱང་གཉིས་ཆའི་གཅིག་ལས་ཉུང་མི་ཆོག ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་མི་འབོར་ཧ་ཅང་ཉུང་བའི་རང་སྐྱོང་རྫོང་གིས་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་བརྒྱུད། གཉིས་ཆའི་གཅིག་ལས་ཉུང་ཆོག མི་རིགས་ཧ་ཅང་ཉུང་བའི་འདུས་སྡོད་མི་རིགས་གཞན་དག་ལ་མ་མཐའ་ཡིན་ཡང་འཐུས་མི་གཅིག་རེ་དགོས། སྐབས་རིམ་བྱུང་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང། གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་མི་འབོར་གྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་སྤྱིའི་མི་འབོར་གྱི་ཟིན་ཚད་ཀྱི་བསྡུར་ཚད་དེ་དུས་མཉམ་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་རྒྱལ་ཡོངས་སྤྱིའི་མི་འབོར་གྱི་ཟིན་ཚད་ཀྱི་བསྡུར་ཚད་ལས་མཐོ།
གསུམ། མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
རིང་ལུགས་རིགས་གཉིས་ལ་ངོ་རྒོལ་བྱེད་པའི་གནད་དོན་དེ། ཐུན་མོང་རྩ་འཛིན་ནས་ད་ལྟ་ལག་བསྟར་བྱེད་ཀྱིན་པའི་རྩ་ཁྲིམས་བར་དུ་གཏན་འབེབས་བྱས་ཡོད། ཐུན་མོང་རྩ་འཛིན་ལས་མི་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་བསྟན་ཡོད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད་དུ། མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་གཏན་འབེབས་བྱས། 1953ལོར། བློ་མཐུན་མའོ་ཙེ་ཏུང་གིས་བསྟན་དོན། ས་གནས་ལ་ལར་མི་རིགས་འདྲ་མཉམ་ཕལ་ཆེར་མངོན་འགྱུར་བྱུང་ཡོད་ལ། མི་རིགས་བར་གྱི་འཁོན་སེམས་ཀྱང་ཕལ་ཆེར་མེད་པར་གྱུར་ཡོད་པས། ས་གནས་འདི་གར་མི་རིགས་ཆེན་པོའི་རིང་ལུགས་ལྷག་འཕྲོ་ཙམ་ལས་མེད་ཅེས་བཤད་ཆོག ཡིན་ན་ཡང་རྩ་བའི་ཆ་ནས་མི་རིགས་འདྲ་མཉམ་མངོན་འགྱུར་བྱུང་མེད་ལ། མི་རིགས་བར་དུ་འཁོན་སེམས་ཡོད་པའི་ས་གནས་ཁག་ཏུ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་གནད་དོན་ཚབས་ཆེན་ཡོད་པས། ལྷག་འཕྲོ་ཙམ་ལས་མེད་ཅེས་བཤད་མི་ཆོག དེང་གི་དུས་འདིའི་ཉེན་ཁའི་བསམ་བློ་གཙོ་བོ་ནི་རྒྱ་རིགས་ཆེན་མོའི་རིང་ལུགས་ཡིན་པས། མི་རིགས་ཆེན་པོའི་རིང་ལུགས་ཞེས་འོལ་ཚོད་ཀྱིས་བཤད་མི་རུང་། 1957ལོར། བློ་མཐུན་མའོ་ཙེ་ཏུང་གིས་ཡང་བསྐྱར་བསྟན་དོན། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ཡང་ན་ས་གནས་མི་རིགས་རིང་ལུགས་གང་ཡིན་རུང་། ཚང་མ་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ལ་ཕན་པ་མེད་པར་བརྟེན། འདི་ནི་ཁྱད་བསལ་བྱེད་དགོས་པའི་མི་རིགས་ནང་ཁུལ་གྱི་འགལ་བའི་རིགས་ཤིག་རེད། གནད་དོན་འདིའི་རིགས་ཐག་གཅོད་བྱེད་པའི་འགག་རྩ་ནི་རྒྱ་རིགས་ཆེན་མོའི་རིང་ལུགས་ཁྱད་བསལ་བྱེད་པ་དེ་ཡིན་ལ། ས་གནས་མི་རིགས་རིང་ལུགས་ཡོད་སའི་གྲངས་ཉུང་མི་རིགས་ཁྲོད་དུ། དུས་མཉམ་དུ་ས་གནས་མི་རིགས་རིང་ལུགས་ཁྱད་བསལ་བྱེད་དགོས།
མི་རིགས་ཆེན་མོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ནི་མི་རིགས་མཐུན་སྒྲིལ་གྱི་དགྲ་ཟླར་གྱུར་ཡོད། མི་རིགས་ཆེན་མོའི་རིང་ལུགས་ཀྱི་ནོར་འཁྲུལ་ཇེ་ཆེར་སོང་ན་མི་རིགས་མཐོང་ཆུང་གི་གནས་ཚུལ་འབྱུང་སླ་བ་དང་། ས་གནས་མི་རིགས་རིང་ལུགས་ཀྱི་ནོར་འཁྲུལ་ཇེ་ཆེར་སོང་ན་བློ་འགལ་སེམས་འགལ་བྱུང་ནས། མཇུག་མཐར་མི་རིགས་བར་འཁོན་སེམས་འབྱུང་ལ་དགྲ་ཟླར་ལངས་སྲིད་པས། གནས་ཚུལ་ཚབས་ཆེ་ན་དགྲ་ཕྱོགས་སྟོབས་ཤུགས་ཀྱིས་བེད་སྤྱོད་བྱེད་ངེས། མི་རིགས་ནང་ཁུལ་དང་བློ་མཐུན་བར་དུ་རིང་ལུགས་ངོས་ཐད་ཀྱི་འགལ་བ་མང་པོ་མེད་པས། འགལ་བ་ཇེ་ཆེར་འགྲོ་བ་དང་རིང་ལུགས་གཉིས་ནང་དམེའི་ལག་ཆར་འགྱུར་བར་སྔོན་འགོག་བྱེད་དགོས། རང་རང་གི་སྐྱོན་ཆ་ངོས་ལེན་བྱེད་པ་དང་ཕྱོགས་གཅིག་ཏུ་བསྡུས་ནས། མི་རིགས་སོ་སོའི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་རང་རྟོགས་སྒོས་མི་རིགས་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་དང་། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཡོངས་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ངེས་པར་དུ་ལངས་ཕྱོགས་གསལ་བོས་མི་རིགས་ཆེན་མོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། མི་རིགས་སོ་སོ་འདྲ་མཉམ་མཐུན་སྒྲིལ་བྱེད་པ་རྒྱུན་འཁྱོངས་དང་། འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཞོམ་གཞིག་མེད་པར་བྱེད་དགོས།
བཞི། མི་རིགས་གང་རུང་ལ་མཐོང་ཆུང་བྱེད་པ་གཏན་འགོག་བྱེད་དགོས།
རང་རྒྱལ་གྱིས་རྣམ་པ་གང་རུང་གི་མི་རིགས་འཁོན་འཛིན་དང་གཉའ་གནོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། རང་རྒྱལ་དུ་མི་རིགས་དགྲར་འཛིན་དང་མཐོང་ཆུང་ལ་ངན་སྐུལ་དང་། མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བའི་གཏམ་སྤྱོད་གང་ཡིན་ཡང་ཚང་མ་ཁྲིམས་འགལ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་མི་རིགས་གང་རུང་ལ་མཐོང་ཆུང་དང་གཉའ་གནོན་བྱེད་པར་གཏན་འགོག་བྱེད་པ་གཏན་འཁེལ་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་ལས་མི་རིགས་དགྲར་འཛིན་དང་མི་རིགས་མཐོང་ཆུང་ལ་ངན་སྐུལ་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན་ན། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཀག་འཇུག བཀག་སྡོམ་དང་། ཆབ་སྲིད་ཀྱི་ཁེ་དབང་མེད་པར་གཏོང་བ་བཅས་ཀྱི་ཁྲིམས་ཆད་གཅོད་དགོས། གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ན། ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་གཅོད་དགོས། དཔར་སྐྲུན་ཡིག་རིགས་ཁྲོད་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་ནང་དོན་བཀོད་ཡོད་པ་དང་། གནས་ཚུལ་མི་ལེགས་པ་ཡིན་ལ་མཇུག་འབྲས་ཚབས་ཆེན་བཟོས་ན། ཐད་ཀའི་འགན་འཁུར་མི་སྣར་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཀག་འཇུག་ཡང་ན་བཀག་སྡོམ་གྱི་ཁྲིམས་ཆད་གཅོད་དགོས་པ་གཏན་འཁེལ་བྱས་ཡོད།
བར་སྐབས་ཤིག་ལ། མཉམ་འབྲེལ་དྲ་རྒྱའི་སྟེང་དུ་མི་རིགས་དམིགས་བསལ་དང་ཆོས་ལུགས་དམིགས་བསལ་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་གཏམ་སྤྱོད་སྤེལ་བ་མཐོང་ཐུབ། ས་ཆ་འགའ་རེར་དམིགས་བསལ་གྱི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་དང་གདམ་གསེས་རང་བཞིན་གྱི་ཁྲིམས་བསྟར་བྱེད་པ་མཐོང་རྒྱུ་ཡོད། མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལ་དོ་སྣང་བྱེད་པ་དང་། འདྲ་མཉམ་གྱི་ལྟ་ཚུལ་དང་ཉེ་རིང་མེད་པ་རྒྱུན་འཁྱོངས་བྱེད་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་མཐོང་ཆུང་དང་བརྒྱུད་པའི་མཐོང་ཆུང་བྱེད་པ་དང་། མི་རིགས་ཀྱི་བརྩེ་བར་གནོད་པའི་གཏམ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་དང་གཏན་འགོག་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རྒྱུན་ལྡན་གྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་བྱེད་དགོས། ཁྱད་པར་ཅི་ཡང་མེད་པར་དམིགས་བསལ་གྱི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དེ་མི་རིགས་ཁ་བྲལ་སྟོབས་ཤུགས་དང་། ཆོས་ལུགས་ཀྱི་ཐལ་དྲགས་སྟོབས་ཤུགས། དྲག་ཤུགས་འཇིགས་སྐུལ་སྟོབས་ཤུགས་བཅས་དང་གཅིག་མཚུངས་སུ་བལྟ་མི་རུང་། སྟོབས་ཤུགས་གསུམ་ལ་གདོང་གཏོད་སྐབས། ངེས་པར་དུ་མི་རེ་རེས་རྡུང་རྡེག་གཏོང་བ་དང་སྙིང་རྗེ་སྤུ་ཙམ་ཡང་མི་སྐྱེ་བར། དམིགས་བསལ་གྱི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་སྟོབས་ཤུགས་གསུམ་གཅིག་མཚུངས་སུ་རློམ་མི་རུང་། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། སྟོབས་ཤུགས་གསུམ་གྱིས་སྤྱོད་ངན་སྤེལ་བར་དོགས་ཟོན་བྱེད་ཆེད། ངེས་མཁོའི་དོགས་ཟོན་བྱེད་ཐབས་སྤྱོད་དགོས་ཀྱང་། སྲིད་ཇུས་དམ་འཛིན་ལེགས་པོ་བྱེད་པ་ལས་ཚད་དང་བརྒལ་བ་སྔོན་འགོག་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱེད་ན། ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཚུད་པའི་མི་རིགས་སོ་སོའི་མི་དམངས་ལ་བརྟེན་དགོས།
ལེའུ་དྲུག་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོ་རུ་སྒྲེངས་དགོས།
གཅིག མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་ལྟ་བུ་ཡིན།
མི་རིགས་བྱ་བ་ལེགས་པོར་བསྒྲུབ་པའི་ཆེས་གནད་འགག་ནི་མི་རིགས་མཐུན་སྒྲིལ་བཟང་པོ་བྱེད་པ་དང་། ཆེས་གོ་ཆོད་པ་ནི་མི་སེམས་འགུག་རྒྱུ་དེ་རེད། ང་ཚོས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོ་རུ་བསྒྲེང་དགོས་པ་དང་། ཤུགས་ཆེན་པོས་ཡུན་རིང་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱེད་ཅིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན། རྒྱུན་རིང་རང་བཞིན་བཅས་ཀྱི་བྱ་བར་བརྩིས་ནས་བསྒྲུབ་དགོས། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རང་གི་མིག་ལ་གཅེས་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དང་། རང་གི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་དགོས་ལ། མི་རིགས་མཐུན་སྒྲིལ་ལ་ཕན་པ་མེད་པའི་གཏམ་སྤྱོད་ཚང་མར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དམ་ཟབ་དང་འཕེལ་རྒྱས་བཏང་སྟེ། མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ཁྲོད་སེའུ་འབྲུ་བཞིན་དུ་མཐུན་སྒྲིལ་དམ་པོ་བྱེད་པར་སྐུལ་འདེད་གཏོང་དགོས།
མཐུན་སྒྲིལ་བརྟན་ན་ལས་དོན་དར་ཞིང་རྒྱས། མཐུན་སྒྲིལ་བརྟན་འཇགས་ནི་བདེ་སྐྱིད་ཅིག་དང་། ཁ་བྲལ་ཟིང་འཁྲུག་ནི་ཆག་སྒོ་འབྱུང་བའི་རྒྱུ་ཡིན། ལོ་རྒྱུས་དང་དོན་དངོས་ལས་ང་ཚོར་ཤེས་སུ་བཅུག་པ་ནི། མི་རིགས་མང་བའི་རྒྱལ་ཁབ་ཅིག་ཏུ། མི་རིགས་བར་མཐུན་སྒྲིལ་ཡོད་པ་ཡིན་ན་ད་གཟོད་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱེད་ཐུབ་ལ། རྒྱལ་ཁབ་ཡག་པོ་ཞིག་འཛུགས་ཐུབ་པར་མ་ཟད། བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ། རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་མི་རིགས་སོ་སོ་དང་། ད་ལྟའི་མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཡོད། དཔེར་ན། བོད་རིགས་དང་། ཏའེ་རིགས། དབྱིས་རིགས། པའེ་རིགས། པུའུ་དབྱི་རིགས། ལི་སུའུ་རིགས་སོགས་མི་རིགས་ཀྱིས་ལྷོ་ནུབ་ས་ཁུལ་གསར་སྤེལ་བྱས་ཤིང་། ཐུའུ་ཅ་རིགས་དང་མེའོ་རིགས། ཡའོ་རིགས། ཀྲོང་རིགས། ལི་རིགས་སོགས་མི་རིགས་ཀྱིས་དབུས་ཁུལ་དང་ལྷོ་ཕྱོགས་ས་ཁུལ་གསར་སྤེལ་བྱས་ལ། ཧོས་རིགས་དང་ཡུ་གུར་རིགས། ཧ་སག་རིགས། ཁོར་ཁེ་ཙི་རིགས། ཏུང་ཞང་རིགས། ཧོར་རིགས་སོགས་མི་རིགས་ཀྱིས་ནུབ་བྱང་ས་ཁུལ་གསར་སྤེལ་བྱས་པ་དང་། སོག་རིགས་དང་མན་ཇུ་རིགས། ཞི་པོ་རིགས། ཁྲའོ་ཞན་རིགས་སོགས་མི་རིགས་ཀྱིས་བྱང་ཕྱོགས་དང་བྱང་ཤར་ས་ཁུལ་གསར་སྤེལ་བྱས་ཏེ་བྱས་རྗེས་ཆེན་པོ་བཞག་ཡོད་པས། འདི་ནི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཤིག་རེད། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཚང་མས་མི་རིགས་མཐུན་སྒྲིལ་ཆེན་མོའི་ཆབ་སྲིད་རྣམ་པ་གཅེས་འཛིན་བྱེད་ཅིང་། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་གནོད་པ་གཏོང་བའི་བྱ་སྤྱོད་ཅི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན།
རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ནང་གི་མི་རིགས་སོ་སོའི་མཐུན་སྒྲིལ་བཅས་ནི་ང་ཚོའི་ལས་དོན་ལ་རྒྱལ་ཁ་ལེན་ངེས་པའི་གཞི་རྩའི་འགན་ལེན་ཞིག་རེད། མི་རིགས་ཀྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་ན། ཆེས་གཞི་རྩར་གྱུར་པ་ནི་མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་ལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མི་རིགས་ཕན་ཚུན་རོགས་རེས་ལ་སྐུལ་འདེད་གཏོང་བ། མི་རིགས་འཆམ་མཐུན་ལ་ཡར་སྐུལ་བྱེད་པ་དེ་ཡིན། ང་ཚོས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་འབྱོར་ཕྱུག་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱ་རིགས་དེ་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་སོ་སོ་ཕན་ཚུན་ལ་ཁ་འབྲལ་ཐབས་མེད་པའི་བསམ་བློའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། འདུ་ཤེས་འདི་བྱིས་པའི་དུས་ནས་ཆགས་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་མ་ལག་འཛུགས་སྐྲུན་ཁྲོད་བསྡུ་ལེན་བྱེད་དགོས་ལ། ནང་གི་འདུ་ཤེས་དང་ཕྱིའི་བྱ་སྤྱོད་དུ་བསྒྱུར་བ་དང་། མི་རིགས་སོ་སོས་སྐྱིད་སྡུག་མཉམ་མྱོང་དང་ལས་སྐལ་གཅིག་མཐུན། གཅིག་སེམས་གཅིག་མཐུན་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
མེས་རྒྱལ་གྱི་ཁྱིམ་གཞིས་ཆེན་མོའི་ནང་། མི་རིགས་ང་དྲུག་ནི་སྤུན་མཆེད་ལྟ་བུ་ཡིན། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད། གྲངས་ཉུང་མི་རིགས་སོ་སོ་ཕན་ཚུན་བར་ཁ་འབྲལ་ཐབས་མེད། འདི་ནི་རང་རྒྱལ་གྱི་མི་རིགས་འབྲེལ་བའི་དོན་དངོས་དཔེ་མཚོན་ཞིག་ཡིན། རང་རྒྱལ་གྱི་མི་རིགས་འབྲེལ་བའི་ཆེ་ཕྱོགས་ལེགས་ཤིང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཞིག་ཡོད། མི་རིགས་ཁ་བྲལ་སྟོབས་ཤུགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླགས་གཏོང་རྩིས་ཡོད་ལ། མི་རིགས་ས་ཁུལ་ཁ་ཤས་ཤིག་ཏུ་མི་རིགས་ཕན་ཚུན་བར་འགལ་བ་བྱུང་བའི་སྣང་ཚུལ་ཡོད་ཀྱང་། དེ་ནི་ནང་གསེས་ཤིག་ཡིན་པ་ལས་གཙོ་བོ་མིན། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་དོན་དག་བྱུང་བ་དེ་མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་སྤྱི་ཡོངས་དང་ལྷན་དུ་སྦྱོར་མི་རུང་ཞིང་། གྲངས་ཉུང་མི་རིགས་ཁ་ཤས་ཁྲོད་ཀྱི་དོན་དག་བཟོ་མཁན་དག་མི་རིགས་དེའི་སྤྱི་ཡོངས་དང་ལྷན་དུ་སྦྱོར་མི་རུང་། གྲངས་ཉུང་མི་རིགས་རང་སྟེང་དུ་བྱུང་བའི་དོན་དག་དེ་ལག་ལེན་ལས་ར་སྤྲོད་བྱུང་ཞིང་དུས་ཡུན་རིང་བོར་ཕན་ནུས་ལྡན་པའི་མི་རིགས་སྲིད་ཇུས་དང་ལྷན་དུ་སྦྱོར་མི་རུང་། དོན་དངོས་གསལ་སྟོན་དང་གནས་ལུགས་མཐའ་འཁྱོལ་བཤད་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་གཙོ་རྒྱུན་ལ་བལྟ་བ་དང་། མི་རིགས་མཐུན་སྒྲིལ་གྱི་འོད་སྟོང་མདུན་ལྗོངས་ལ་མང་དུ་བལྟ་དགོས་ཤིང་། དུས་མཉམ་དུ། གནས་ཚུལ་གསར་བ་དང་འགྲན་རྩོད་གསར་བར་ལྟ་ཚུལ་ཡང་དག་བཟུང་སྟེ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་རྒྱུན་ཆད་མེད་པར་སྲུང་སྐྱོང་དང་དེ་འཕེལ་རྒྱས་གཏོང་དགོས།
གཉིས། མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་མི་སེམས་བརྩོན་ལེན་གྱི་ལས་དོན་སྒྲུབ་མཁས་བྱེད་དགོས།
མི་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན། མི་སེམས་རང་ལ་སྐོས་པ་ཞིག་ཡིན་ན། མི་རིགས་སོ་སོའི་མི་དམངས་ཀྱི་བློ་རྩེ་གཅིག་ལ་གཏོད་ཐུབ། མི་རིགས་མཐུན་སྒྲིལ་མཐར་ཐུག་ན་མི་དང་མིའི་བར་གྱི་མཐུན་སྒྲིལ་ཞིག་ཡིན། གྲུ་ཡི་སྟོབས་ཤུགས་རླུང་གཡོར་སྟེང་འཁེལ་ཡོད་ཅིང་། མི་ཡི་སྟོབས་ཤུགས་མིའི་སྟེང་དུ་གནས་པ་ཞིག་རེད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྒྲུབ་ན་གཙོ་བོར་སེམས་འདྲེས་པར་རག་ལས་པས། གཅིག་ལ་གཅིག་བརྟེན་དང་བློ་རྩེ་གཅིག་གཏོད་བྱེད་དགོས། ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། དམངས་གཙོ་ཏང་ཁག མི་དམངས་ཚོགས་པ་སོགས་ཚང་མས་འགུལ་སྐྱོད་སྤེལ་དགོས་ལ། མཉམ་དུ་བརྗེ་རེས་དང་གསོ་སྐྱོང་། བརྩེ་སེམས་གཅིག་འདྲེས་ཀྱིས་ལས་དོན་སྒྲུབ་པ་དང་། མཉམ་བསྐྲུན་མཉམ་འཛུགས་བྱས་ན། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་མིའི་སེམས་ཀྱི་འགོག་ཐིག་བརྟན་པོར་བཟོ་ཐུབ།
དད་ལྡན་མང་ཚོགས་ཀྱི་ལས་དོན་སྒྲུབ་པ་ནི་དམིགས་བསལ་གྱི་མང་ཚོགས་ལས་དོན་ཞིག་ཡིན། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁ་ཤས་ཤིག་གི་མང་ཚོགས་མང་ཆེ་བས་ཆོས་ལུགས་གང་རུང་ལ་དད་པ་བྱེད། གྲངས་ཉུང་མི་རིགས་འདི་དག་གི་ཁྲོད། སྲོལ་རྒྱུན་གྱི་གཉེན་སྟོན་དང་འདས་མཆོད་སྒྲུབ་པ། མང་ཚོགས་རང་བཞིན་གྱི་དུས་ཆེན་གང་མང་ཞིག་ཡོད་པའི་ནང་དུ་ཆོས་ལུགས་ཀྱི་ཁྱད་ཆོས་དང་ཆོས་ལུགས་སྲོལ་རྒྱུན་འདུས་ཡོད་ཀྱང་། དེ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཏང་ཡོན་གྱིས་ཆོས་ལུགས་དད་མོས་མི་བྱེད་པ་དང་། ཆོས་ལུགས་བྱ་འགུལ་ལ་མི་ཞུགས་པའི་གཏན་འབེབས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། བསམ་བློའི་སྟེང་ཆོས་ལུགས་དད་མོས་དང་སོ་སོར་བགར་དགོས་ལ། དུས་མཉམ་དུ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་འོས་འཚམ་གྱིས་བསྟུན་ཐབས་དང་དེར་བརྩི་འཇོག་བྱས་ནས། དད་ལྡན་མང་ཚོགས་དང་སྔར་ལས་ལྷག་པའི་འབྲེལ་གཏུག་བྱེད་པར་སྟབས་བདེ་བཟོ་དགོས་ཤིང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དུ་འཇུག་དགོས།
གྲངས་ཉུང་མི་རིགས་ཀྱི་འཐུས་མིར་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཡོད་པས། ངེས་པར་དུ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། ཆབ་སྲིད་སྟེང་བརྩི་འཇོག་དང་བྱ་བའི་ཐོག་སེམས་ཁུར་བྱེད་པ། འཚོ་བའི་སྟེང་གཟིགས་སྐྱོང་བྱེད་དགོས་ལ། ཁོ་ཚོའི་བློ་འདོན་ཇུས་འབུལ་དང་། མཐུན་སྦྱོར་འབྲེལ་གཏུག མང་ཚོགས་སྣེ་ཁྲིད། འགལ་བ་སེལ་བ་བཅས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་ནི་ཚོགས་ཁག་ཆེ་ཤས་ཤིག་ཡིན་ཏེ། རིགས་གཞུང་དང་རིག་གནས། སྒྱུ་རྩལ། ལག་རྩལ། ཆོས་ལུགས་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་པས། བྱ་བའི་མཐོང་རྒྱའི་ནང་འཇོག་པ་དང་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཁོ་ཚོའི་བྱེད་ནུས་ལེགས་པོ་འདོན་སྤེལ་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཤེས་ལྡན་མི་སྣར་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་མཐོ་རིམ་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཤེས་ལྡན་མི་སྣར་གྲོགས་པོ་བསྒྲིགས་པ་དང་། དུས་རྒྱུན་ཁ་བརྡ་མང་པོ་དང་མཐུན་སྦྱོར་གང་མང་། གནས་ཚུལ་རྒྱུས་ལོན་བཅས་ཀྱི་བྱ་བ་མང་དུ་བསྒྲུབས་ན། གནད་འགག་སྐབས་སུ་གནད་འགག་གི་བྱེད་ནུས་འདོན་སྤེལ་བྱ་ཐུབ།
གསུམ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ནི་ཏང་གི་མགོ་ཁྲིད་འོག རིགས་སོ་སོའི་མང་ཚོགས་གཙོར་བཟུང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་བའི་ཕྱོགས་བསྡུས་བྱེད་ཐབས་བརྒྱུད་དེ། མི་རིགས་སོ་སོའི་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ། གསར་གཏོད་རང་བཞིན་གྱིས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ལག་ལེན་བརྒྱུད་རིམ་ལ་སྐུལ་འདེད་གཏོང་བ་དེ་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་ལས་དོན་སྤེལ་བ་ནི། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་བྱ་བ་ལེགས་བཅོས་དང་དེར་ཤུགས་སྣོན་བྱེད་པའི་ཇུས་ཆོད་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་བཙུགས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་དང་ནུས་ལྡན་འདེགས་རྟེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་དེ་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་ནས་བྱུང་ཞིང་། རྒྱུན་མཐུད་ངང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རྒྱ་ཁྱབ་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཐུབ་པས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྟེང་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བའི་བྱ་འགུལ་ནས་མགོ་བརྩམས་པ་ཞིག་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཀྱི་གཟེངས་བསྟོད་བྱ་འགུལ་ནས་སྤེལ་མགོ་བརྩམས་ལ། ད་ལྟའི་བར་རང་རྒྱལ་གྱི་ལོ་ངོ་བདུན་ཅུའི་རིང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཏུ་གྱུར་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ས་ཆ་སོ་སོས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་། ཁུལ་སྟོན། རྫོང་སྟོན་སོགས་དུས་མཚམས་གལ་ཆེན་གྱི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། དེ་ནས་དམག་དཔུང་དང་ས་གནས་མཉམ་འཛུགས་དང་། རིམ་པ་མང་བོའི་མཉམ་འབྲེལ་གསར་གཏོད། དཔེ་མཚོན་དཔེ་སྟོན་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་བ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་ས་ཁུལ་ཁ་ཤས་ནས་མགོ་བསླངས་ཤིང་། རྒྱལ་ཡོངས་ངོས་ཐད་ནས་ཤུགས་ཆེན་པོས་སྐུལ་འདེད་བཏང་བའི་བར། གསར་གཏོད་བྱ་འགུལ་དེ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་བྱུང་ཞིང་། རྣམ་པ་དང་ནང་དོན་ཡང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་སོང་ཡོད།
ཉེ་བའི་ལོ་འདི་འགར། གསར་གཏོད་བྱ་འགུལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། 2010ལོར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་འགུལ་སྔར་ལས་ལེགས་པོར་སྤེལ་བའི་སྐོར་གྱི་བསམ་ཚུལ་ཞེས་པ་དཔར་ནས་བཀྲམས་པ་དང་། དེ་ལས་གསར་བསྐྲུན་བྱ་འགུལ་གྱི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན། བྱེ་བྲག་གི་བྱ་འགུལ་སྤེལ་སྟངས་དང་བྱ་བའི་རྐྱེན་སྲོལ་གསལ་བོར་བཏོན་ཡོད། 2014ལོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་ལས་ཁུངས་དང་ཁེ་ལས། གཞིས་ཁུལ། ཡུལ་ཚོ་དང་གྲོང་རྡལ། སློབ་གྲྭ། དགོན་སྡེ་སོགས་སུ་བསྐྱོད་པའི་ལག་བསྟར་བསམ་ཚུལ་དཔར་ནས་བཀྲམས་ཏེ། བསྐྱོད་པ་དྲུག་བྱེ་བྲག་གི་དམིགས་འབེན་བླང་བྱ་རུ་བྱས་ཤིང་། འོས་འཚམ་གྱི་དཔྱད་འཇོག་ཚད་སྟོན་བསྡུ་ལེན་གྱི་ཚད་གཞི་རུ་བཟུང་ཡོད། 2019ལོར། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་ལས་དོན་ཕྱོགས་ཡོངས་གཏིང་ཟབ་དང་ཡུན་རིང་སྒོས་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བསམ་ཚུལ་དཔར་ནས་བཀྲམས། དེ་ལས་གསར་སྤེལ་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། གསར་སྤེལ་ནང་དོན་གཏིང་ཟབ་ཏུ་གཏོང་བ། གསར་སྤེལ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཟབ་ཞུགས་ཁྱབ་ཁོངས་རྒྱ་བསྐྱེད་པ། གསར་སྤེལ་ཆུ་ཚད་མཐོ་རུ་གཏོང་བ་སོགས་བླང་བ་གསར་བ་སྔར་ལས་གསལ་བོར་བཏོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་རྣམ་པ་ཤུགས་ཆེན་པོས་འཛུགས་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱ་ཆེད་བསམ་པའི་སྒུལ་ཤུགས་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་ཞེས་ནན་གྱིས་བསྟན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་གཞི་རྩའི་ཁ་ཕྱོགས་སུ་བརྩིས་ནས། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་ལེགས་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱ་བ་བསྒྲུབ་ན། ཕྱི་ཚུལ་ཙམ་དང་འབོད་སྐུལ་ཙམ་གྱིས་མི་ཆོག་ལ། ཕྱིའི་རྣམ་པར་ཇི་ལྟར་རྫིག་ཉམས་ལྡན་ཡང་འབྲས་བུ་བཟང་བོ་ལོན་པའི་ངེས་བ་མེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྲིད་ཕྱོགས་གསལ་བོ་འབུར་དུ་ཐོན་པར་བྱས་ཏེ། བརྗོད་གཞིའི་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། བྱེད་ཐབས་འདེགས་རྟེན་གསར་གཏོད་བྱེད་པ། སྤྱི་ཚོགས་ཟབ་ཞུགས་ཀྱི་རྒྱ་ཆེ་རུ་བཏང་ནས། གསར་སྤེལ་བྱ་བ་ཕྱོགས་ཡོངས་ནས་སྤུས་འདེགས་ནུས་སྤེལ་ཐུབ་པར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། གསར་སྤེལ་བྱ་བར་སྐུལ་འདེད་གཏོང་ན་མི་རིགས་ས་ཁུལ་དང་མི་རིགས་ཐར་ཐོར་དུ་གནས་པའི་ས་ཁུལ་མཉམ་དུ་གཙོར་འཛིན་དགོས་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་གཙོར་འཛིན་པ་དང་། སྲིད་གཞུང་གི་ལས་དོན་ལས་ཁུངས་དང་སྤྱི་ཚོགས་ལས་རིགས་སོ་སོ་མཉམ་དུ་གཙོར་འཛིན་དགོས། གཞི་རིམ་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་བའི་རིག་གནས་ཞབས་ཞུ་སྤེལ་ཡུལ་དང་། གཙོ་གནད་ལས་རིགས། ལས་བསྒྲུབ་ལས་ཁུངས། ཚོགས་ཁག་རྩ་འཛུགས། དཔལ་འབྱོར་རྩ་འཛུགས་གསར་བ་སོགས་ཀྱི་གསར་སྤེལ་ནུས་ཚད་ཆེ་རུ་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་དཔེ་མཚོན་རྒྱ་ཆེར་འདེམ་པ་དང་གསོ་སྐྱོང་ཧུར་ཐག་བྱེད་པ། དཔྱད་ཞིབ་ལས་རིམ་ཚད་ལྡན་དུ་གཏོང་བ་དང་། དཔྱད་འཇོག་མ་ལག་དང་དཔྱད་ཞིབ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་འགུལ་རྣམ་དོ་དམ་ལ་ཤུགས་བསྣན་ནས་རྐྱེན་སྲོལ་ལས་འབུད་པ་ཚད་ལྡན་དང་འཐུས་ཚང་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཟེངས་བསྟོད་ལམ་ལུགས་འཐུས་ཚང་དུ་བཏང་ནས། རིམ་པ་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས། ཚོད་ལྟའི་རྨང་གཞིའི་སྟེང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་གསར་སྤེལ་བྱ་བ་བསྒྲུབས་དགོས།
གཞིས་ཁུལ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱ་བའི་གནས་ཡུལ་གཙོ་བོར་བརྩིས་ཏེ། རིགས་སོ་སོའི་མི་དམངས་ལག་རྡང་མཉམ་སྦྲེལ་དང་སེམས་པ་གཅིག་མཐུན་གྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་མཉམ་དུ་འཛུགས་སྐྱོང་བྱ་དགོས་ལ། གཞིས་ཁུལ་གྱི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་རེ་རེ་བཞིན་བསྒྲུབས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་བཅས་མཐོ་རུ་གཏོང་དགོས། ཏང་གི་ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་བཟུང་སྟེ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཆེད་ཡང་འབད་བསྐྱར་འབད་དང་འབད་འཐབ་ལྷོད་མེད་བྱེད་དགོས།
ལེའུ་བདུན་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།
གཅིག མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱལ་ཁབ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན།
རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་མགོ་ཁྲིད་འོག གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་ས་ཁུལ་དུ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དང་། རང་སྐྱོང་ལས་ཁུངས་འཛུགས་པ། རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ་ཞིག་ཡིན། 1947ལོའི་ཟླ5པར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོས་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ས་ཁུལ་དང་པོ་སྟེ་ནང་སོག་རང་སྐྱོང་ལྗོངས་བཙུགས་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། ཀྲུང་གོ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས། 1955ལོའི་ཟླ10པར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཙུགས། 1958ལོའི་ཟླ3པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས། 1958ལོའི་ཟླ10པར། ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཙུགས། 1965ལོའི་ཟླ9པར། བོད་རང་སྐྱོང་ལྗོངས་བཙུགས། མིག་སྔར། རྒྱལ་ཡོངས་སུ་མི་རིགས་རང་སྐྱོང་ས་ཁུལ155ཡོད་ཅིང་། དེའི་ནང་རང་སྐྱོང་ལྗོངས་ལྔ་དང་། རང་སྐྱོང་ཁུལ་སུམ་ཅུ། རང་སྐྱོང་རྫོང་བརྒྱ་དང་ཉི་ཤུ་ཡོད། གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ཁྲོད་དུ། རང་སྐྱོང་ས་ཁུལ་ཞེ་བཞི་བཙུགས་ཡོད་ལ། ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་གྲངས་ཉུང་མི་རིགས་སྤྱིའི་མི་འབོར་གྱི་བརྒྱ་ཆའི་རེ་བརྒྱད་ཟིན་ཡོད་པ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་རྒྱལ་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་བཞི་ཟིན་ཡོད། དེ་ལས་གཞན། རང་རྒྱལ་གྱིས་མི་རིགས་ཡུལ་ཚོ་ཆིག་སྟོང་ལྷག་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁ་བསྐང་ཡོད།
མིག་སྔར། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་ཁུལ་གྱིས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་མི་འབོར་མང་ཉུང་དང་། ས་ཁོངས་རྒྱ་ཁྱོན་གྱི་ཆེ་ཆུང་གཞིར་བཟུང་སྟེ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་རིམ་པ་གསུམ་བགར་ཡོད་ལ། སྲིད་འཛིན་གོ་གནས་རིམ་པ་བཞིན་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་དང་འདྲ་མཚུངས་ཡིན། མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ནི་རང་སྐྱོང་ལས་ཁུངས་ཡིན་པར་མ་ཟད། རྒྱལ་ཁབ་རིམ་པ་དང་པོའི་ས་གནས་སྲིད་དབང་ལས་ཁུངས་ཤིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་མགོ་ཁྲིད་འོག་རང་སྐྱོང་བྱེད་པ་དང་། མི་རིགས་སོ་སོའི་རང་སྐྱོང་ས་ཁུལ་ཚང་མ་རྒྱལ་ཁབ་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་ལ། མི་རིགས་སོ་སོའི་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ངེས་པར་དུ་ཀྲུང་དབྱང་གི་མགོ་ཁྲིད་དང་ལེན་བྱེད་དགོས།
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། 1949ལོའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལས་གྲོས་འཆམ་བྱུང་བའི་གནས་སྐབས་ཀྱི་རྩ་ཁྲིམས་བྱེད་ནུས་ལྡན་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་གྱིས་མི་རིགས་ས་ཁོངས་རང་སྐྱོང་དེ་ཀྲུང་གོ་གསར་བའི་གཞི་རྩའི་སྲིད་ཇུས་ཤིག་ཏུ་གཏན་འཁེལ་བྱས་ཡོད། 1952ལོའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་རྩ་གནད་ལས། མི་རིགས་རང་སྐྱོང་ས་ཁུལ་འཛུགས་པ་དང་། རང་སྐྱོང་ལས་ཁུངས་འཛུགས་གྲུབ་དང་། རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་དབང་ཆ་སོགས་ལས་དོན་གལ་ཆེན་ཐད་གཏན་འབེབས་ཁ་གསལ་བཏོན་ཡོད། 1954ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་རྩ་ཁྲིམས་ལས། གཞི་རྩའི་བཅའ་ཁྲིམས་རྣམ་པས་ལམ་ལུགས་འདི་གཏན་འཁེལ་བྱས་པར་མ་ཟད། ལམ་ལུགས་འདི་ནམ་ཡང་རྒྱུན་འཁྱོངས་ལག་བསྟར་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། 1984ལོར། མི་རིགས་ས་ཁོངས་རང་སྐྱོང་གི་ལོ་རྒྱུས་དང་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། དེའི་བར་དུ། རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་དང་། ལམ་ལུགས། བཅའ་ཁྲིམས་བཅས་ཕྱོགས་གསུམ་གཞི་གཅིག་ཅན་མངོན་འགྱུར་བྱུང་།
གཉིས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྟེང་གི་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན།
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྟེང་གི་ནང་དོན་གལ་ཆེན་ཞིག་དང་ལམ་ལུགས་ཀྱི་འགན་སྲུང་ཞིག་ཡིན། ཀྲུང་གོ་གསར་བ་བཙུགས་པའི་སྔ་རྗེས་སུ། ང་ཚོའི་ཏང་གིས་རང་རྒྱལ་གྱི་དོན་དངོས་གཞིར་བཟུང་སྟེ། ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། རང་རྒྱལ་གྱི་མི་རིགས་གནས་ཚུལ་དེ་སུའུ་ལེན་དང་མི་འདྲ་བས། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་མི་འཚམ་པར་འདོད། བློ་མཐུན་མའོ་ཙེ་ཏུང་གིས། སུའུ་ལེན་གྱི་གྲངས་ཉུང་མི་རིགས་མི་འབོར་གྱིས་རྒྱལ་ཡོངས་མི་འབོར་གྱི་ཕྱེད་ཙམ་ཟིན་ལ། ཁོ་ཚོས་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་། རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་རེད། ང་ཚོའི་གྲངས་ཉུང་མི་རིགས་མི་འབོར་གྱིས་བརྒྱ་ཆའི་དྲུག་ཙམ་ཟིན་པས། མི་རིགས་ས་ཁོངས་རང་སྐྱོང་གི་བྱེད་ཐབས་ལག་བསྟར་བྱས་པ་ཡིན། མི་ལ་ལ་ཞིག་གིས་སུའུ་ལེན་གྱི་བྱེད་ཐབས་སྤྱད་ནས་ཀྲུང་གོ་རུ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་ཡང་ན་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་འཛུགས་འདོད་པ་ནི་ནོར་འཁྲུལ་ཞིག་ཡིན་ཞེས་བཤད་མྱོང་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། བློ་མཐུན་ཏིན་ཞའོ་ཕིང་གིས་མི་རིགས་གནད་དོན་ཐག་གཅོད་བྱེད་ན། ཀྲུང་གོས་བསྡུ་ལེན་བྱེད་འོས་པ་ནི་མི་རིགས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་མ་ཡིན་པར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡིན། ང་ཚོའི་ལམ་ལུགས་འདི་ལྟོས་བཅོས་ཀྱིས་ལེགས་ཤིང་ཀྲུང་གོའི་གནས་ཚུལ་དང་འཚམ་པ་ཞིག་རེད། ང་ཚོར་དགེ་མཚན་ལྡན་པའི་དངོས་བོ་མང་པོ་ཞིག་ཡོད་པས་དེ་ནི་ང་ཚོའི་སྤྱི་ཚོགས་ལམ་ལུགས་ཀྱི་དགེ་མཚན་ཞིག་ཡིན་པས་བློས་གཏོང་མི་རུང་ཞེས་གསུངས་ཡོད། གང་ལྟར། ང་ཚོས་རྣམ་པ་གང་རུང་གི་མི་རིགས་ལས་དོན་རང་ཐག་རང་གཅོད་ཀྱི་བྱ་སྤྱོད་གཏན་ནས་མི་སྤེལ། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཀྲོའུ་ཨིན་ལའེ་རྣམ་གཉིས་ཀྱིས། བྱ་སྤྱོད་དེ་རིགས་མི་སྤེལ་དོན་ནི་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་མི་འཚམ་པ་ཁོ་ན་ཙམ་མ་ཡིན་པར། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་མི་རིགས་གནད་དོན་བེད་སྤྱད་ནས་དབྱེན་སྦྱོར་དང་དཀྲུག་ཤིང་འཕེན་པར་བཀག་འགོག་བྱ་ཆེད་ཡིན་ཞེས་ཡང་དང་བསྐྱར་དུ་གསལ་འདེབས་གནང་ཡོད།
ལོ་ངོ་སྟོང་ཕྲག་འགའི་རིང་དུ། རང་རྒྱལ་གྱི་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་དབང་གིས་མི་རིགས་ས་ཁུལ་ལ་རྒྱུས་ལོན་བྱས་ཤིང་། ཕལ་ཆེ་བ་ཆབ་སྲིད་གཅིག་གྱུར་གྱི་སྔོན་འགྲོའི་འོག་མངོན་འགྱུར་བྱུང་ཞིང་། ནང་ལོགས་དང་བར་ཁྱད་ཡོད་པའི་བཅོས་སྐྱོང་རྐྱེན་སྲོལ་ལག་བསྟར་བྱས་ཡོད། ཆིན་དང་ཧན་རྒྱལ་རབས་ཁོངས་གཏོགས་ཀྱི་རྒྱལ་ཕྲན་དང་རྒྱལ་ཁབ། ཐང་རྒྱལ་རབས་བཅས་སྐབས་ཀྱི་ཁོངས་གཏོགས་གཞུང་སྒར། ཡོན་མིང་ཆིང་བཅས་སྐབས་ཀྱི་ཐུའུ་ཟི་སོགས་དེ་ལྟར་ཇུས་འགོད་བྱས་ཡོད། དེའི་ངོ་བོ་ནི་ཞི་བའི་ཐབས་ཀྱིས་གཞན་སེམས་འགུག་པ་ཡིན། ང་ཚོའི་ཏང་གིས་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས། རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཅིག་གྱུར་ལ་འགན་ལེན་བྱས་པར་མ་ཟད། མི་རིགས་སོ་སོས་ཐུན་མོང་སྒོས་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་མཐུན་ཞིང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མངའ་ཁོངས་ཆ་ཚང་། མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་ཤུགས་སྣོན་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ཕྱོགས་ནས་ནུས་པ་གལ་ཆེན་ཐོན་ཡོད་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།
མི་རིགས་ས་ཁོངས་རང་སྐྱོང་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་འབྱུང་ཁུངས་དང་། ང་ཚོའི་མི་རིགས་སྲིད་ཇུས་ཚང་མ་དེར་བརྟེན་ནས་བྱུང་ཞིང་། དེར་བརྟེན་ནས་གནས་པ་ཡིན། འབྱུང་ཁུངས་འདིར་འགྱུར་བ་བཏང་ན། གཞི་རྩ་སྒུལ་བ་ཡིན་པས། མི་རིགས་གཞུང་ལུགས་དང་། མི་རིགས་སྲིད་ཇུས། མི་རིགས་འབྲེལ་བ་སོགས་གནད་དོན་སྟེང་ཏོ་མིས་ནོ་རུས་ཤོ་ལྟ་བུའི་སྣང་ཚུལ་འབྱུང་སྲིད། དེའི་རྐྱེན་གྱིས་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། གསལ་སྟོན་བྱེད་དགོས་པ་ཞིག་ལ། མི་རིགས་ངོས་འཛིན་གྱི་ལས་དོན་སྤེལ་བ་དང་མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་བཙུགས་ན་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་བ་ཡིན་པས། མུ་མཐུད་སྐུལ་འདེད་གཏོང་དགོས་པའི་གནད་དོན་འབྱུང་མི་སྲིད།
གསུམ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་རྩ་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་ཡིན།
མཐུན་སྒྲིལ་གཅིག་གྱུར་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེས་མཐོ་ཤོས་ཤིག་དང་། རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ཡིན་ལ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན། རྒྱལ་ཁབ་ལ་མཐུན་སྒྲིལ་གཅིག་གྱུར་མེད་ན། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་ཐབས་མེད། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ན་རྒྱལ་ཁབ་གཅིག་གྱུར་སྲ་བརྟན་ལ་ཕན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་བར་ཕན་ཐོགས་ཤིང་། མི་རིགས་སོ་སོ་ཐུན་མོང་ངང་འབྱོར་ཕྱུག་འཕེལ་རྒྱས་འགྲོ་བར་ཕན་འདོགས་པའི་ཤུགས་འདོན་ས་གཙོ་བོ་ཞིག་ཡིན། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོང་བྱས་ན། ཏང་ཀྲུང་དབྱང་གི་སྲིད་འཛིན་བཀའ་རྒྱ་བཀག་མེད་ཡོང་བར་ཁག་ཐེག་བྱ་ཐུབ་ཅིང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པར་ཁག་ཐེག་བྱ་ཐུབ་ལ། རིགས་སོ་སོའི་མང་ཚོགས་ཀྱིས་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་བྱེད་པ་དང་། འདྲ་མཉམ་གྱི་འོས་འགན་ལག་བསྟར་བྱེད་པར་ཁྲིམས་མཐུན་གྱི་འགན་སྲུང་བྱེད་དགོས་ཤིང་། མི་རིགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱ་བར་རྒྱབ་སྐྱོར་བྱས་ནས། ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་དགོས།
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། གཅིག་གྱུར་དང་རང་སྐྱོང་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་རྒྱུ་རྐྱེན་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ལས་དོན་སྒྲུབ་ཐུབ་དགོས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་སྲིད་འཛིན་བཀའ་རྒྱ་བཀག་མེད་ལ་ཁག་ཐེག་བྱས་པའི་རྨང་གཞིའི་སྟེང་། ཁྲིམས་ལྟར་མི་རིགས་རང་སྐྱོང་ས་ཁུལ་དུ་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་བྱ་བ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། མི་རིགས་སྲིད་ཇུས་ཁྲིམས་སྲོལ་དཔྱད་འཇོག་རྐྱེན་སྲོལ་འཛུགས་པ་དང་། འབྲེལ་ཡོད་ཕྱོགས་ནས་མི་རིགས་བྱ་བ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་གཏན་འབེབས་བྱེད་དགོས། རྩ་ཁྲིམས་ཀྱི་གཏན་འབེབས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་བཀོད་སྒྲིག་གི་དགོངས་དོན་དང་མཐུན་མིན་ལ་ཁག་ཐེག་བྱེད་དགོས། མི་རིགས་བྱ་བའི་བཅའ་ཁྲིམས་ཁྲིམས་སྲོལ་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་དང་འབྲེལ་བ་ཡོད་ན་ལས་རིམ་ལྟར་ཆོག་མཆན་སྙན་སེང་ཞུ་དགོས། རང་སྐྱོང་ལས་ཁུངས་ཀྱིས་ལག་བསྟར་བྱེད་པ་དེ་ས་གནས་རིམ་པ་དང་པོའི་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་བཅད་འགན་འཁྲི་རུ་བརྩིས་ཏེ། མངའ་ཁོངས་ནང་ཁུལ་གྱི་རིགས་སོ་སོའི་སྤྱི་དམངས་ཀྱིས་འདྲ་མཉམ་གྱི་བཅའ་ཁྲིམས་གོ་གནས་ལོངས་སུ་སྤྱོད་ཐུབ་པ་དང་། འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་ཐུབ་ཅིང་། འདྲ་མཉམ་གྱི་འོས་འགན་ལག་བསྟར་བྱེད་པ། རང་ས་གནས་ཀྱི་ལས་དོན་ཁག་གི་ཁྲོད་དུ་འདྲ་མཉམ་གྱིས་ཟབ་ཞུགས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། མངའ་ཁོངས་ནང་ཁུལ་གྱི་མི་རིགས་སོ་སོ་ཐུན་མོང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་སྐུལ་འདེད་བཏང་ནས། འཕེལ་རྒྱས་གྲུབ་འབྲས་ཀྱིས་འདྲ་མཉམ་སྒོས་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་འགན་སྲུང་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་གི་ནང་དུ་མི་རིགས་ཀྱི་རྒྱུ་རྐྱེན་འདུ་བར་མ་ཟད། ས་ཁོངས་ཀྱི་རྒྱུ་རྐྱེན་ཡང་འདུས་ཡོད། མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་གང་རུང་གིས་རང་སྒེར་སྤྱོད་པའི་རང་སྐྱོང་ཞིག་དང་། མི་རིགས་རང་སྐྱོང་ས་ཁུལ་ནི་མི་རིགས་གང་རུང་ལ་ཁྱད་དུ་ཡོད་པའི་ས་ཁུལ་ཞིག་གཏན་ནས་མིན། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་ཁུལ་ཚང་མ་ནི་ཏང་གི་མགོ་ཁྲིད་འོག་གི་ས་ཁུལ་ཞིག་ཡིན་པས། ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་ཡིན་ཞིང་། ཚང་མ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ལོངས་སྤྱོད་བྱེད་ཆོག་པའི་ས་ཁུལ་ཞིག་ཡིན། རང་སྐྱོང་ས་ཁུལ་དུ་རང་སྐྱོང་དབང་ཆ་ལག་བསྟར་བྱེད་ན། ངེས་པར་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་བཀའ་རྒྱ་བཅས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་སྔོན་འགྲོར་བཟུང་ནས། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བྱ་བའི་གཅིག་གྱུར་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས།
ལེའུ་བརྒྱད་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།
གཅིག ཀྲུང་ཧྭའི་ཤེས་རིག་གི་མངོན་གསལ་དོད་པའི་ཁྱད་ཆོས་དམ་འཛིན་ནན་མོ་བྱེད་དགོས།
ཀྲུང་ཧྭའི་ཤེས་རིག་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་ཟབ་ཅིང་རྒྱ་ཆེ་བའི་དབང་གིས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཤིག་ཡིན་ལ། དེང་རབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི་ཞིག་ཀྱང་ཡིན།
ཀྲུང་ཧྭའི་ཤེས་རིག་ལ་རྒྱུན་མཐུད་རང་བཞིན་མངོན་གསལ་ལྡན། ཀྲུང་ཧྭའི་ཤེས་རིག་ནི་འཛམ་གླིང་འདིའི་སྟེང་རྒྱུན་ཆད་མེད་པར་རྒྱུན་མཐུད་ཐུབ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་རྣམ་པའི་ངོས་ནས་ད་བར་འཕེལ་རྒྱས་འགྲོ་བཞིན་པའི་རླབས་ཆེན་གྱི་ཤེས་རིག་འབའ་ཞིག་ཀྱང་ཡིན། འདིས་ཀྲུང་ཧྭའི་ཤེས་རིག་ལ་རང་ཉིད་འཕེལ་རྒྱས་གཏོང་བ་དང་འགྲན་སློང་ལ་ཁ་གཏད་འཇལ་བ། རྣམ་པ་གསར་གཏོད་བྱེད་པ་བཅས་ཀྱི་རིག་གནས་ཀྱི་རང་བདག་རང་བཞིན་དང་སྐྱེ་སྟོབས་ཆེན་པོ་ལྡན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་དུང་ཟབ་མོ་དང་ལོ་རྒྱུས་ཀྱི་འདུ་ཤེས་ཟབ་མོ་དེས། ཀྲུང་ཧྭ་མི་རིགས་ལ་གཅིག་གྱུར་ཆེན་པོ་སྲུང་སྐྱོབ་བྱེད་པའི་མི་སེམས་ཀྱི་རྨང་གཞི་ལེགས་པར་བཏིང་ནས། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ངལ་དང་ཉེན་ཁ་གང་མང་ཞིག་བརྒྱུད་ཀྱང་རྒྱུན་ཆད་མེད་པར་བསྐྱར་དར་བྱེད་ཐུབ་པའི་བསམ་པའི་འདེགས་སྐྱོར་ཞིག་ཏུ་གྱུར་ཡོད། ཀྲུང་ཧྭའི་ཤེས་རིག་གི་རྒྱུན་མཐུད་རང་བཞིན་གྱིས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་རང་ཉིད་ཀྱི་ལམ་དུ་བསྐྱོད་ངེས་གཏན་ཡིན་པ་ཐག་གཅོད་བྱས་ཡོད། གལ་ཏེ་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱུན་མཐུད་རང་བཞིན་གྱི་ངོས་ནས་ཀྲུང་གོར་ངོས་འཛིན་མ་བྱས་པ་ཡིན་ན། གནའ་རབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་མི་ཐུབ་ཅིང་དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་མི་ཐུབ་ལ། འབྱུང་འགྱུར་གྱི་ཀྲུང་གོར་དེ་བས་ཀྱང་རྒྱུས་ལོན་བྱེད་མི་ཐུབ།
ཀྲུང་ཧྭའི་ཤེས་རིག་ལ་གསར་གཏོད་རང་བཞིན་མངོན་གསལ་ལྡན། ཀྲུང་ཧྭའི་ཤེས་རིག་ནི་རྙིང་ཚབ་གསར་བརྗེས་དང་ཤེས་རིག་གཟི་མདངས་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆེར་འཕེལ་བཞིན་པའི་ཤེས་རིག་ཅིག་ཡིན། ལྷིང་འཇགས་ཀྱི་ཆུ་བོ་བལྟས་ཚོད་ཀྱིས་བབ་བརླིང་ཡིན་ནའང་བརྗིད་ཉམས་ཆེ་བའི་རླབས་རྒྱུན་ཅི་རིགས་མཉམ་འདྲེས་བྱས་ཡོད། རྒྱུན་མཐུད་ནི་འཕེལ་མེད་སོར་གནས་མིན་ལ་རེངས་པོར་གྱུར་བ་དེ་བས་ཀྱང་མ་ཡིན་པར། གསར་གཏོད་ཀྱིས་འདེགས་སྐྱོར་བྱེད་པའི་ལོ་རྒྱུས་ཡར་ཐོན་གྱི་བརྒྱུད་རིམ་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ“ཉིན་རེ་བཞིན་གསར་གཏོད་དང་ཉིན་རེ་བཞིན་གསར་སྒྱུར། ཉིན་རེ་བཞིན་སྲོག་དབང་གསར་པ་སྩོལ་བའི”སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། ཆབ་སྲིད་ཀྱི་དཔལ་ཡོན་བཅས་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཏེ། ལོ་རྒྱུས་ཀྱི་དུས་སྐབས་ཧ་ཅང་རིང་པོའི་ནང་དུ་དར་རྒྱས་ཆེ་ཤོས་དང་སྟོབས་ཤུགས་ཆེ་ཤོས་ཀྱི་ཤེས་རིག་གི་སྒྲིག་གཞི་ཞིག་ངང་གིས་གྲུབ་པར་བྱས་ནས་འཛམ་གླིང་འདིའི་སྟེང་རྩ་བ་ཚུགས་ཐུབ་ཡོད། ཀྲུང་ཧྭའི་ཤེས་རིག་གི་གསར་གཏོད་རང་བཞིན་གྱིས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་ཀྱི་དྲང་བདེན་དང་རྙིང་པ་ཁོ་ན་མི་སྲུང་བར། གནའ་བོའི་ཆ་ལ་བརྩི་བཀུར་བྱས་ནས་སྔ་རབས་ཁོ་ན་མི་གཉེར་བའི་ཡར་རྒྱས་ཀྱི་སྙིང་སྟོབས་ཐག་གཅོད་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་འགྲན་སློང་གསར་པར་མི་སྐྲག་པ་དང་བྱ་དངོས་གསར་པ་དང་ལེན་བྱེད་ཕོད་པའི་ཞུམ་མེད་ཀྱི་རང་གཤིས་ཀྱང་ཐག་གཅོད་བྱས་ཡོད།
ཀྲུང་ཧྭའི་ཤེས་རིག་ལ་གཅིག་གྱུར་གྱི་རང་བཞིན་མངོན་གསལ་ལྡན། ཀྲུང་ཧྭའི་ཤེས་རིག་གི་ཡུན་རིང་གི་གཅིག་གྱུར་ཆེན་པོའི་སྲོལ་རྒྱུན་ལ་སྣ་མང་གཞི་གཅིག་ཅན་དང་མཐུན་སྒྲིལ་གཅིག་སྡུད་ཅན་གྱི་གཅིག་གྱུར་རང་བཞིན་ཞིག་ངང་གིས་གྲུབ་ཡོད། “ནང་ཕྱོགས་སུ་གཅིག་སྡུད”བྱེད་པའི་གཅིག་གྱུར་རང་བཞིན་གྱི་དོན་གཉེར་ནི་ཤེས་རིག་རྒྱུན་མཐུད་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཤེས་རིག་རྒྱུན་མཐུད་ཡོང་བའི་འབྲས་བུ་ཡང་ཡིན། མཐུན་སྒྲིལ་གཅིག་གྱུར་ནི་བསོད་ནམས་ཡིན་པ་དང་ཁ་བྲལ་གཡོ་འགུལ་ནི་ཆག་སྒོ་ཡིན་པར་བརྟེན། དེ་ནི་ཀྲུང་གོ་བས་ཁྲག་གི་རིན་དོད་སྤྱད་ནས་ཐོབ་པའི་ཉམས་མྱོང་དང་བསླབ་བྱ་རྩ་ཆེན་ཞིག་ཡིན། ཀྲུང་ཧྭའི་ཤེས་རིག་གི་གཅིག་གྱུར་རང་བཞིན་གྱིས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་སོ་སོའི་རིག་གནས་གཞི་གཅིག་ཏུ་མཉམ་འདྲེས་བྱེད་པ་དང་། བར་ཆད་ཚབས་ཆེན་ལ་འཕྲད་ནའང་གཅིག་གྱུར་སྲ་བརྟན་ཡོང་བར་བྱེད་པ། རྒྱལ་ཁོངས་ཁ་བྲལ་མི་གཏོང་བ་དང་རྒྱལ་ཁབ་ཟང་ཟིང་དུ་མི་འགྱུར་བ། མི་རིགས་ཁ་ཐོར་དུ་མི་གཏོང་བ། ཤེས་རིག་རྩ་གཏོར་མི་གཏོང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་གཏན་འཁེལ་བྱས་ཡོད་པར་མ་ཟད། རྒྱལ་ཁབ་གཅིག་གྱུར་ནི་དུས་ནམ་ཡང་ཀྲུང་གོའི་ཁེ་ཕན་གཙོ་བོ་ཡིན་ལ། སྲ་བརྟན་དང་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་མི་རིགས་སོ་སོའི་མི་དམངས་ཀྱི་ལས་དབང་གི་སེམས་རྩ་ཡིན་པ་ཐག་གཅོད་བྱས་ཡོད།
ཀྲུང་ཧྭའི་ཤེས་རིག་ལ་དཀྱེལ་ཡངས་རང་བཞིན་མངོན་གསལ་ལྡན། ཀྲུང་ཧྭའི་ཤེས་རིག་གིས་རིག་གནས་རྐྱང་རྐྱང་གིས་སྣ་མང་རིག་གནས་ཀྱི་ཚབ་བྱས་མྱོང་མེད་པར། སྣ་མང་རིག་གནས་དེ་ཐུན་མོང་གི་རིག་གནས་སུ་གཅིག་སྡུད་བྱས་ནས་འགལ་བ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་ཀྱིན་ཡོད། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་ངོས་འཛིན་ནི་ས་ཁོངས་དང་ཁྲག་རྒྱུད། ཆོས་ལུགས་དད་མོས་སོགས་ལས་བརྒལ་ཡོད་པ་དང་། ནང་ཁུལ་གྱི་ཁྱད་པར་ཧ་ཅང་ཆེ་བའི་མི་རིགས་ཆེན་པོ་འདི་ཉིད་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་སུ་བསྡུ་སྒྲིལ་བྱས་ཡོད། ཇི་ཙམ་བཟོད་སྒོམ་བྱས་ན་དེ་ཙམ་གྱིས་ཁས་ལེན་དང་སྲུང་སྐྱོང་ཐོབ་ནས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་ཧྭའི་ཤེས་རིག་གི་དཀྱེལ་ཡངས་རང་བཞིན་གྱིས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་ལ། ཀྲུང་གོའི་ཆོས་ལུགས་དང་དད་མོས་སྣ་མང་མཉམ་གནས་ཀྱི་འཆམ་མཐུན་རྣམ་པ་གཏན་འཁེལ་བྱས་ཡོད་ཅིང་། ཀྲུང་ཧྭའི་རིག་གནས་ཀྱིས་འཛམ་གླིང་གི་ཤེས་རིག་ཕྱོགས་བསྡུས་མཉམ་སྡུད་བྱེད་པའི་སྒོ་འབྱེད་ཀྱི་བསམ་པའང་གཏན་འཁེལ་བྱས་ཡོད།
ཀྲུང་ཧྭའི་ཤེས་རིག་ལ་ཞི་བདེའི་རང་བཞིན་མངོན་གསལ་ལྡན། ཞི་བདེ་དང་མཛའ་མཉེས། འཆམ་མཐུན་བཅས་ནི་ཀྲུང་ཧྭའི་ཤེས་རིག་གིས་ལོ་ངོ་ལྔ་སྟོང་ལྷག་གི་རིང་ལ་རྒྱུན་འཛིན་བྱས་པ་ལས་བྱུང་བའི་འདུ་ཤེས་ཤིག་ཡིན་ཞིང་། ཀུན་སྤྱོད་སྒྲིག་ལམ་ལ་བརྟེན་ནས་རིགས་མཐུན་གཅིག་གྱུར་གྱི་འཇིག་རྟེན་ཞིག་འཛུགས་རྒྱུ་དང་། མི་དང་མིའི་འབྲེལ་བའི་ཁྲོད་མི་གཞན་ལ་མཐོང་ཆེན་བྱ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད། འགྲིམ་འགྲུལ་གེགས་མེད་ཡོང་བ་དར་སྤེལ་གཏོང་བ་དང་བར་གཅོད་བཀག་འགོག་ལ་ངོ་རྒོལ་བྱེད་པ། མཉམ་གནས་མཉམ་སྤེལ་དར་སྤེལ་གཏོང་བ། བཙན་མིས་རང་སྲུང་བྱེད་པར་ངོ་རྒོལ་བྱེད་པ། མཉམ་སྐྱིད་མཉམ་གནས་སྲུང་སྐྱོབ་དར་སྤེལ་གཏོང་བ། ནགས་ཚལ་གྱི་ཆོས་ཉིད་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཀྲུང་ཧྭའི་ཤེས་རིག་གི་ཞི་བདེའི་རང་བཞིན་གྱིས་རྩ་བའི་ཆ་ནས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་མཁན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པ་དང་། ཀྲུང་གོས་རྒྱུན་ཆད་མེད་པར་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་བརྩོན་ལེན་བྱེད་པ་ལས། རིག་གནས་ཀྱི་བཙན་དབང་དོན་གཉེར་མི་བྱེད་པ་དང་། ཀྲུང་གོས་རང་ཉིད་ཀྱི་རིན་ཐང་ལྟ་བ་དང་ཆབ་སྲིད་སྒྲིག་སྲོལ་གཞན་ལ་བཙན་སྤྱོད་མི་བྱེད་པ་ཐག་གཅོད་བྱས་ཡོད་ལ། ཀྲུང་གོས་མཉམ་ལས་རྒྱུན་འཁྱོངས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། “རིགས་མཐུན་དཔུང་སྡེབ་ནས་རིགས་མི་མཐུན་པ་འགོག་པའི”དཔུང་ཁག་ཆུང་ཆུང་གི་བྱེད་ཕྱོགས་ངན་པ་དོན་གཉེར་མི་བྱེད་པ་ཐག་གཅོད་བྱས་ཡོད།
གཉིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་དགོས།
སྤྱོད་པ་ཆུང་ཆུང་འཛད་མེད་པ། སྤྱོད་པ་ཆེན་པོ་ལྷུན་ཆགས་པ། ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་འགའི་རིང་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱུ་རྐྱེན་ཧ་ཅང་གལ་ཆེན་ཞིག་ནི་ང་ཚོར་རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་ཡོད་པ་དང་གཅིག་རྒྱུན་གཅིག་འཛིན་གྱི་རིན་ཐང་དོན་གཉེར་ཡོད་པའི་དབང་གིས་ཡིན། མི་རིགས་སོ་སོའི་མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། སྲིད་ཇུས། བྱེད་ཕྱོགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་ནན་མོ་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་ཟབ་སྤེལ་གཏོང་དགོས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་བསམ་བཀོད་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་སོ་སོའི་མི་དམངས་ཀྱིས་ལོ་རྒྱུས་རིང་མོའི་ཁྲོད་མཉམ་དུ་གསོ་སྐྱོང་བྱས་ནས་གྲུབ་པའི་རྙིང་བསྒྱུར་གསར་གཏོད་དང་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་རླབས་ཆེན་དང་བརྩོན་འགྲུས་ཆེན་པོ། བློ་རྩ་བརྟན་པོ། འབད་འཐབ་ཀྱི་སྙིང་སྟོབས་རླབས་ཆེན། སེམས་ཤུགས་གཅིག་སྒྲིལ་དང་བསམ་པ་གྲུ་གཅིག་ནང་གི་མི་ལྟར་མཐུན་པའི་སྙིང་སྟོབས་རླབས་ཆེན། མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་དང་དོན་གཉེར་ལྷོད་མེད་བྱེད་པའི་ཕུགས་བསམ་གྱི་སྙིང་སྟོབས་རླབས་ཆེན་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་འབད་འཐབ་ཁྲོད་ངང་གིས་གྲུབ་པའི་ཏང་འཛུགས་སྙིང་སྟོབས་རླབས་ཆེན་སོགས་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་མོས་མཐུན་གྱི་བསམ་པ་དང་ངའོ་སྙམ་པའི་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་དང་སྤོབས་སེམས་ཆེན་པོ་དེས་མི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་སྐྱོད་ལམ་གསར་པའི་སྟེང་དུ་འབད་འབུངས་ལྷོད་མེད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་སྐུལ་མ་གཏོང་བཞིན་ཡོད།
རྒྱལ་གཅེས་རིང་ལུགས་ནི་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་དང་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་རང་ཉིད་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བའི་བསམ་པའི་འབྲེལ་ཐག་ཡིན། རྒྱལ་གཅེས་རིང་ལུགས་ནི་གནའ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུད་ནང་དུ་སིམ་འདྲེས་བྱས་ཡོད་པའི་དབང་གིས་མེད་པར་གཏོང་མི་ཐུབ་ལ་རྩ་མེད་དུ་དེ་བས་ཀྱང་གཏོང་མི་ཐུབ་ཅིང་། དེ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་བསམ་པའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་པ་ཡིན་ན། གཞི་ནས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་གོ་བསྒྱུར་བཀོད་དང་འཛམ་གླིང་བསྒྱུར་བཀོད་བྱེད་པའི་འབད་འཐབ་ཁྲོད་དུ། གནམ་ལྕགས་ཐོག་འབབ་ཀྱི་ལོ་རྒྱུས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་ཐུབ།
ཀྲུང་གོའི་མི་དམངས་ནི་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་ལྡན་པའི་མི་དམངས་ཤིག་ཡིན། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་རིང་མོའི་རྟ་ཟམ་ཁྲོད་དུ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་ངལ་རྩོལ་དང་གསར་གཏོད་གསར་སྐྲུན་བྱས་ཏེ། རང་རྒྱལ་དུ་ལའོ་ཙི་དང་ཁུང་ཙི། ཀྲོང་ཙི། མེང་ཙི། མོ་ཙི། སུན་ཙི། ཧན་ཧྥེ་ཙི་སོགས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་བསམ་བློའི་མཁས་པ་རླབས་ཆེན་རིམ་པར་བྱོན་པ་དང་། ཤོག་བུ་བཟོ་རྩལ་དང་མེ་རྫས། པར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ་སོགས་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་རླབས་ཆེན་ཚན་རྩལ་གྲུབ་འབྲས་གང་མང་མང་ཞིག་གསར་གཏོད་བྱས་ཡོད། ད་ལྟ། ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་སྔར་བྱུང་མྱོང་མེད་པའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པར་བརྟེན། རང་རྒྱལ་འདི་ཉིད་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། གོམ་སྟབས་ཆེན་པོས་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་བཞིན་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གིས་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དེའི་རིགས་དར་སྤེལ་བཏང་བ་ཡིན་ན། གཞི་ནས་ང་ཚོས་མི་ཡུལ་གྱི་ངོ་མཚར་ཆེན་པོ་རེ་རེ་བཞིན་གསར་སྐྲུན་བྱེད་ཐུབ་ངེས་ཡིན།
ཀྲུང་གོའི་མི་དམངས་ནི་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ལྡན་པའི་མི་དམངས་ཡིན། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་དུ། ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྙིང་སྒྱུར་གསར་གཏོད་དང་རང་སྟོབས་རྒྱུན་ཆད་མེད་པར་བརྩོན་ལེན་བྱས་ཏེ། མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མཛེས་སྡུག་ལྡན་པའི་ཆུ་བོ་དང་རི་མཐོ་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་དང་། རྒྱ་ཆེ་བའི་རྒྱ་མཚོ་དང་མཐའ་མཚམས་གསར་འབྱེད་བྱས་ལ། ཐོན་དངོས་ཕུན་སུམ་ཚོགས་པའི་འབྲུ་ཞིང་ཡངས་ཤིང་རྒྱ་ཆེ་བ་གསར་རྨོ་བྱས་པར་མ་ཟད། ཆུ་བོ་སྟོང་ཕྲག་བཅོས་སྐྱོང་བྱས་པ་དང་རང་བྱུང་གི་གནོད་འཚེ་གྲངས་མེད་ལས་རྒྱལ་བ་ལས་གཞན། གྲོང་རྡལ་དང་གྲོང་གསེབ་གང་སར་ཁྱབ་པའི་གྲོང་གསེབ་བསྐྲུན་ཡོད། དེ་ལས་གཞན་ད་དུང་སྣ་མང་ཆ་ཚང་གི་ཐོན་ལས་འཕེལ་རྒྱས་བཏང་སྟེ་འཚོ་བའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཀྲུང་གོ་མི་དམངས་ཀྱིས་གནའ་རབས་ནས་བཟུང་འཛམ་གླིང་འདིའི་སྟེང་དཀའ་ལས་གཅིག་ཀྱང་མི་བརྒྱབ་པར་ཡོད་ཚད་འབད་མེད་ལྷུན་འགྲུབ་ཀྱི་དོན་བཟང་ཞིག་མེད་པ་དང་། བདེ་སྐྱིད་འདོད་ན་འབད་འཐབ་བྱེད་དགོས་པའི་གནས་ལུགས་གསལ་པོར་ཤེས་ཡོད། ད་ལྟ། ཀྲུང་གོ་མི་དམངས་ལ་དབང་བའི་ཡོད་ཚད་ཀྱི་ཁྲོད་དུ། ཀྲུང་གོ་བའི་སྤྱང་གྲུང་དང་ཤེས་རབ་འདུས་ཡོད་ཅིང་ཀྲུང་གོ་བའི་དཀའ་སྤྱད་རྔུལ་ཆུ་འདུས་ཡོད་ལ། ཀྲུང་གོ་བའི་བློས་གཏོང་ཆེན་པོའང་འདུས་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གིས་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་དེའི་རིགས་དར་སྤེལ་བཏང་བ་ཡིན་ན། གཞི་ནས་ང་ཚོས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་པའི་རླབས་ཆེན་དམིགས་འབེན་འགྲུབ་ཐུབ་པ་ཐག་ཆོད་ཡིན།
ཀྲུང་གོའི་མི་དམངས་ནི་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ལྡན་པའི་མི་དམངས་ཡིན། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་སེམས་གཅིག་སྒྲིལ་དང་གྲུ་གཅིག་མཉམ་རོགས་བྱས་ཏེ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བཙུགས་པ་དང་། མི་རིགས་ལྔ་བཅུ་ང་དྲུག་སྣ་མང་གཞི་གཅིག་དང་མཉམ་འདྲེས་འཆམ་མཐུན་གྱི་མི་རིགས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་སྟེ། ཕན་ཚུན་བར་སོ་སྲུང་རོགས་རེས་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་རིམ་གྱིས་བསྐྲུན་ལ། ལྷག་པར་དུ་ཉེ་རབས་ཀྱི་རྗེས་སུ་ཕྱི་ནས་ཡོང་བའི་བཙན་འཛུལ་དང་ཛ་དྲག་ཆེ་བའི་གནས་བབ་འོག་ཏུ། རང་རྒྱལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ཏེ་དཔའ་ངར་ཆེན་པོས་འབད་འཐབ་ཧུར་སྐྱེད་བྱས་ནས། གདུག་རྩུབ་ཆེ་བའི་བཙན་འཛུལ་པ་ཡོད་ཚད་ཕམ་པར་བརྒྱབ་སྟེ། མི་རིགས་ཀྱི་རང་བཙན་དང་རང་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད།
ཀྲུང་ཧྭ་མི་རིགས་ཀྱིས་མེས་རྒྱལ་སྲུང་སྐྱོབ་དང་ཕྱི་ཕྱོགས་ཀྱི་བཙན་འཛུལ་བཀག་འགོག་བྱེད་པའི་ལེའུ་མཉམ་དུ་བྲིས་ཡོད། དེ་རིང་གི་ཀྲུང་གོར་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་ནི། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་བསམ་པ་གཅིག་མཐུན་གྱིས་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན།
ཀྲུང་གོའི་མི་དམངས་ཀྱིས་དངོས་བརྒྱུད་ཀྱི་མྱོང་སྣང་ཁྲོད་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། མཐུན་སྒྲིལ་བྱས་ན་གཞི་ནས་མདུན་སྐྱོད་བྱེད་ཐུབ་ལ། ཁ་ཐོར་སོང་བའི་རྒྱལ་ཁབ་ཅིག་འཕེལ་རྒྱས་དང་ཡར་རྒྱས་ཡོང་མི་སྲིད་པར་ངོས་འཛིན་གསལ་བོ་བྱུང་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གིས་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་དེའི་རིགས་དར་སྤེལ་བཏང་བ་ཡིན་ན། གཞི་ནས་ང་ཚོར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་པ་དང་བློ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ངང་གིས་གྲུབ་ཐུབ།
ཀྲུང་གོའི་མི་དམངས་ནི་རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་ལྡན་པའི་མི་དམངས་ཡིན། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་རིང་མོའི་ཁྲོད་དུ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕུགས་འདུན་སེམས་ལ་བཅངས་ནས་དོན་གཉེར་ལྷོད་མེད་བྱས་པར་བརྟེན། ང་ཚོར་འབྱོར་འབྲིང་འཚོ་བའི་འདུ་ཤེས་ཆགས་པར་མ་ཟད། གནམ་འོག་སྤྱི་ཕན་གྱི་བརྩེ་སེམས་རྒྱུན་འཁྱོངས་བྱས་ཏེ། ཕན་ཀུའུ་ཡིས་གནམ་ཕྱེ་བ་དང་ནུའུ་ཝ་ཡིས་གནམ་གསབ་པ། ཡིའུ་ཀུང་གིས་རི་བོ་སྤར་བ་སོགས་རང་རྒྱལ་གྱི་གནའ་བོའི་ལྷ་སྒྲུང་གིས་ཀྲུང་གོའི་མི་དམངས་ཀྱིས་ཕུགས་འདུན་དོན་གཉེར་དང་མངོན་འགྱུར་བྱེད་ཕོད་པའི་སྙིང་སྟོབས་མངོན་མཚོན་བྱས་ཡོད། ཀྲུང་གོའི་མི་དམངས་ལ་ཡིད་ཆེས་ཡོད་དོན་ནི། རི་བོ་ཇི་ཙམ་མཐོ་ནའང་ཡར་འཛེག་ན་ནམ་ཡང་རི་རྩེར་སླེབས་ཐུབ་ངེས་ཡིན་པ་དང་། ལམ་ཐག་ཇི་ཙམ་རིང་ནའང་མུ་མཐུད་དུ་སོང་ན་སླེབས་ངེས་ཡིན་པའི་གནས་ལུགས་རྟོགས་ཡོད་པའི་རྐྱེན་གྱིས་ཡིན། ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེན་ཆེ་ཤོས་སུ་གྱུར་ཡོད། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་དང་དགྲ་བོ་དང་དམར་འཛིང་བྱེད་ཕོད་པའི་སྙིང་སྟོབས་དང་། རང་སྟོབས་རང་སྤེལ་གྱི་རྨང་གཞིའི་སྟེང་དུ་རྙིང་པ་སླར་གསོ་བྱེད་པའི་ཆོད་སེམས། འཛམ་གླིང་མི་རིགས་ཀྱི་ཁྲོད་རང་ཚུགས་བྱེད་ཕོད་པའི་ནུས་པ་བཅས་ལ་བརྟེན་ནས་རླབས་ཆེན་གྱི་ཕུགས་འདུན་འདི་མངོན་འགྱུར་བྱ་ཆེད་ལོ་ངོ་བརྒྱ་དང་བརྒྱད་ཅུ་ལྷག་ལ་མུ་མཐུད་འབད་འཐབ་བྱས་ཡོད། ད་ལྟ། ཀྲུང་གོའི་མི་དམངས་ནི་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཡིད་ཆེས་དང་ནུས་པ་ལ་སྔར་ལས་ཉེ་བར་བཅར་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གིས་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་དེའི་རིགས་དར་སྤེལ་བཏང་བ་ཡིན་ན། གཞི་ནས་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
སྲོག་ཤིང་རིན་ཐང་ལྟ་བ་ནི་མི་རིགས་ཞིག་རྒྱུན་བསྲིངས་བྱེད་ཀྱི་བསམ་པའི་འབྲེལ་ཐག་ཞིག་ཡིན་ལ། རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་ཞིག་ཀྱང་ཡིན། གལ་ཏེ་ཐུན་མོང་གི་སྲོག་ཤིང་རིན་ཐང་ལྟ་བ་མེད་ན། མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་རྣམ་ཤེས་ལ་གཏན་འཇགས་ཀྱི་གནས་མེད་པ་དང་བྱ་སྤྱོད་ལ་བརྟེན་ས་ཅི་ཡང་མེད་འགྲོ སྐུལ་སློང་གི་ནུས་པ་ཆེན་པོ་ལྡན་པའི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་ཐུབ་མིན་ནི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་འབྱུང་མིན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཡུན་རིང་བརྟན་བརླིང་དང་འབྲེལ་བ་ངེས་ཅན་ཡོད།
དེང་རབས་ཀྱི་ཀྲུང་གོ་རུ། ང་ཚོས་སྟོབས་འབྱོར་དང་དམངས་གཙོ། ཤེས་རིག འཆམ་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཡིད་རྟོན། མཛའ་མཉེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེས་དེང་རབས་ཀྲུང་གོའི་སྙིང་སྟོབས་གཅིག་སྡུད་སྒོས་མཚོན་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྩོན་ལེན་དང་གཅིག་སྡུད་བྱས་ཡོད་ཅིང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཐག་གཅོད་བྱས་ཡོད་པར་བརྟེན། དེ་ནི་མི་སེམས་གཅིག་སྒྲིལ་དང་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། མི་དམངས་ལ་དད་མོས་ཡོད་ན། གཞི་ནས་རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ་དང་མི་རིགས་ལ་རེ་བ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱ་རྒྱུ་དེ་ནི། བླ་སྲོག་དང་སྟོབས་ཤུགས་གཅིག་སྡུད་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་རྨང་གཞིའི་བསམ་བཀོད་ཞིག་ཏུ་བརྩིས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
གཞོན་ནུ་ལོ་ཆུང་གི་དུས་སྐབས་ནི་རིན་ཐང་གི་ལྟ་བ་དང་མི་ཚེའི་ལྟ་བ། མེས་རྒྱལ་གྱི་ལྟ་བ། མི་རིགས་ཀྱི་ལྟ་བ་བཅས་ཆགས་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། སློབ་གསོ་ནི་ཁྲག་གི་ནང་དུ་སིམ་པ་དང་མིའི་བླ་སྲོག་དུ་སིམ་པར་བྱེད་དགོས་པར་ཅིས་ཀྱང་ཆུང་དུས་ནས་དམ་འཛིན་བྱེད་དགོས་པ་དང་བྱིས་གཉོར་ཁང་ནས་དམ་འཛིན་བྱེད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལོ་རྒྱུས་རིག་གནས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་ཧྭ་ལ་དགའ་བའི་ས་བོན་ཕྲུ་གུ་ཚང་མའི་སེམས་ཀྱི་གཏིང་དུ་བཏབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མེས་རྒྱལ་གྱི་མི་རབས་རྗེས་མའི་སེམས་སུ་རྩ་བ་ཚུགས་སུ་འཇུག་དགོས། མི་རིགས་སོ་སོས་ཕྲུ་གུ་རྣམས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་ཞིག་ཡིན་པའི་འདུ་ཤེས་འཛུགས་རྒྱུ་གསོ་སྐྱོང་བྱེད་དགོས་པ་ལས། ཕྲུ་གུ་རྣམས་ལ་རང་ཉིད་མི་རིགས་གང་གི་མི་ཡིན་པ་ཁོ་ན་ཤེས་སུ་འཇུག་མི་རུང་། ཐོག་མར་རང་ཉིད་ནི་ཀྲུང་ཧྭ་མི་རིགས་ཡིན་པ་ཅིས་ཀྱང་ཤེས་དགོས་ལ། དེ་ནི་དཔེ་བཞག་ན་ཟླ་བ་དང་སྐར་མའི་འབྲེལ་བ་ལྟ་བུ་ཡིན། དོན་དག་འདི་ངེས་པར་དུ་གཞི་རྒྱ་ཆེན་པོས་བསྒྲུབ་དགོས་པ་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་བསྒྲུབ་དགོས།
གསུམ། ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས།
རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་པས། མི་རིགས་ཀྱི་བདེ་རྩ་དང་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད། རིག་གནས་ཀྱི་ཡིད་ཆེས་ནི་སྔར་ལས་རྨང་གཞི་དང་སྔར་ལས་རྒྱ་ཆེ་བ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་ཡིད་ཆེས་ཤིག་ཡིན་ལ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཆེས་གཞི་རྩ་དང་ཆེས་གཏིང་ཟབ་པ། ཆེས་ཡུན་རིང་བཅས་ཀྱི་སྟོབས་ཤུགས་ཤིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་དགོས་ན། ཕུགས་དང་རྩ་བ་ནི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་རྒྱུ་དང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གསོ་སྐྱོང་གང་ལེགས་བཅས་ཡིན། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་རིམ་པ་གཏིང་ཟབ་ཤོས་ཀྱི་ངོས་འཛིན་གཅིག་མཐུན་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཀྱང་ཡིན།
རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་གྱི་གནད་དོན་ཐག་གཅོད་བྱས་པ་ཡིན་ན། གཞི་ནས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་གཅིག་མཐུན་གཞི་ནས་སྲ་བརྟན་དུ་གཏོང་ཐུབ། ངེས་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རིག་གནས་ཀྱི་ཡིད་ཆེས་དང་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་སྐྲུན་དགོས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཀྲུང་ཧྭའི་རིག་གནས་ནི་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་གཞི་གཅིག་ཏུ་གཅིག་སྡུད་བྱས་ཡོད་པར་བརྟེན། དེ་ནི་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་གཅིག་སྡུད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གལ་ཆེའི་གཞི་རྒྱུ་མང་པོ་ཡོད་པ་དཔེར་ན། གནམ་འོག་གི་སྤྱི་ཕན་དང་གནམ་འོག་འགྲིག་མཐུན་ཆེན་པོའི་སྤྱི་ཚོགས་ཀྱི་ཕུགས་བསམ་དང་། མི་དམངས་རྒྱལ་ཁབ་ཀྱི་རྨང་གཞིར་འཛིན་པ་དང་སྲིད་སྐྱོང་ཀུན་སྤྱོད་ཀྱི་བཅོས་སྐྱོང་བསམ་བློ། སྣ་མང་གཞི་གཅིག་ཅན་གྱི་གཅིག་གྱུར་ཆེན་པོའི་སྲོལ་རྒྱུན། དར་རྒུད་ཅི་ཡོད་ལ་འགན་འཁྲི་ཡོད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་དུང་། ཀུན་སྤྱོད་སྤེལ་རྒྱུ་དང་ཀུན་སྤྱོད་གསལ་པོ་དར་སྤེལ་གཏོང་བའི་བསམ་པའི་དོན་གཉེར། དམངས་ཕྱུག་འཚོ་སྐྱིད་དང་དྲང་བདེན་དང་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་དཔལ་འབྱོར་མི་ཆོས། རང་བྱུང་དང་མི་འཆམ་མཐུན་དང་དངོས་པོ་ཡོད་ཚད་མཉམ་སྤེལ་བྱེད་པའི་སྐྱེ་ཁམས་ཀྱི་འདུ་ཤེས། དངོས་ཐོག་བདེན་འཚོལ་དང་ཤེས་བྱ་གཅིག་གྱུར་གྱི་མཚན་ཉིད་རིག་པའི་བསམ་བློ། བསམ་སྦྱོར་གཅིག་མཐུན་གྱི་བསམ་གཞིགས་གཏོང་ཐབས། ཡིད་ཆེས་བླ་རུ་བཀུར་བ་དང་འཆམ་མཐུན་མཉམ་གནས་བྱེད་པ། ཁྱིམ་མཚེས་ལ་བྱམས་པོ་བྱེད་པའི་འབྲེལ་འདྲིས་ཀྱི་ཐབས་ལམ་སོགས་ཀྱིས་ཀྲུང་ཧྭའི་ཤེས་རིག་གི་མངོན་གསལ་དོད་པའི་ཁྱད་ཆོས་མཉམ་དུ་བསྐྲུན་ཡོད། རང་རྒྱལ་གྱི་རིག་གནས་བང་མཛོད་ནང་གི་སྙན་ངག་དང་ཧན་ཧྥུ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ངག མིང་ཆིང་གི་བརྩམས་སྒྲུང་བཅས་སུ་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་མཚོན་པའི་བརྩམས་ཆོས་འབོར་ཆེན་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་འབོར་ཆེན་ཞིག་གིས་གསར་གཏོད་བྱས་པའང་ཡོད། 《མིའི་རིགས་ཀྱི་གཟུགས་འདས་ཤུལ་གཞག་རིག་དངོས་ཀྱི་འཐུས་ཚབ་བརྩམས་ཆོས་མིང་ཐོའི》ནང་བཀོད་པའི་ཀྲུང་གོའི་རྣམ་གྲངས་ཁྲོད་གྲངས་ཉུང་མི་རིགས་ཀྱིས་གསུམ་ཆ་གཅིག་ཟིན་ཡོད། མི་རིགས་ཁག་ཚང་མས་ཀྲུང་ཧྭའི་རིག་གནས་གྲུབ་པ་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་བཞག་ཡོད་པར་བརྟེན། མི་རིགས་སོ་སོས་ཕན་ཚུན་ལ་མྱོང་རོལ་དང་སློབ་སྦྱོང་བྱེད་དགོས། རྒྱ་རིགས་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་དང་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་པ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་འཇོག་པ། མི་རིགས་རང་གི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཀྱི་ཕྱི་རོལ་དུ་འཛིན་པ་དང་ཀྲུང་ཧྭའི་རིག་གནས་ལ་ཁས་ལེན་མི་བྱེད་པ་བཅས་ཚང་མ་གཏན་ནས་མི་འགྲིག་པས། ཚང་མ་ཁྱད་སེལ་མཐའ་གཅིག་ཏུ་བྱེད་དགོས། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་རིག་དངོས་སྲུང་སྐྱོབ་བསམ་བཀོད་ལག་བསྟར་བྱེད་དགོས།
མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་སྲུང་སྐྱོབ་བྱ་རྒྱུ་དེ་སྔར་གྱི་གནས་སྟངས་ལྟར་འགུལ་མེད་སོར་འཇོག་གི་རྣམ་པ་ཞིག་མ་ཡིན་ལ། སྙིགས་རོ་དང་མཉམ་དུ་ཡོངས་སུ་སོར་འཇོག་བྱེད་པ་གཏན་ནས་མ་ཡིན་པར། རྩུབ་སེལ་བཅུད་ལེན་དང་རྫུན་སེལ་བདེན་འཛིན། རྙིང་འདོན་གསར་གཏོད་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་གང་ལེགས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བསམ་བཀོད་ལག་བསྟར་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ། སློབ་གྲྭ་རིམ་པ་ཁག་དང་རིགས་ཁག་ཏུ་ཀྲུང་ཧྭའི་གསུང་རྩོམ་ཀློག་འདོན་དང་ཀྲུང་ཧྭའི་ཤེས་རིག་གུས་ལུགས། ཀྲུང་ཧྭའི་སྲོལ་རྒྱུན་ལག་རྩལ་བཅས་ཀྱི་སློབ་གསོ་སྤེལ་དགོས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བསམ་བཀོད་ལག་བསྟར་ནན་མོ་བྱས་ནས་དམར་པོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། གསར་བརྗེའི་རིག་གནས་ཞིབ་འཇུག་དང་འགྲེལ་བཤད་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། རིག་གནས་ཀྱིས་དམངས་ལ་ཕན་པ་སྟེར་བའི་བསམ་བཀོད་གསར་གཏོད་ལག་བསྟར་བྱེད་པ། མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། ཀྲུང་གོའི་རྒྱལ་ཁབ་ཀྱི་སྣང་བརྙན་བཅས་མཚོན་པའི་མ་ལག་འཛུགས་རྒྱུ་དང་། མི་རིགས་སོ་སོས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་འཛུགས་པ་དང་འབུར་དུ་ཐོན་པར་བྱས་ཏེ། ཁྱབ་སྤེལ་དང་ཁྱབ་བརྡལ་ལ་ཤུགས་བསྣན་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་མཉམ་འདྲེས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་དང་བྱེད་སྒོ་གལ་ཆེན་ཁྲོད་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་དགོས།
མི་རིགས་སོ་སོའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ལྡན་པ་དང་མི་རིགས་སོ་སོའི་རིག་གནས་ཀྱི་འཚོ་བཅུད་བསྡུ་ལེན་གང་ལེགས་བྱེད་པ། དེང་རབས་དཔལ་ཡོན་མཉམ་འདྲེས་བཅས་ཀྱི་དཔེ་དེབ་དང་གར་སྟེགས་སྒྱུ་རྩལ་བརྩམས་ཆོས། གློག་བརྙན་བརྙན་འཕྲིན་བརྩམས་ཆོས། མཛེས་རྩལ་བརྩམས་ཆོས་བཅས་ཁག་གཅིག་སྐྲུན་དགོས།
བཞི། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་བརྡལ་གཏོང་དགོས།
སྐད་ཆ་འབྲེལ་འདྲིས་ནི་མི་དང་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན། སྐད་ཆ་མི་ཤེས་ན་འབྲེལ་འདྲིས་བྱེད་དཀའ་བ་དང་། འབྲེལ་འདྲིས་མ་བྱས་ན་བསམ་ཤེས་བྱེད་དཀའ་བ་དང་ཕན་ཚུན་བར་མོས་མཐུན་འབྱུང་དཀའ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་གཏོང་རྒྱུ་ནི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་འགན་འཁྲི་ཞིག་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ལེགས་པར་བསྒྲུབས་པའི་ཡུན་རིང་གི་ཐབས་ཇུས་དང་རྨང་གཞི་སྲ་བརྟན་དུ་གཏོང་བའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་ལས་གཞན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དེ་མིན་ད་དུང་མི་རིགས་ཁག་ཚང་མ་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ནང་ཞུགས་པ་དང་། རླབས་ཆེན་བསྐྱར་དར་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན།
མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་དང་སློབ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོསརྩོམ་སྒྲིག་བྱས་པའི་སློབ་དེབ་བེད་སྤྱོད་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་སློབ་ཁྲིད་ཀྱི་གཞི་རྩའི་ཐ་སྙད་དང་ཡི་གེ་སྤྱོད་པའི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་དམའ་རིམ་སློབ་འབྲིང་མཐར་ཕྱིན་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁོང་དུ་ཆུད་ཐུབ་པ་དང་བཀོལ་སྤྱོད་བྱེད་ཐུབ་པར་འགན་ལེན་བྱེད་དགོས། སློབ་ལོ་མ་རན་པའི་སྔོན་གྱི་བྱིས་པའི་སྤྱི་སྐད་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། “སློབ་ལོ་མ་རན་པའི་སྔོན་ལ་སྤྱི་སྐད་ཤེས་པར”སྐུལ་འདེད་ཧུར་ཐག་གཏོང་དགོས། མི་རིགས་ས་ཁུལ་གྱི་དགེ་རྒན་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་སློབ་ཁྲིད་ནུས་པའི་གསོ་སྦྱོང་ཟབ་སྤེལ་གཏོང་དགོས། རྒྱུགས་ལེན་གྱི་སློབ་མ་བསྡུ་བའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། དེང་རབས་སྤྱི་ཚོགས་དང་མཉམ་འདྲེས་བྱེད་པའི་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་ཧྭའི་རིག་གནས་སྤེལ་བར་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་བཞག་ནས་མི་རིགས་རང་གི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཀྱི་ཕྱི་རོལ་དུ་ཡོད་པར་ངོས་འཛིན་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཁས་ལེན་མི་བྱེད་པ་ཚང་མ་གཏན་ནས་མི་འགྲིག་པས། ཚང་མ་ཁྱད་སེལ་མཐའ་གཅིག་ཏུ་བྱེད་དགོས། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་རིག་དངོས་སྲུང་སྐྱོབ་བསམ་བཀོད་ལག་བསྟར་བྱེད་དགོས།
གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་དེ་གྲངས་ཉུང་མི་རིགས་ཀྱིས་མི་རིགས་རང་གི་སྐད་ཡིག་སྤྱོད་པར་འགན་སྲུང་བྱེད་པ་དང་འགལ་ཟླའི་འབྲེལ་བ་ཞིག་གཏན་ནས་མིན་ལ། མི་རིགས་གང་ཞིག་གི་སྐད་ཡིག་དང་རིག་གནས་རྩ་མེད་དུ་གཏོང་བར་འཁྱོག་འགྲེལ་གཏན་ནས་རྒྱག་མི་རུང་། མི་རིགས་སོ་སོའི་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། མི་རིགས་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་ལྕག་བྱས་ཏེ། སྐད་ཡིག་འབྲེལ་འདྲིས་ལ་བརྟེན་ནས་སེམས་ཁམས་འབྲེལ་འདྲིས་དང་ལས་དབང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་དགོས།
ལྔ།མི་རིགས་སོ་སོ་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་དགོས།
བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་དང་། ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག གྲངས་ཉུང་མི་རིགས་དང་། མི་རིགས་ས་ཁུལ་གྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་བྱང་ཚད་དང་། ཚན་རིག་རིག་གནས་བྱང་ཚད། བདེ་ཐང་བྱང་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། ཡིན་ནའང། རང་བྱུང་དང་ལོ་རྒྱུས། དཔལ་འབྱོར་དང་སྤྱི་ཚོགས་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་ཕན་ཚུན་གྱི་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་པའི་དབང་གིས་མི་རིགས་ས་ཁུལ་ཁ་ཤས་སུ་སྔར་བཞིན་སྒོ་འབྱེད་འཕེལ་རྒྱས་ཀྱི་འདུ་ཤེས་ད་དུང་མི་འདང་བ་དང་། བསམ་པའི་འཚོ་བ་ད་དུང་ཕུན་སུམ་ཚོགས་པོ་མེད་པ། འཚོ་བ་སྐྱེལ་སྟངས་ད་དུང་ལེགས་སྒྱུར་བྱེད་དགོས་པ་སོགས་ཀྱི་གནད་དོན་གནས་ཡོད། གནད་དོན་འདི་དག་གིས་མི་རིགས་ས་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བ་མ་ཟད། མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་ལའང་ཚོད་འཛིན་བྱེད་པ་དང་། མི་རིགས་ས་ཁུལ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་ཡོད།
ནུས་ཤུགས་ཡོད་རྒུས་དེང་རབས་ཀྱི་འདུ་ཤེས་དང་བྱ་སྤྱོད་བྱེད་ཐབས་ཁྱབ་སྤེལ་བྱེད་པ་དང་། རིག་གནས་གསར་སྐྲུན་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན། དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ། མི་རིགས་ས་ཁུལ་གྱི་རྒྱང་སྒྲོག་དང་བརྙན་འཕྲིན་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མི་རིགས་ས་ཁུལ་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རིགས་སོ་སོའི་མི་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་དཔལ་ཡོན་བྱང་ཚད་མཐོར་འདེགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོའི་སྨྲ་བ་དང་ལྷ་མེད་སྨྲ་བའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱག་པ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། “ཚན་རིག་རིག་གནས་ཁྱིམ་ཚང་ཁྲི་ལ་བསྐྱོད་པའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས། དེང་རབས་ཀྱི་དཔལ་ཡོན་སློབ་གསོར་ཤུགས་སྣོན་བརྒྱག་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སྲོལ་བསྒྱུར་ལུགས་བསྒྱུར་བྱེད་པར་ཧུར་ཐག་གིས་སྣེ་ཁྲིད་བྱེད་པ། བདེ་ཐང་དང་དཔལ་ཡོན་ལྡན་པའི་བསམ་བློའི་འདུ་ཤེས་དང་བསམ་པའི་སྤྲོ་སྣང་། འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།
རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པ། རང་རྒྱལ་གྱི་ཆོས་ལུགས་ཀྱིས་རང་རྟོགས་ངང་ཆོས་ལུགས་ཆོས་སྲོལ་དང་དོ་དམ་ལམ་ལུགས། གུས་སྲོལ་གོམས་སྲོལ། བྱ་སྤྱོད་ཚད་གཞི་སོགས་དེང་རབས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་མི་མཐུན་པའི་ནང་དོན་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་། རིག་གནས་སྲོལ་རྒྱུན། ཀུན་སྤྱོད་ཚད་གཞི་དང་སྤྱི་པའི་སྒྲིག་ལམ་གོམས་སྲོལ་བཟང་པོ་བཅས་དང་མི་མཐུན་པའི་ནང་དོན་བསྒྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཆོས་ལུགས་སྒྲིག་སྲོལ་བར་གྱི་འབྲེལ་བ་ངོས་འཛིན་ཡང་དག་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ནི་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནི་ཆོས་ལུགས་ཀྱི་སྒྲིག་སྲོལ་ལས་ཆེ་བ། ཆོས་པ་ནི་ཐོག་མར་སྤྱི་དམངས་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཆོས་ལུགས་ཀྱིས་འཇིག་རྟེན་པའི་འཚོ་བར་ཐེ་གཏོགས་བྱེད་པར་སྔོན་འགོག་བྱེད་དགོས། མི་རིགས་ཀྱི་གོམས་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་ཡང་དག་པའི་ངང་དབྱེ་འབྱེད་བྱེད་དགོས།
ལེའུ་དགུ་པ། མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱ་རྒྱུར་ངེས་པར་དུ་སྐུལ་འདེད་གཏོང་དགོས།
གཅིག མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཡིན།
འགྲོ་འོང་བརྗེ་རེས་མཉམ་འདྲེས་ནི་མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཉག་ཅིག་ཡིན། ཀྲུང་ཧྭ་མི་རིགས་ནི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཁྲོད་དུ་བསྐྲུན་པ་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡང་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཁྲོད་མངོན་འགྱུར་ཐུབ་ངེས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནི་མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ཡིན་ལ། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ངེས།
ལོ་རྒྱུས་རིང་པོའི་ཁྲོད་མི་རིགས་སོ་སོ་གནས་སྤོ་དང་། ཚོང་དོན། གཉེན་སྒྲིག་བཅས་དང་། ཐ་ན་འགལ་བ་འཁྲུག་རྩོད་དང་། གདོང་གཏུག་དགྲར་ལངས་བཅས་ཀྱི་བརྒྱུད་རིམ་ཁྲོད་འགྲོ་འོང་གི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད་ལ། མཉམ་འདྲེས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཆིན་ཧན་རྒྱལ་རབས་ནས་སུའེ་ཐང་རྒྱལ་རབས་བར། དེ་ནས་ཡོན་མིང་ཆིང་རྒྱལ་རབས་བར་དུ་གཅིག་གྱུར་ཐེངས་རེ་རེ་བྱས་པ་ནི་ཐེངས་སྔོན་མ་ལས་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་། ཤུགས་ཚད་སྔར་ལས་ཆེ་བ། མི་རིགས་བསྡུ་ལེན་བྱས་པ་སྔར་ལས་མང་པོ་ཡིན་པས། སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་ཆགས་པ་དང་། འཕེལ་རྒྱས། སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། ཉེ་རབས་ནས་བཟུང་། རྒྱལ་སྐྱོབ་འཚོ་སྡོད་ཀྱི་རླབས་ཆེན་འཐབ་རྩོད་ཁྲོད། རིགས་སོ་སོའི་མི་དམངས་ཀྱིས་དགྲ་ལ་རྒོལ་སེམས་གཅིག་མཐུན་དང་། ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་མཉམ་དུ་བཀག་འགོག་བྱས་པས། མཐར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ནས་མཉམ་དུ་ཀྲུང་གོ་གསར་པ་གསར་སྐྲུན་བྱས་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པ་གསར་གཏོད་བྱས་པ་རེད། འཕེལ་རིམ་དེའི་ཁྲོད་མི་རིགས་སོ་སོའི་ལོ་རྒྱུས་ཐོག་གྲུབ་པའི་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་ཕྱིན་པ་དང་། མི་རིགས་སོ་སོའི་སྐྱིད་སྡུག་མཉམ་མྱོང་དང་འབྲེལ་བ་ཡོད་པའི་ལས་སྐལ་གཅིག་མཐུན་ཚོགས་པའི་ཁྱད་ཆོས་སྔར་ལས་མངོན་གསལ་དུ་ཕྱིན་ཡོད་ལ། རིགས་སོ་སོའི་མི་དམངས་ཀྲུང་གོའི་ལོ་རྒྱུས་ཀྱི་བདག་པོ་ཡིན་པའི་འགན་འཁྲིའི་འདུ་ཤེས་སྔར་ལས་སྐུལ་སློང་ཐོབ་ནས་ཇེ་དྲག་ཏུ་ཕྱིན་ཡོད།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་གཏན་འཁེལ་དང་སྲ་བརྟན་དུ་ཕྱིན་ནས་མི་རིགས་སོ་སོས་འགྲོ་འོང་བརྗེ་རེས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བཏིང་བ་དང་ཆ་རྐྱེན་སྐྲུན་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་བསྟུན་ནས། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རང་རྒྱལ་མི་རིགས་སོ་སོ་ཁྱབ་ཁོངས་ལས་བརྒལ་བ་དང་འཁོར་རྒྱུག་ཆེན་པོའི་དུས་སྐབས་སུ་སླེབས་ཡོད་ལ། མི་རིགས་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་བརྗེ་རེས་ཁྲོད་འབྲེལ་བ་དམ་ཟབ་དེའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྔར་བྱུང་མྱོང་མེད་པ་ཞིག་ཡིན། རང་རྒྱལ་གྱི་ཐོར་སྡོད་ཆེ་བ་དང་། འདུས་སྡོད་ཆུང་བ། སྣོལ་སྡོད་འདྲེས་སྡོད་བཅས་ཀྱི་མི་རིགས་མི་འབོར་ཁྱབ་ཚུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་འཁོར་རྒྱུག་ཆེན་པོ་དང་མཉམ་འདྲེས་ཆེན་པོའི་ཁྱད་ཆོས་གསར་པ་མངོན་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཕྱོགས་སོ་སོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་བ་དང་བསྟུན་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་གཏིང་ཟབ་ཏུ་སོང་བ་དང་། མི་རིགས་སོ་སོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པ། ཕན་ཚུན་དཔྱད་གཞིར་བཟུང་ནས་ཐུན་མོང་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་སྲིད་པས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འདྲིལ་ཤུགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།
མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་ན། ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན་ཐག་གཅོད་ཡང་དག་བྱ་དགོས། རིགས་པའི་གཞུང་ལུགས་ཐོག་གི་ངོས་འཛིན་རབ་རིབ་དང་ལག་ལེན་ཁྲོད་ཀྱི་ཚུལ་མིན་བྱེད་སྟངས་མང་པོ་ཞིག་གི་རྩ་བ་ནི་ཚད་དང་རན་པ་མིན་པར་ཐུག་ཡོད། མཉམ་འདྲེས་བྱེད་པ་ནི་མི་རིགས་བར་གྱི་བར་ཁྱད་རང་བཞིན་མེད་པར་བཟོ་དགོས་པ་མ་ཡིན་ལ། མི་རིགས་གང་ཞིག་རྩ་མེད་དུ་གཏོང་དགོས་པ་དེ་བས་ཀྱང་མ་ཡིན་པར། རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས་པ་དང་། སྒྱིད་ལུག་གི་རྣམ་འགྱུར་བཟུང་ནས་བྱ་བ་ཅི་ཡང་མི་བསྒྲུབ་པ་བྱེད་མི་རུང་ལ། བྲེལ་འཚུབ་ལངས་ནས་གང་བྱུང་དུ་བྱ་སྤྱོད་སྤེལ་མི་རུང་། སྤྱིའི་ཆ་ནས་ཁྱད་པར་ལ་བརྩི་འཇོག་དང་སྣ་མང་ལ་བཟོད་སྒོམ་བྱེད་པ། འགྲོ་འོང་བརྗེ་རེས་མཉམ་འདྲེས་རྒྱ་ཆེར་གཏོང་བ་བརྒྱུད་དེ་རིགས་སོ་སོའི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་འཛུགས་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་གསར་སྐྲུན་བྱས་ཏེ་མི་རིགས་སོ་སོ་ཕྱོགས་ཡོངས་ནས་ཟབ་ཞུགས་བྱེད་པའི་ལག་ལེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་། མི་རིགས་སོ་སོའི་ཕུགས་བསམ་དང་། དད་མོས། བརྩེ་དུང་། རིག་གནས་བཅས་ཀྱི་ཐད་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ནས་ཕན་ཚུན་རོགས་རམ་དང་བརྩེ་དུང་ཇེ་ཟབ་ཏུ་གཏོང་དགོས།
གཉིས། མི་རིགས་སོ་སོའི་མི་འབོར་འཁོར་རྒྱུག་མཉམ་སྡོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱི་མི་རིགས་སོ་སོ་ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག་ཆེན་པོའི་དུས་སྐབས་སུ་སླེབས་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་གཞི་ཁྱོན་ཆེན་པོས་ཤར་རྒྱུད་དང་ནང་ལོགས་གྲོང་ཁྱེར་དུ་འཁོར་རྒྱུག་བྱེད་བཞིན་ཡོད། ནང་ལོགས་ཀྱི་མི་འབོར་མི་རིགས་ས་ཁུལ་དང་མི་རིགས་མི་འདྲ་བའི་བར་དུ་ཡང་གཞི་ཁྱོན་ཆེ་བའི་སྒོ་ནས་འཁོར་རྒྱུག་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་འཁོར་རྒྱུག་མི་འབོར་དུང་ཕྱུར་གསུམ་ལྷག་ཙམ་གྱི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱིས་བཅུ་ཆའི་གཅིག་ཟིན་ཡོད་ལ། ཤར་རྒྱུད་གྲོང་ཁྱེར་དུ་སྣང་ཚུལ་དེ་རིགས་ཧ་ཅང་འབུར་ཐོན་ཡིན། མང་ཚོགས་རྣམས་ཀྱིས་སི་ཁྲོན་གྱི་ཁ་ཚའི་ཟས་རིགས་མཐའ་མཚམས་ཀྱི་ས་ཁུལ་གང་རུང་དུ་སླེབས་ཡོད་པ་དང་། ཞིན་ཅང་གི་ལུག་ཤ་རྒྱལ་ཡོངས་སུ་ཁྱབ་ཡོད་ཟེར། འགྱུར་ལྡོག་དེ་རིགས་ཀྱིས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་ཧ་ཅང་ཆེན་པོ་གཏོང་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
མི་རིགས་ས་ཁུལ་གྱིས་མི་རིགས་སོ་སོའི་མང་ཚོགས་བར་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་གཏོང་རྒྱུར་སྐུལ་མ་གཏོང་དགོས་པ་ལས། མི་རིགས་ཀྱི་གོམས་སྲོལ་དང་ཆོས་ལུགས་དད་མོས་རྒྱུ་མཚན་དུ་བྱས་ནས་མི་རིགས་ཀྱི་དབྱེ་མཚམས་ཇེ་དྲག་ཏུ་གཏོང་མི་རུང་། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་ལས་ཞུགས་དང་། བྱ་བ། འཚོ་བ་རོལ་བའི་གྲངས་ཉུང་མི་རིགས་མང་ཚོགས་མང་ཆེ་བར་རྩལ་ནུས་དང་རིག་གནས། ངར་ཤུགས་ངེས་ཅན་ལྡན་ཡོད་པས་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་མི་རིགས་སོ་སོ་འགྲོ་འོང་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ས་གནས་ཁ་ཤས་སུ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས“ཁུར་པོ”དང“རྙོག་དྲ”ཞིག་ཏུ་བརྩིས་ཏེ། དམིགས་བསལ་གྱི་གྲངས་ཉུང་མི་རིགས་ལ“སྒོ་རྒྱག་རིང་ལུགས”ཀྱི་བསམ་སྦྱོར་སྤེལ་བཞིན་ཡོད་པས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས།
མི་རིགས་ས་ཁུལ་དང་ཤར་དབུས་རྒྱུད་ས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ས་ཁོངས་ལས་བརྒལ་བའི་ཕྱོགས་གཉིས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤར་ནུབ་རྒྱུད་མཉམ་ལས་དང་དམིགས་འཛུགས་རོགས་སྐྱོར་བྱ་བའི་ཁྲོད་འཇོག་དགོས། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ཤར་དབུས་རྒྱུད་ས་ཁུལ་དུ་བྱ་བ་དང་ཚོང་གཉེར། སློབ་སྦྱོང་དང་ལས་ཞུགས། བདེ་སྡོད་གཞིས་ཆགས་བཅས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཤར་དབུས་རྒྱུད་ས་ཁུལ་གྱི་མང་ཚོགས་མི་རིགས་ས་ཁུལ་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་དུ་དངུལ་གཏོང་ལས་སྤེལ་དང་བྱ་བ་དང་འཚོ་བ་རོལ་བར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ལས་རིགས་ལག་རྩལ་སློབ་གྲྭས་ཤར་དབུས་རྒྱུད་ས་ཁུལ་དུ་སློབ་བསྡུ་བྱེད་པའི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས། ཤར་དབུས་རྒྱུད་ཀྱི་གཙོ་གནད་མཐོ་རིམ་སློབ་གྲྭས་མི་རིགས་ས་ཁུལ་དུ་སློབ་མ་བསྡུ་བའི་སྡུར་ཚད་མཐོ་རུ་གཏོང་དགོས། སློབ་ཆེན་སློབ་མའི་ནུབ་རྒྱུད་དང་བླངས་ཞབས་ཞུའི་འཆར་གཞི་མུ་མཐུད་ལག་བསྟར་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་མི་རིགས་ས་ཁུལ་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་དུ་ལས་ཞུགས་ལས་གཏོད་དང་ཕུགས་འདུན་མངོན་འགྱུར་ཡོང་བར་སྐུལ་ལྕག་དང་རོགས་སྐྱོར་བྱེད་དགོས། གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་དང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་། མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ཀྱིས་ལྟ་སྐོར་རྟོག་ཞིབ་བྱེད་པ། མི་རིགས་མཉམ་འབྲེལ་མཛའ་མཐུན་བྱ་འགུལ་སོགས་མང་ཚོགས་རང་བཞིན་གྱི་བརྗེ་རེས་བྱ་འགུལ་རྒྱུན་རྣམ་ཅན་གྱིས་སྤེལ་དགོས།
གསུམ། ཕན་ཚུན་གསབ་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་གཞིས་ཁུལ་ཁོར་ཡུག་མགྱོགས་མྱུར་ངང་བསྐྲུན་དགོས།
མི་རིགས་མང་པོའི་མང་ཚོགས་ཕན་ཚུན་གསབ་རེས་རྣམ་པའི་གཞིས་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་མི་རིགས་སོ་སོའི་མང་ཚོགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། གྲོང་ཁྱེར་དུ་ཡོང་བའི་གྲངས་ཉུང་མི་རིགས་མང་ཚོགས་རྣམས་ཁུལ་དབྱེ་བྱས་ནས་འདུ་འཛོམས་བྱས་ན་མི་འཚམ་པ་དང་། ཐོག་མ་ནས་ཁྲིད་སྟོན་ཡག་པོ་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱིས་བློས་ཐུབ་གྲོགས་པོ་བྱེད་ཐུབ་པ་དང་། ཁྱིམ་མཚེས་འཆམ་མཐུན་བྱེད་ཐུབ་པ། གཉེན་སྒྲིག་བདེ་སྐྱིད་ཡོང་བ་བཅས་བྱེད་དགོས།
ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་སོ་སོ་མཉམ་སྡོད་མཉམ་སྦྱོང་དང་། མཉམ་འཛུགས་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད། གནས་སྤོས་འཁོར་རྒྱུག་བཅས་བྱེད་ཐུབ་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་སྒྲིག་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཞིས་ཁུལ་དང་སྡེ་བ་རྨང་གཞིའི་སྡེ་ཚན་དུ་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཕན་ཚུན་གསབ་རེས་རྣམ་པའི་འཚོ་བ་རོལ་རྒྱུར་ཁྲིད་སྟོན་བྱེད་དགོས། མི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་འབྲེལ་ལས་གཏོད་དང་དབུལ་སྐྱོར་དཀའ་སེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག ཕན་ཚུན་མྱོང་རོལ་དང་བསྟུན་མཁས་བཅས་བྱས་ཏེ། བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ཟབ་ཞུགས་བྱ་རྒྱུ་རིམ་བཞིན་མངོན་འགྱུར་བྱས་ནས་མི་རིགས་སོ་སོ་མཉམ་དུ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བར་གཞོན་ནུ་ལོ་ཆུང་ནས་མགོ་རྩོམ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་སློབ་སྒྲུབ་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་རིགས་སོ་སོའི་སློབ་མ་སློབ་གྲྭར་མཉམ་འདྲེས་དང་འཛིན་གྲྭ་དང་མལ་ཁང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། བྱིས་པ་ཚོ་མཉམ་དུ་འཚར་ལོངས་དང་ཡར་རྒྱས་ཡོང་བར་བྱེད་དགོས། མི་རིགས་འཛིན་གྲྭའི་སློབ་སྒྲུབ་རྣམ་པ་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། མི་རིགས་སོ་སོའི་སློབ་མས་མཉམ་དུ་སློབ་སྦྱོང་དང་འཚོ་བ་རོལ་བར་ཕན་པའི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ནས་མི་རིགས་སོ་སོའི་སློབ་མའི་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས།
བཞི། གྲོང་ཁྱེར་གྱི་མི་རིགས་བྱ་བ་ལེགས་པོར་བསྒྲུབ་དགོས།
གྲངས་ཉུང་མི་རིགས་སྤུན་ཟླ་གྲོང་ཁྱེར་དུ་ཡོང་ནས་ཡོང་འབབ་ཇེ་མང་དུ་ཕྱིན་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པས་མི་རིགས་མཐུན་སྒྲིལ་ལ་ཕན་ཐོགས་ཡོད། དེ་དང་མཉམ་དུ། གནད་དོན་གསར་པ་འགའ་ཞིག་ཀྱང་ཁྱེར་ཡོང་བ་རེད། དཔེར་ན། གྲོང་ཁྱེར་དུ་བསྐྱོད་པའི་གྲངས་ཉུང་མི་རིགས་མང་ཚོགས་གྲོང་ཁྱེར་གྱི་འཚོ་བ་དང་དོ་དམ་བྱེད་སྟངས་ལ་མི་ལོབས་པ་དང་། གྲོང་ཁྱེར་སྡོད་དམངས་ཀྱིས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་དང་བྱ་སྤྱོད་སྤེལ་སྟངས་ཁ་ཤས་ལ་རྒྱུས་ལོན་བྱེད་མི་ཐུབ་པ། ས་གནས་ལ་ལའི་ལས་ཀ་བྱེད་སྟངས་དང་དོ་དམ་ལམ་སྲོལ་སོགས་ལ་ཡང་མི་ལོབས་པའི་ཆ་ཡོད། ས་གནས་ལ་ལས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་མཐོང་ཆེན་མི་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་འཁོར་རྒྱུག་མི་འབོར་གྱི་ཞབས་ཞུ་དང་དོ་དམ་གྱི་རྗེས་ཟིན་མི་ཐུབ་པ། དུས་རྒྱུན་དམ་འཛིན་མི་བྱེད་པ་དང་དོན་དག་བྱུང་ན་གང་བྱུང་དུ་འཛིན་པ་རེད། མི་རིགས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ཐད་འགན་མི་ཁུར་བ་དང་། བྱ་བ་མི་སྒྲུབ་པ་ཕུད། ད་དུང་མི་རིགས་ཀྱི་སྲིད་ཇུས་ལ་རྒྱུས་མངའ་མེད་པ་དང་། རང་ལ་ཡིད་ཆེས་མེད་པ། ཡང་དྲགས་པ་དང་ལྕི་དྲགས་ན་མི་འགྲིག་བསམ་པས། ཐད་ཀར་ཐག་གཅོད་མི་ཐུབ་པའི་བྱེད་ཐབས་སྤྱོད་པ་ཡོད་པས། རིམ་པ་སོ་སོའི་ལས་བྱེད་པས་ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱག་དགོས།
གྲངས་ཉུང་མི་རིགས་གྲོང་ཁྱེར་དུ་བསྐྱོད་པར་དགའ་བསུ་ཞུ་བའི་སེམས་ཁམས་འཛིན་དགོས། འཛམ་གླིང་ཧྲིལ་བོ་སའི་གོ་ལའི་སྡེ་བར་གྱུར་ཡོད་ལ། རྒྱལ་ཁབ་གཅིག་གི་ནང་དུ་བར་གྱང་ལས་ཆོག་པའི་ས་ཁུལ་གང་ཡང་མེད། སྒོ་ཆེན་ཕྱེས་པ་ནི་རང་དབང་དང་གོ་རིམ་མེད་པ་མིན། ཐོར་སྡོད་དང་གྲོང་ཁྱེར་གྱི་མི་རིགས་བྱ་བ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་འཁོར་རྒྱུག་མི་འབོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། གནད་འགག་ནི་འཁོར་རྒྱུག་ཡུལ་གནས་དང་ཕྱིར་གཏོང་ཡུལ་གནས་གཉིས་སྦྲེལ་མཐུད་དམ་འཛིན་བྱ་རྒྱུ་དེ་ཡིན།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གྲོང་ཁྱེར་གྱི་སྟེགས་བུའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། མི་རིགས་སོ་སོ་གྲོང་ཁྱེར་ནང་མཉམ་འདྲེས་བྱེད་པའི་སྲིད་ཇུས་བྱེད་ཐབས་དང་། ལམ་ལུགས་འགན་སྲུང་། གཟེངས་བསྟོད་སྐུལ་ལྕག་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་འཁོར་རྒྱུག་མི་འབོར་གྲོང་ཁྱེར་གྱི་འཁོར་རྒྱུག་མི་འབོར་ཞབས་ཞུ་དོ་དམ་མ་ལག་ཁྲོད་ནང་ཞུགས་པར་བྱས་ཏེ། ལས་ཞུགས་གཞིས་ཆགས་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་དང་སློབ་སྦྱོང་། ཁང་པ་གླ་གཏོང་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་ལ་ལུགས་མཐུན་ངང་གཟིགས་སྐྱོང་བྱེད་དགོས། དམིགས་བསལ་ས་ཁུལ་གྱི་དམིགས་བསལ་མི་རིགས་ཀྱི་ཁོངས་མིར་དམིགས་པའི་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་ལ་ངོ་རྒོལ་དང་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས། གྲོང་ཁྱེར་དུ་ཡོང་བའི་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་རྟོགས་ངང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་གྲོང་ཁྱེར་དོ་དམ་གཏན་འབེབས་ལ་བརྩི་སྲུང་བྱེད་པ་དང་། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་དོ་དམ་ལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱས་ཏེ། གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྔར་ལས་ལེགས་པའི་སྒོ་ནས་བསྡུ་ལེན་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྔར་ལས་ལེགས་པའི་སྒོ་ནས་གྲོང་ཁྱེར་དུ་འདྲེས་སུ་འཇུག་དགོས།
ལེའུ་བཅུ་པ།མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས།
གཅིག བཅའ་ཁྲིམས་ཀྱི་དད་མོས་དང་ཁྲིམས་སྐྱོང་བསམ་གཞིགས་འཛུགས་དགོས།
ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ངེས་པར་དུ་བཅའ་ཁྲིམས་ཀྱི་དད་མོས་བརྟན་པོ་འཛུགས་དགོས་ལ། རྩ་ཁྲིམས་དང་བཅའ་ཁྲིམས་དེ་ཆེས་མཐོ་བའི་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྩ་ཁྲིམས་ཀྱི་རྨང་གཞི་ནི་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་སྲུང་བྱེད་པར་ཐུག་ཡོད་པ་དང་། རྩ་ཁྲིམས་ཀྱི་སྟོབས་ཤུགས་ཆེན་པོ་ནི་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་དད་མོས་ལས་བྱུང་བར་ཐུག་ཡོད” ། “བཅའ་ཁྲིམས་ཀྱིས་ནུས་པ་འདོན་སྤེལ་བྱ་དགོས་ན། ཐོག་མར་སྤྱི་ཚོགས་ཡོངས་ཀྱིས་བཅའ་ཁྲིམས་ལ་དད་མོས་བྱེད་དགོས”། “ཁྲིམས་འཛིན་ནན་མོ་དང་ཁྲིམས་འཛིན་དྲང་བདེན་ཡོང་དགོས་ན་ཁྲིམས་སྐྱོང་ལ་དད་མོས་དང་ཁྲིམས་སྐྱོང་བརྟན་སྲུང་བྱ་དགོས”ཞེས་ནན་བཤད་གནང་ཡོད།
བཅའ་ཁྲིམས་ལ་དད་མོས་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྩི་བཀུར་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་བརྩི་སྲུང་། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་ཁྲིམས་སྲུང་བྱ་རྒྱུ་དེ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཡུན་རིང་གི་རྨང་གཞིའི་རང་བཞིན་གྱི་བྱ་བར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱག་དགོས། ཁྲིམས་སྐྱོང་སློབ་གསོ་བྱིས་པ་ནས་བཟུང་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་དུ་བཞག་ནས་སླ་མོ་ནས་དཀའ་བར་འགྱུར་བ་དང་གོ་རིམ་བཞིན་ན་གཞོན་ལོ་ཆུང་གི་སྒྲིག་སྲོལ་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བཅའ་ཁྲིམས་ལ་དད་མོས་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་ལྟར་བྱ་བ་བསྒྲུབས་ན། ད་གཟོད་མི་རིགས་མཐུན་སྒྲིལ་ལ་གཞི་ནས་འགན་སྲུང་ཡོད་པ་དང་། མི་རིགས་ཀྱི་འབྲེལ་བ་གཞི་ནས་སྲ་བརྟན་ཡོང་ཐུབ།
གཉིས། མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས།
“གནམ་འོག་ཏུ་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་ཞིག་བཟོས་ན་གནམ་འོག་ལ་བཅོས་སྐྱོང་བྱེད་ཐུབ་ཅིང་། རྒྱལ་ཁབ་ཅིག་ཏུ་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་ཞིག་བཟོས་ན་རྒྱལ་ཁབ་ཅིག་བཅོས་སྐྱོང་བྱེད་ཐུབ།”ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། 1949ལོར་ཀྲུང་གོ་གསར་པ་དབུ་མ་བརྙེས་པའི་སྔོན་དུ། གནས་སྐབས་ཀྱི་རྩ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན》གྱིས“མི་རིགས་ཀྱི་སྲིད་ཇུས”དེ་ལེའུ་ཁེར་རྐྱང་དུ་བཀོད་ཡོད། 1954ལོར། ཀྲུང་གོ་གསར་པའི་རྩ་ཁྲིམས་དང་པོས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཆེན་པོའི་རྣམ་པར་བརྟེན་ནས་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་སོ་སོ་མཉམ་དུ་དར་རྒྱས་ཡོང་བ་བཅས་ནང་དོན་གཙོ་བོར་བྱས་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་པར་མ་ཟད། བཟོ་བཅོས་ཐེངས་རེ་རེའི་ཁྲོད་རྒྱུན་ཆད་མེད་པར་ནན་བཤད་དང་འཐུས་ཚང་དུ་བཏང་སྟེ་ཁྲིམས་ལྟར་མི་རིགས་བྱ་བ་བཅོས་སྐྱོང་བྱེད་པར་རྩ་ཁྲིམས་ཀྱི་རྨང་གཞི་འདོན་སྤྲོད་བྱས་ཡོད། 1984ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། ཀྲུང་གོ་གསར་པའི་མི་རིགས་བྱ་བའི་ལོ་རྒྱུས་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་གཏན་འབེབས་བྱས་ཏེ། མི་རིགས་བྱ་བ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་རྨང་གཞི་གལ་ཆེན་བཏིང་ཡོད། མི་རིགས་བྱ་བའི་གནས་བབ་གསར་པ་དང་ལས་འགན་གསར་པ་གཞིར་བཟུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱིས་མི་རིགས་བྱ་བའི་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་གང་ཡིན་རུང་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་མེད་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་མེད་ལ་བསམ་གཞིགས་གཏོང་རྒྱུ་ཨང་དང་པོར་བརྩི་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུའི་བླང་བྱ་དེ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ནང་འདྲེས་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཏན་འབེབས་བཟོ་དགོས།
ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་གཞིར་འཛིན་པ་དང་། འདྲ་མཉམ་དྲང་གཞག་རྩ་དོན་དུ་བྱེད་པ། ས་ཁོངས་ཅན་དང་གནད་འཁེལ་རང་བཞིན་མངོན་གསལ་དུ་གཏོང་བ། དམིགས་བསལ་ས་ཁུལ་དང་། དམིགས་བསལ་གནད་དོན། དམིགས་བསལ་དོན་དག་བཅས་དམིགས་སུ་བཟུང་ནས་ཁྱད་པར་ཅན་གྱི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་སྔར་ལས་མང་པོ་གཏན་འབེབས་ལག་བསྟར་བྱེད་པ་དང་། ས་ཁུལ་གཅིག་གི་མི་རིགས་བར་གྱི་སྤྱི་པའི་ཞབས་ཞུའི་སྲིད་ཇུས་ཀྱི་ཁྱད་པར་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་མི་རིགས་སོ་སོའི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་ཆེ་རུ་གཏོང་དགོས། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་བྱ་བ་གལ་ཆེན་གྱི་བྱེད་ཐབས་འདོན་པ་དང་ལེགས་སྒྲིག་བྱེད་དགོས་ལ། ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ཆེན་པོ་ཡོད་དགོས་པར་མ་ཟད། ཞིབ་འཇུག་གཏིང་ཟབ་དང་། བཀོད་སྒྲིག་ཞིབ་ཕྲ། གཅིག་གྱུར་སྐུལ་འདེད་བཅས་བྱ་དགོས། སྔོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། ཉེན་ཁར་དཔྱད་དཔོག་གང་ལེགས་བྱ་དགོས། བར་དུ་སྲིད་ཇུས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་བསམ་བློའི་བྱ་བ་དང་གླེང་ཕྱོགས་ཁྲིད་སྟོན་ལེགས་པོར་བསྒྲུབ་དགོས། རྗེས་སུ་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་བྱ་དགོས། ས་གནས་སོ་སོས་ཡུན་རིང་གི་ལག་ལེན་ཉམས་མྱོང་བརྒྱུད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཕན་པའི་བྱེད་ཐབས་དེ་དུས་ཐོག་ཏུ་མི་རིགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དུ་བསྒྱུར་དགོས།
གསུམ། བཅའ་ཁྲིམས་ཀྱིས་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་བྱེད་དགོས།
ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་གཅིག་གྱུར་དང་ཁྲིམས་སྐྱོང་རྩིས་ཐང་ལ་སྲུང་སྐྱོང་བྱས་ནས། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏང་དགོས། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འགལ་བ་དང་གནད་དོན་མང་ཤོས་ནི་མང་ཚོགས་ཀྱིས་ཁྲིམས་མ་ཤེས་པ་དང་ཁྲིམས་མ་བརྩིས་པ་ལས་བྱུང་བ་རེད། འགལ་བ་དང་གནད་དོན་དེ་དག་མི་རིགས་ཞེས་པའི་ཐ་སྙད་ཀྱི་མགོར་བཀལ་ཡང་། དོན་ངོ་མར་ཚང་མ་མི་རིགས་ཀྱི་གནད་དོན་མ་རེད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བའི་སྤྱིར་བཏང་གི་སྤྱི་ཚོགས་ལས་དོན་ཚང་མ་སྟབས་བདེའི་ངང་མི་རིགས་བྱ་བའི་ཁྲོད་འཇོག་མི་རུང་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བའི་དམངས་དོན་དང་ཉེས་དོན་གྱི་གནད་དོན་དེ་སྟབས་བདེའི་ངང་མི་རིགས་གནད་དོན་དུ་བརྩི་མི་རུང་། མི་རིགས་ས་ཁུལ་གྱི་སྤྱིར་བཏང་གི་འགལ་རྩོད་དག་སྟབས་བདེའི་ངང་མི་རིགས་ཀྱི་འགལ་བ་རུ་བརྩི་མི་རུང་། ཁྲིམས་ལྟར་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། ཁྲིམས་ལྟར་མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་གྱོད་གཞི་ཐག་གཅོད་གང་ལེགས་བྱེད་དགོས། ཁྲིམས་ལྟར་རིགས་སོ་སོའི་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས། ཁྲིམས་ལུགས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཡོང་བར་བྱེད་དགོས།
ངོ་བོ་མི་གཅིག་པའི་འགལ་བ་གཉིས་ཀྱི་དབྱེ་མཚམས་གསལ་བོར་བཟོས་ཏེ། གནད་དོན་ཅི་ཞིག་ཡིན་ན་དེ་ལྟར་ཐག་གཅོད་བྱ་དགོས། དོ་བདག་གི་ཐོབ་ཐང་ལག་ཁྱེར་སྟེང་ན་མི་རིགས་ག་གེ་མོ་ཞེས་བྲིས་ཡོད་ཚེ་ནེམ་ནུར་བྱེད་པ་དང་རྒྱང་ལ་བསྐོར་བ། ཐག་གཅོད་བྱ་དུས་སྔ་བཤོལ་ཕྱི་འགྱངས་བྱེད་པ་སོགས་བྱ་མི་རུང་། བསམ་བཞིན་དུ་མི་རིགས་ཀྱི་འབྲེལ་བ་དབྱེན་དཀྲུག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་ཉེས་ཅན་དང་། མི་རིགས་ཁ་བྲལ་དང་འཇིགས་སྐུལ་དྲག་ཤུགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་ཅན་དག་ནི་མི་རིགས་གང་ཡིན་རུང་། ཆོས་ལུགས་གང་ལ་དད་མོས་བྱེད་ཀྱང་། ཚང་མར་མཐའ་གཅིག་ཏུ་རྡུང་རྡེག་ནན་མོ་གཏོང་དགོས། མི་སུ་ལའང་ཁྲིམས་ལུགས་ལས་འགོངས་པའི་ཁྱད་དབང་མེད།
མི་རིགས་ལས་དོན་དེ་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པའི་ནང་བཞག་ནས། ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་འགན་འཁུར་བ། དམངས་གཙོ་གྲོས་མོལ། སྤྱི་ཚོགས་རོགས་རེས། མང་ཚོགས་ཟབ་ཞུགས། ཁྲིམས་སྐྱོང་འགན་སྲུང་བཅས་ལ་བརྟེན་ནས་ཚན་རིག་གིས་འདེགས་སྐྱོར་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཅིག་འཛུགས་དགོས་པ་དང་། མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་འགལ་རྩོད་དག་གཞི་རིམ་ནས་ཐག་གཅོད་བྱེད་པ་དང་། ཆུང་ངུ་ནས་མེད་པར་བཟོ་དགོས།
ལེའུ་བཅུ་གཅིག་པ། ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་དགོས།
གཅིག བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱས་ནས། མི་རིགས་སོ་སོས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་གཏོང་བར་སློབ་གསོ་སྣེ་ཁྲིད་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་འཇགས་བཅས་ལ་རང་རྟོགས་སྒོས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་ནས། རིགས་སོ་སོའི་མང་ཚོགས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ནི་དོན་ཆེན་ནང་གི་འགངས་ཆེན་ཡིན། དེང་སྐབས། འཛམ་གླིང་ནི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཁྲོད་གནས་ཡོད་ལ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གིས་འགལ་བ་གསར་བ་དང་གནད་དོན་གསར་བ་མངོན་གསལ་གྱིས་ཇེ་མང་དུ་འགྲོ་རུ་བཅུག་ཡོད། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་ལེགས་པོ་བྱེད་པའི་གལ་ཆེན་རང་བཞིན་དང་དཀའ་ཁག་རང་བཞིན། བྲེལ་འཚུབ་རང་བཞིན་བཅས་ཀྱང་སྔ་ན་མེད་པ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་བྱ་བ་ཡོངས་ཀྱི་ཁྲོད་ཀྱི་འབུར་ཐོན་གོ་གནས་སུ་བཞག་ནས། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་སྤྱི་བའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་བྱེད་པའི་ཐོག་མའི་གསར་སྐྲུན་རང་བཞིན་གྱི་ཆོད་གཏམ་བཏོན་པ་དང་། ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་གཞུང་ལུགས་མ་ལག་དང་སྲིད་ཇུས་མ་ལག ལམ་ལུགས་མ་ལག ལག་ལེན་མ་ལག་བཅས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་འཐུས་ཚང་བཟོས་ཏེ། མི་རིགས་མངའ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་བྱ་བར་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་འཐབ་ཇུས་ཀྱི་རང་འགུལ་རང་བཞིན་དམ་པོར་བཟུང་ཡོད།
རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་རིགས་སོ་སོའི་མི་དམངས་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་འབྲེལ་ཡོད་ལ། རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི་རྨང་རྡོ་གལ་ཆེན་ཡང་ཡིན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་དུ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་ལེགས་པོར་སྒྲུབ་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་སྔར་ལས་གང་ལེགས་བྱེད་དགོས་ཚེ། ངེས་པར་དུ་ཁྱོན་ཡོངས་ནས་སྤྱི་བའི་རྒྱལ་ཁབ་བདེ་འཇགས་མཐིལ་ཕྱིན་བྱས་ནས། ཉེན་ཁ་གསར་རྙེད་དང་ཉེན་ཁ་སྔོན་འགོག ཉེན་ཁར་ཁ་ལོ་སྒྱུར་བའི་ནུས་པ་དང་མཐུ་རྩལ་ནུས་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས། བློ་ཐག་རྦད་ཆོད་སྒོས་མི་རིགས་ས་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་གཙོ་བོ་སྔོན་འགོག་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱིས་གཏོར་བརླག་གི་འགུལ་སྐྱོད་དང་འཇིགས་སྐུལ་དྲག་ཤུགས་ཀྱི་འགུལ་སྐྱོད། མི་རིགས་ཁ་བྲལ་གྱི་འགུལ་སྐྱོད། ཆོས་ལུགས་ཐལ་སྤྱོད་འགུལ་སྐྱོད་བཅས་སྤེལ་བར་གཟབ་ནན་གྱིས་སྔོན་འགོག་དང་ནུས་ལྡན་གྱིས་ཁ་གཏད་འཇལ་དགོས། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བྱ་བར་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཙོ་བོ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་སྡོད་པའི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱི་སྡོད་རང་མི་བཅས་ཀྱི་བྱ་བ་བཟང་པོར་བསྒྲུབ་ནས། ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་མོ་ལ་སྔར་མེད་ཤུགས་སྣོན་རྒྱག་དགོས།
གཉིས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་དམ་པོར་འཛིན་དགོས།
མི་རིགས་ས་ཁོངས་ཀྱི་བསམ་བློའི་སྒར་ས་དེ་བསམ་བློའི་སྒར་ས་གཞན་དག་དང་གཅིག་འདྲ་ཡིན། གལ་ཏེ་ང་ཚོས་ཡང་དག་གི་བསམ་བློས་དབང་སྒྱུར་མ་བྱས་ཚེ། ནོར་འཁྲུལ་གྱི་བསམ་བློས་ཁ་ལོ་སྒྱུར་ངེས་ཡིན། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་ལེགས་པོར་སྒྲུབ་ན། ངེས་པར་དུ་འདུ་ཤེས་འཛིན་སྟངས་ཀྱི་སྒར་ས་དེ་དམ་པོར་འཛིན་དགོས།
མི་རིགས་མངའ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆ་བརྟན་པོར་དམ་དུ་འཛིན་དགོས། དར་ཆ་གསལ་བའི་སྒོ་ནས་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མི་རིགས་ས་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁུར་གཙོ་གཟུགས་ནན་བཙིར་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་ཀྱི་ཆབ་སྲིད་འགན་འཁུར་ནན་འཛིན་བྱེད་དགོས། མི་རིགས་མངའ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་སྒར་ས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། མར་ཁེ་སི་རིང་ལུགས་ཀྱིས་མི་རིགས་ས་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྲོད་མཛུབ་སྟོན་གྱི་གོ་གནས་རྒྱུན་འཁྱོངས་བྱེད་དགོས། གཙོ་གཉེར་གཙོ་སྒྲུབ་དང་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་རྩ་དོན་རྒྱུན་འཁྱོངས་བྱས་ནས། ས་ཁོངས་ལ་འགན་འཁྲི་ཡོད་པ་དང་། འགན་འཁུར་བ། ནུས་ཤུགས་ཡོད་རྒུས་འགན་འཁུར་བ་བཅས་བྱ་དགོས། ཆབ་སྲིད་རྩ་དོན་གྱི་གནད་དོན་དང་བསམ་བློའི་ངོས་འཛིན་གྱི་གནད་དོན། རིག་གཞུང་ལྟ་བའི་གནད་དོན་བཅས་ལ་ཡང་དག་གི་དབྱེ་མཚམས་དགར་ནས། མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱ་དགོས། དར་ཆ་མངོན་གསལ་གྱིས་ལོ་རྒྱུས་སྟོང་མེད་རིང་ལུགས་དང་མི་རིགས་ཐལ་སྤྱོད་རིང་ལུགས། ཆོས་ལུགས་ཐལ་སྤྱོད་རིང་ལུགས། མི་རིགས་ཆེན་པོའི་རིང་ལུགས། ས་གནས་མི་རིགས་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་ཁ་བྲལ་དང་ཆོས་ལུགས་ཐལ་སྤྱོད་བསམ་བློའི་ནད་དུག་མུ་རུ་རྩ་འཇོམས་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱའི་བྱ་བ་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་དགོས། རྒྱལ་སྤྱིའི་གླེང་ཕྱོགས་འཐབ་རྩོད་ཀྱི་རང་འགུལ་རང་བཞིན་དམ་འཛིན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་རྒྱལ་སྤྱིའི་ཁྱབ་སྒྲོག་ཁྱད་ཆོས་དང་འཚམ་པའི་ཀྲུང་གོའི་མི་རིགས་གཞུང་ལུགས་སྲིད་ཇུས་ཀྱི་སྐད་བརྡའི་མ་ལག་བསྐྲུན་དགོས། ནོར་འཁྲུལ་ལྡན་ཞིང་གནོད་པ་ཡོད་པའི་གཏམ་བརྗོད་ཀྱི་རིགས་ལ་འཐབ་རྩོད་བྱེད་ཕོད་དགོས་ལ། ལངས་ཕྱོགས་ཀྱི་སྐད་ཆ་གསལ་བོར་སྨྲ་ཕོད་དགོས། ངན་སྒྱུར་བཟང་ལེན་དང་ཁོར་ཡུག་གཙང་སྒྱུར་བྱེད་དགོས།
མཉམ་སྦྲེལ་དྲ་རྒྱའི་འཕེལ་རྒྱས་དྲག་པོས་གླེང་ཕྱོགས་བཟོ་སྟངས་དང་ཁྱབ་སྒྲོག་བྱེད་སྟངས་ལ་འགྱུར་བ་ཟབ་མོ་བཟོས་ནས། རིག་གནས་དང་རིན་ཐང་ལྟ་བ་མི་གཅིག་པའི་བར་གྱི་བརྗེ་རེས་མཉམ་འདྲེས་ཀྱིས་ཤུགས་རྐྱེན་སྔ་ན་མེད་པ་ཐེབས་ཀྱི་ཡོད། ད་ལྟ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་མང་པོ་དྲ་རྒྱ་ལ་བརྟེན་ནས་འབྱུང་བཞིན་ཡོད་ལ། དྲ་རྒྱ་ལ་བརྟེན་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་མང་པོ་ཡང་དྲ་བ་ལ་བརྟེན་ནས་ཆགས་ཀྱིན་ཡོད། མཉམ་སྦྲེལ་དྲ་རྒྱ་ནི་འདུ་ཤེས་འཛིན་སྟངས་ཀྱི་སྒར་ས་གཙོ་བོ་དང་གཡུལ་ས་གཙོ་བོ། མདུན་ས་གཙོ་བོ་བཅས་ཡིན། དྲ་རྒྱའི་ཁྱུ་ཚོགས་འཕེལ་རྒྱས་ཚད་ལྡན་དུ་བཏང་ནས། ཕྱི་ཕྱོགས་ཀྱི་གནོད་ལྡན་ཆ་འཕྲིན་ནང་འཛུལ་བྱེད་པར་སྔོན་འགོག་ནན་མོ་བྱེད་དགོས། སྣེ་ཁྲིད་དང་བཀག་འགོག་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། ཚད་མཐའ་གསལ་བོ་དང་དམར་ཐིག་འབྲི་ཡག་བྱས་ནས། དྲ་རྒྱ་ལ་བརྟེན་ནས་མི་རིགས་འབྲེལ་བར་དབྱེན་དཀྲུག་དང་། མི་རིགས་ཁྱད་གསོད་དང་དགྲར་འཛིན། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་གཏམ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། དྲ་ལམ་སྨྱན་སྦྱོར་གསར་བ་དང་ལག་རྩལ་གསར་བ། ལས་རྣམ་གསར་བ་བཅས་བེད་སྤྱད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་བརྒྱུད་སྒྲོག་བྱེད་པ་དང་། མཉམ་སྦྲེལ་དྲ་རྒྱ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་བྱེད་པའི་ལག་ཆ་ཆེ་ཤོས་དེ་བྱེད་དགོས།
གསུམ། ཉེན་ཁའི་སྦས་ཤུགས་སྔོན་འགོག་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་ནན་གྱིས་བསྟན་དོན། མདུན་བསྐྱོད་ཀྱི་ལམ་བུ་ནི་དེ་འདྲའི་གེགས་མེད་ཅིག་ཡིན་མི་སྲིད། མདུན་ལྗོངས་ལ་ཇི་ལྟར་འོད་སྣང་འཕྲོ་ན་དེ་ལྟར་སེམས་ཁྲལ་གྱི་འདུ་ཤེས་ཇེ་མཐོར་བཏང་ནས། བདེ་སྡོད་ཉེན་བསམ་བྱ་ཐུབ་དགོས་ལ། ཉེན་ཁ་དང་འགྲན་རྩོད་གལ་ཆེན་ལ་ཁྱོན་ཡོངས་ནས་ངོས་འཛིན་དང་ཤུགས་ཡོད་ཀྱི་ཁ་གཏད་འཇལ་དགོས་ཞེས་གསུངས་ཡོད། མི་རིགས་བྱ་བ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཆེ་ཕྱོགས་དང་འབྲེལ་ཡོད་ལ། དེར་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཤིན་ཏུ་དྲག ཉེན་ཁའི་སྦས་ཤུགས་རིགས་སོ་སོ་ངེས་པར་དུ་སྔོན་ལ་སྔོན་འགོག་དང་སྔ་མོ་ནས་གསར་རྙེད། ཆུང་ས་ནས་ཐག་གཅོད་བཅས་བྱ་དགོས།
སྤྱི་བའི་རྒྱལ་ཁབ་བདེ་འཇགས་ལྟ་བ་གཏིང་ཟབ་སྒོས་ལག་བསྟར་མཐིལ་ཕྱིན་བྱས་ནས། ཆབ་སྲིད་ཀྱི་རྣོ་ངར་རང་བཞིན་དང་ཉེན་ཚོར་རང་བཞིན་ལ་ཤུགས་སྣོན་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་རྒྱུན་འཁྱོངས་བྱས་ནས། ཁ་བྲལ་ལ་རྒོལ་བའི་རྒྱུད་སྐུད་དེ་ནམ་ཡང་དམ་པོར་སྡོམ་དགོས། མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ལ་ཁ་གཡར་ནས་རང་རྒྱལ་ལ་སིམ་འཛུལ་གཏོར་བརླག་དང་ཉེས་འདོགས། བཀག་འགོག་གནོན་ཤུགས་སྤྲོད་པ་སོགས་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་དགོས། མི་རིགས་ས་ཁོངས་ཀྱི་ཉེན་ཁའི་སྦས་ཤུགས་སྔོན་འགོག་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་མ་ལག་འཛུགས་པར་ཤུགས་སྣོན་དགོས། ཉེན་ཁའི་ཞིབ་འཇུག་བརྡར་གཅོད་ལ་སྔར་ལས་ཤུགས་བསྣན་ནས། དྲ་ལམ་གྱི་བརྟག་བཤེར་ཚད་ལེན་དང་ཡུལ་དངོས་ཀྱི་གྲལ་བཤེར་གཉིས་ཟུང་འབྲེལ་བྱས་ནས། བརྟག་བཤེར་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་དབྱེ་ཞིབ་བརྡར་གཅོད་གཉིས་སྦྲེལ་མཐུད་འཚམ་པོ་ཡོང་བར་བྱེད་དགོས། ཚན་རིག་ཅན་དང་ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་རྣམ་པ་བེད་སྤྱོད་བྱས་ནས་ཉེན་ཁ་སྔོན་འགོག་དང་ཉེས་ཅན་ལ་རྒོལ་རྡུང་། གནད་དོན་ཐག་གཅོད། འགལ་བ་ཞི་འཇགས་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། བྱ་བའི་རང་འགུལ་རང་བཞིན་དང་མཉམ་འགུལ་རང་བཞིན། ཕན་ཡོད་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས། མི་རིགས་མངའ་ཁོངས་སུ་ངང་བ་ནག་པོ་དང་བསེ་རུ་སྐྱ་བོའི་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་ལ། ཁུལ་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་དམ་སྲུང་བྱེད་དགོས།
ལེའུ་བཅུ་གཉིས་པ། ངེས་པར་དུ་ཏང་གིས་མི་རིགས་བྱ་བར་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས།
གཅིག ཏང་གི་འགོ་ཁྲིད་ནི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་འགན་སྲུང་ཡིན།
ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲོག་ཤིང་འགོ་ཁྲིད་དང་། རིགས་སོ་སོའི་མི་དམངས་ཀྱི་ཆེས་བློ་གཏད་ཆོག་པའི་ཀ་བ་ཡིན། ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་གཞི་ཚུགས་ས་དང་ལས་དབང་གི་གཞི་ཚུགས་ས་ཡིན་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་དམ་དུ་འབྲེལ་ཡོད། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལྡོག་མེད་ལམ་བུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་ནི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་འགན་སྲུང་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་རྩ་བའི་འགན་སྲུང་ཡིན། ཀྲུང་གོ་གུང་ཁྲན་ཏང་ཡོད་ན་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡོད་ན་ད་གཟོད་རིགས་སོ་སོའི་མི་དམངས་གོང་བུ་གཅིག་ཏུ་འདྲིལ་ཞིང་། རིགས་སོ་སོའི་མི་དམངས་འཕེལ་རྒྱས་དང་དར་རྒྱས་འབྱུང་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏང་རྒྱུ་ནི། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལ་སྐུལ་འདེད་བཏང་ནས་མི་སེམས་སུ་ཟུག་པར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་པ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་པ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྟེང་ནས་མི་རིགས་གནད་དོན་ལ་བཟུང་བའི་ལྟ་སྟངས་དང་། མི་རིགས་བྱ་བ་ལེགས་པོར་སྒྲུབ་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མུ་རུ་མཐོར་འདེགས་བཏང་ནས། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་བརྟན་པོར་བཟུང་ནས། ཏང་གི་འགོ་ཁྲིད་དེ་མི་རིགས་བྱ་བའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས།
ཏང་གི་ཆབ་སྲིད་སྒྲིག་སྲོལ་དང་སྒྲིག་ལམ་གཟབ་ནན་གྱིས་བརྩི་སྲུང་བྱས་ནས། སྙན་ཞུ་དང་ཡར་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། མི་རིགས་བྱ་བར་འབྲེལ་བའི་ཇུས་ཆོད་གལ་ཆེན་དང་དོན་དག་གལ་ཆེན། གནད་དོན་གལ་ཆེན་དག་དུས་ལྟར་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས།
གཉིས། མི་རིགས་བྱ་བའི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
མི་རིགས་བྱ་བ་ནི་ཕྱོགས་སོ་སོ་དང་འབྲེལ་ཡོད་ལ། ཕྱོགས་སོ་སོ་ཚང་མ་མི་རིགས་བྱ་བ་དང་འབྲེལ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏང་པར་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འགན་འཁུར་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བླང་བྱ་ལྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་དེ་མཐུན་སྦྱོར་བྱེད་པ། མི་རིགས་བྱ་བའི་སྡེ་ཁག་གིས་འགན་ནུས་དོན་འཁྱོལ་བྱེད་པ། སྡེ་ཁག་སོ་སོས་མཉམ་ཤུགས་བཏོན་ནས་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ་བཅས་ཀྱི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་རྣམ་པ་གྲུབ་ཏུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུས་མི་རིགས་བྱ་བའི་འགན་འཁུར་གཙོ་བོ་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་མ་ལག་དང་ལམ་ལུགས་མ་ལག བྱ་བའི་རྐྱེན་སྲོལ་བཅས་འཐུས་ཚང་བཙུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བྱ་བ་དེ་ཏང་གི་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁུར་ལམ་ལུགས་སུ་ཚུད་པར་བྱེད་དགོས་པ་དང་། ཆབ་སྲིད་སྤུས་ཚད་ཞིབ་བཤེར་དང་སྐོར་བསྐྱོད་སྐོར་ཞིབ་དང་བྱས་འབྲས་དཔྱད་ཞིབ་བཅས་ཀྱི་ཁྲོད་དུ་ཚུད་པར་བྱས་ནས། མི་རིགས་བྱ་བ་དེ་མི་རིགས་ས་ཁུལ་གྱི་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་དོན་བྱ་གལ་ཆེན་དུ་བརྩི་དགོས། མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་གནད་དོན་བྱུང་ན། འབྲེལ་ཡོད་འགོ་ཁྲིད་སྡེ་ཁག་གིས་ཆེད་དུ་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ནན་ཏན་གྱིས་བརྟག་དཔྱད་དང་དག་ཐེར་བྱེད་དགོས། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས་མི་རིགས་བྱ་བར་མཐུན་སྦྱོར་བྱེད་པའི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་མི་རིགས་བྱ་བའི་སྡེ་ཁག་གི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྲིད་ཇུས་ཞིབ་འཇུག་དང་ཕྱོགས་བསྡུས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་སྣོན་དགོས། མི་རིགས་བྱ་བའི་སྡེ་ཁག་གིས་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། འགན་ནུས་དོན་འཁྱོལ་བྱས་ཏེ་བློ་འདོན་ལག་རོགས་ཀྱི་བྱ་བ་བཟང་པོར་སྒྲུབ་དགོས། མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གཅིག་གྱུར་འགོ་ཁྲིད་དང་སྲིད་གཞུང་གི་ཁག་བགོས་འགན་འཁུར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། བྱ་བའི་གཙོ་ཐིག་ལ་དམིགས་ནས་མི་རིགས་བྱ་བའི་སྡེ་ཁག་གི་འགན་ནུས་ལེགས་སྒྱུར་དང་སྙོམས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་བྱ་བའི་སྡེ་ཁག་གི་རང་སྟོབས་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། སྒྲིག་སྲོལ་སྒྲིག་གཞི་དང་མི་སྣའི་བཀོད་སྒྲིག བྱ་བའི་འགན་སྲུང་བཅས་ལག་ལེན་བྱས་ནས། མི་རིགས་བྱ་བའི་སྤྱི་ཚོགས་རང་བཞིན་དང་ཁྲིམས་སྐྱོང་རང་བཞིན། མི་གཞུང་རང་བཞིན། གཞི་གྲངས་རང་བཞིན་བཅས་ལ་ཤུགས་སྣོན་དགོས།
གསུམ། ལས་བྱེད་འཇོན་མིའི་རུ་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
སྲིད་སྐྱོང་བྱེད་པར་མི་བཀོལ་ཤེས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། ལས་བྱེད་བྱ་བ་དང་འཇོན་མིའི་བྱ་བ་ནི་ངོ་བོའི་སྟེང་ནས་བཤད་ན་མི་བཀོལ་གནད་དོན་ལ་ཐུག་ཡོད། ང་ཚོས་རྣམ་པ་སྒྱུར་བ་དང་། རྐྱེན་སྲོལ་གསར་བ་གསོ་སྐྱོང་བྱེད་པ། རྣམ་པ་གསར་བ་བཏོད་པ། བསྐྱར་དར་གྱི་ལས་སྒྲུབ་ཚེ། འགག་རྩ་ནི་ཏང་གི་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་བྱེད་རུ་དཔུང་འཛུགས་སྐྲུན་ལེགས་པོ་བྱེད་དགོས་ལ། འཛུགས་སྐྲུན་སྟོབས་ལྡན་བྱ་དགོས། ཀྲུང་གོ་གསར་བ་བཙུགས་པའི་དུས་འགོ་ལ། མི་རིགས་ས་ཁུལ་གྱི་གནས་ཚུལ་རྙོག་འཛིང་དང་དཀའ་ཁག་ཆེ་ལ། ཏང་གིས་མངགས་པའི་ལས་བྱེད་ཀྱང་མང་པོ་མེད། ཡོད་པའང་རྫོང་གཅིག་ལ་མི་བཅུ་ཕྲག་ལས་མེད། ང་ཚོས་མགྱོགས་མྱུར་ངང་རྣམ་པ་མངོན་དུ་འཇུག་ཐུབ་སོང་པ་ནི། ང་ཚོར་ཡང་དག་གི་སྲིད་ཇུས་ཡོད་པའི་རྐྱེན་གྱིས་རེད་ལ། སྲིད་ཇུས་དེ་བློ་དཀར་མཐིལ་ཕྱིན་གྱིས་ལག་བསྟར་བྱེད་པའི་ལས་བྱེད་ཡོད་པའི་རྐྱེན་གྱིས་རེད། རིགས་སོ་སོའི་མང་ཚོགས་ཀྱིས་ལས་བྱེད་ཀྱི་ལུས་སྟེང་ནས་མདུན་ལྗོངས་དང་རེ་བ་མཐོང་ནས། ཏང་གི་རྗེས་སུ་འགྲངས་བའི་སེམས་ཐག་བཅད་པ་རེད། དེ་རིང་། མི་རིགས་ས་ཁུལ་གྱི་བྱ་བ་བཟང་བོར་སྒྲུབ་པ་དང་། མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་སྔར་བཞིན་ལས་བྱེད་ལ་འཁེན་དགོས། དུས་རབས་གསར་བའི་ལས་བྱེད་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱས་ནས། ཏང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་བརྟན་པོ་ཡིན་པ་དང་ཡིན་མིན་གསལ་ཐག་ཆོད་པའི་རིག་པ་གསལ་བོ་ཡོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པ། རིགས་སོ་སོའི་མང་ཚོགས་དང་བརྩེ་བ་ཟབ་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་རུ་དཔུང་འཛུགས་སྐྲུན་བྱས་ནས། རིམ་པ་སོ་སོའི་འགོ་ཁྲིད་དབང་ཆ་དེ་བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་ལས་བྱེད་པའི་ལག་ཏུ་འཇོག་དགོས།
གྲངས་ཉུང་མི་རིགས་ལས་བྱེད་གསོ་སྐྱོང་གི་སྲིད་ཇུས་རྐྱེན་སྲོལ་དང་ཡུན་རིང་འཆར་འགོད་བྱ་བ་འཐུས་ཚང་དུ་གཏོང་དགོས། གྲངས་ཉུང་མི་རིགས་ལས་བྱེད་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པ་གཙིགས་སུ་བཟུང་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་ཞིང་། ཁག་འཁུར་ཕོད་པའི་ཕུལ་བྱུང་གྲངས་ཉུང་མི་རིགས་ལས་བྱེད་ལ་ཡིད་ཆེས་བྱེད་པ་དང་འགན་འཁུར་ལྗིད་མོ་བཅོལ་དགོས། ཐོན་ཁུངས་བརྒྱུད་ལམ་ཇེ་ཡངས་སུ་བཏང་ནས། གཞུང་ཞབས་པ་བསྡུ་ལེན་དང་། འདེམས་སྤོར་མི་སྣ། ལས་དོན་ལས་ཁུངས་ཀྱི་མི་བསྡུའི་བྱ་བ་སོགས་བཟང་བོར་སྒྲུབ་དགོས། གྲངས་ཉུང་མི་རིགས་ལས་བྱེད་འཇོན་མིའི་སྒྲིག་གཞི་ལེགས་སྒྱུར་བྱས་ནས། དཀའ་ཁག་ཆེ་བའི་ས་མཐའི་མི་རིགས་ས་ཁུལ་དང་། བྲེལ་མཁོའི་འཇོན་མིའི་ཆེད་ལས་ལ་འོས་འཚམས་ཀྱི་སྲིད་ཇུས་གཟིགས་སྐྱོང་བྱེད་དགོས། མི་རིགས་ས་ཁུལ་དང་རྒྱལ་ཁབ་ལས་ཁུངས། དཔལ་འབྱོར་བལྟོས་བཅས་ཀྱིས་དར་རྒྱས་བྱུང་བའི་ས་ཁུལ་བཅས་ཀྱི་ལས་བྱེད་ཕན་ཚུན་བརྗེ་རེས་ཤུགས་ཚད་ཆེ་རུ་གཏང་དགོས་པ་དང་། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་གྲངས་ཉུང་མི་རིགས་ལས་བྱེད་དང་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པའི་བར་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོ་རུ་འདེམས་མངགས་བྱས་ནས། དཀའ་སྡུག་ཆེ་བའི་ས་ཁུལ་དུ་སྦྱོང་བརྡར་བྱེད་དུ་འཇུག་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཡོད་པའི་ལས་བྱེད་པ་དང་གསོ་སྐྱོང་བྱེད་དགོས་པའི་ལས་བྱེད་པ་དག་ལས་རྐང་གཙོ་བོའི་སྟེང་དུ་བཞག་ནས་སྦྱོང་བརྡར་བྱེད་དགོས། ས་གནས་འགོ་ཁྲིད་ཀྱི་སྐབས་བརྗེའི་ཁྲོད་དུ། མི་རིགས་རང་སྐྱོང་ས་ཁུལ་དང་གྲངས་ཉུང་མི་རིགས་འདུས་སྡོད་བྱས་ཡོད་པའི་ས་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ལས་བྱེད་པ་འདེམས་བསྐོ་བྱེད་པར་མཉམ་འཇོག་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འདེམས་བསྐོ་བྱེད་པར་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལྡན་དགོས་ལ། འོས་འཚམས་ཀྱི་སྤུས་ཚད་དང་ནུས་པ་ལྡན་དགོས། ནུབ་བརྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་ལས་བྱེད་པ་འདེམས་མངགས་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དཔལ་འབྱོར་བལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་ལས་འཁུར་སྦྱོང་བརྡར་བྱེད་དུ་འཇུག་དགོས་ལ། ཕུལ་བྱུང་གྲངས་ཉུང་མི་རིགས་ལས་བྱེད་པ་འདེམས་མངགས་བྱེད་པའི་ཁ་གྲངས་ཇེ་མང་དུ་གཏོང་དགོས། མཐའ་མཚམས་ས་ཁུལ་དུ་དུས་ཡུན་རིང་བོར་བྱ་བ་སྒྲུབ་པའི་རྒྱ་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་དགོས་ལ། མི་གྲངས་ཅུང་ཉུང་བའི་མི་རིགས་ལས་བྱེད་པ་བཀོལ་སྤྱོད་དང་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས།
མི་རིགས་ས་ཁུལ་གྱི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་ཆ་རྐྱེན་ཞན་ལ། ལས་འགན་ལྕི་བས་རིགས་སོ་སོའི་ལས་བྱེད་དག་གིས་དཀའ་སྡུག་དང་རྔུལ་ཆུ་མང་པོ་བཏོན་དང་འདོན་བཞིན་ཡོད། ཆ་རྐྱེན་ཞན་ཞིང་དཀའ་ཁག་ཆེ་བའི་ས་ཁུལ་གྱི་ལས་ཡུལ་དང་པོའི་ལས་བྱེད་པ་དག་ལ་སེམས་འཁུར་དང་གཟིགས་སྐྱོང་བྱེད་དགོས་ལ། ན་ཚོད་བཟང་བོ་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་ལ་ཕུལ་བའི་རིགས་སོ་སོའི་ལས་བྱེད་པ་དག་ལ་དམིགས་བསལ་གཟིགས་སྐྱོང་བྱེད་དགོས་པ་དང་། སྔར་ལས་བབ་བསྟུན་གྱི་ལས་བྱེད་པའི་སྲིད་ཇུས་འཚོལ་ཞིབ་བྱེད་དགོས། གླ་ཕོགས་ཀྱི་ངོས་ཐད་ནས་བར་ཁྱད་རང་བཞིན་གྱི་ལས་རྐང་ཁ་གསབ་སྲིད་ཇུས་བཙུགས་ནས། འཇོན་མི་སྔར་ལས་མང་པོ་ནང་འགུགས་བྱེད་དགོས། དཀའ་ཁག་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་ཁ་གསབ་རོགས་དངུལ་གྱི་རྒྱུན་ལྡན་སྙོམ་སྒྲིག་རྐྱེན་སྲོལ་ལག་ལེན་བྱས་ཏེ། མཐའ་འཁོབ་ས་ཁུལ་གྱི་ཁ་གསབ་ཕོགས་དངུལ་ཚད་གཞི་མཐོར་འདེགས་སུ་བཏང་ནས། གཞི་རིམ་ལས་བྱེད་པའི་བྱ་བའི་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱེད་དགོས།
གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་རྒྱ་རིགས་ལས་བྱེད་པ་གང་ཡིན་ཡང་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས། ཚང་མས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གཙོ་བོར་འཛིན་པ་དང་། རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་གཙོ་བོར་བཟུང་སྟེ། ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་ཐུགས་ཁུར། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་ཀ་ཡག་པོར་བསྒྲུབ་དགོས། ཁྱོན་ཡོངས་ལ་དོ་སྣང་དང་། མཐུན་སྒྲིལ་ལ་དང་དོད། འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་ལ་རྒྱུས་ལོན་དང་བརྩི་འཇོག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་བྱེད་རྒྱུ་བརྩོན་ལེན་བྱེད་དགོས། མི་རིགས་ས་ཁུལ་དུ་བྱ་བ་གཉེར་ན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རྒྱ་སྐད་བཤད་ཤེས་དགོས་པ་དང་། རྒྱ་རིགས་ལས་བྱེད་པས་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་བཤད་རྒྱུར་བརྩོན་ལེན་བྱེད་དགོས།
གྲུབ་འབྲས་འཇོན་ཐང་ལ་བརྟེན་ནས་མངོན་པ་དང་བྱ་གཞག་ནི་འཇོན་ཐང་ལ་བརྟེན་ནས་ཇེ་རྒྱས་གཏོང་ཐུབ། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་དང་པོ་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་དེ་མཐར་གཏུགས་ན་ཤེས་ལྡན་མི་སྣའི་འགྲན་རྩོད་རེད། རྒྱལ་ཁབ་གང་ཞིག་ལ་ཤེས་ལྡན་མི་སྣའི་ཐད་ཀྱི་དགེ་མཚན་ཡོད་ན། རྒྱལ་ཁབ་དེ་མཐའ་མར་དངོས་ཤུགས་ཐད་ཀྱི་དགེ་མཚན་ལྡན་སྲིད།”མི་རིགས་ས་ཁུལ་གྱིས་ཤེས་ལྡན་མི་སྣ་བསྡུ་བའི་ཐད་བློ་རིག་འགུག་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རིམ་པ་མཐོ་བའི་ཆེད་ལས་ཤེས་ལྡན་མི་སྣ་སྔར་ལས་མང་པོ་འགུག་དགོས། གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ནུབ་རྒྱུད་འོད་སྣང”ཞེས་པའི་ཆེད་མཁས་པ་དང་འབུམ་རམས་པའི་ཞབས་ཞུ་ཚོགས་པ། དེ་བཞིན་མི་རིགས་ས་ཁུལ་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བཅས་དམིགས་བསལ་གསོ་སྐྱོང་དང་། “མངགས་ཐོ་རྣམ་པའི་”གསོ་སྐྱོང་སོགས་ཀྱི་ལས་ཀ་མུ་མཐུད་ཡག་པོར་བསྒྲུབ་དགོས། ཤེས་ལྡན་མི་སྣའི་རིགས་བཀོལ་སྤྱོད་གང་ལེགས་དང་། ནུས་པ་གང་ཡོད་འདོན་པ་དང་། ཡོན་ཏན་གང་ཡོད་སྤྱོད་པ། བཀོལ་སྤྱོད་ཐུབ་པ་བཅས་མངོན་འགྱུར་བྱ་དགོས། མི་བཀོལ་སྤྱོད་བྱེད་པའི་གཙོ་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། དགོས་མཁོ་དང་དོན་དངོས་ལ་བལྟས་ནས་མི་བཀོལ་སྤྱོད་བྱེད་པའི་གཙོ་གཞིས་དབང་སྤྲོད་གང་ལེགས་བྱ་དགོས། ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་བའི་ཆོས་ཉིད་དང་ཚན་རིག་ཞིབ་འཇུག་གི་ཆོས་ཉིད་བརྩི་སྲུང་དང་། ཤེས་ལྡན་མི་སྣའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣར་ལྷོད་ཡངས་ཀྱི་ཁོར་ཡུག་བསྐྲུན་དགོས། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། བྱས་རྗེས་བཅས་ཕྱོགས་སྟོན་དུ་འཛིན་པའི་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་མ་ལག་གང་མགྱོགས་སྒོས་འཛུགས་པ་དང་།“ཁོ་ན་བཞི་”མེད་པར་བཟོས་ནས་ཤེས་ལྡན་མི་སྣའི་བཀག་རྒྱ་མེད་པར་གཏོང་དགོས། ཤེས་ལྡན་མི་སྣར་བརྩི་འཇོག་དང་། ཤེས་ལྡན་མི་སྣར་རེ་བ་ཆེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་སྒོས་བསྐྲུན་དགོས། འདྲ་མཉམ་དྲང་བདེན། འགྲན་རྩོད་བཟང་འདེམས་ཀྱི་ལམ་ལུགས་ཁོར་ཡུག་གཏོད་པ། ཐོབ་ཐང་འོས་འཚམ་དང་འགན་སྲུང་ནུས་ལྡན་གྱི་འཚོ་བའི་ཁོར་ཡུག་སྐྲུན་པ་བཅས་བྱས་ཏེ། ཤེས་ལྡན་མི་སྣས་བློ་གཅིག་སེམས་གཅིག་ངང་ལས་སྒོ་བརྩོན་ཞིབ་བྱེད་པར་ཆ་རྐྱེན་བཟང་པོ་སྐྲུན་པ་དང་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་དང་འཇོན་ཐང་འདོན་ཡུལ་སྔར་བས་ཇེ་ཡངས་སུ་གཏོང་དགོས།
བཞི། མི་རིགས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
“ཐག་པ་ཕྲ་ན་ཆད་སླ”ཞེས་པ་ལྟར། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཐད་ཀར་མྱོང་ཚོར་ཐུབ་པ་ནི་ཉེ་འགྲམ་གྱི་ཏང་ཡོན་དང་། ལས་བྱེད་པ། དུས་རྒྱུན་འབྲེལ་འདྲིས་བྱེད་བཞིན་པའི་གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་ཡིན། མི་རིགས་ས་ཁུལ་གྱིས་གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ། དེ་ཉིད་ཕྱུག་པོར་འགྱུར་བའི་ཕྱོགས་དང་། མཐུན་སྒྲིལ་ཕྱོགས། བརྟན་འཇགས་ཡོང་བའི་ཕྱོགས་བཅས་ཀྱི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བ་དང་། ཏང་ཡོན་ཚང་མ་མཐུན་སྒྲིལ་དང་བརྟན་བརླིང་ལ་སྲུང་སྐྱོང་དང་ཐུན་མོང་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བའི་དར་ཆ་ཞིག་ཏུ་འགྱུར་བར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་གསབ་ནས་མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་གི་རྩ་འཛུགས་དང་ལས་དོན་ཁེབས་ཚད་ཀྱི་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བཅོས་སྒྲིག་བྱེད་དགོས། ཏང་འཛུགས་སྐྱོང་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོར་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་སོགས་ཐད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མི་རྒྱུ་དངོས་གསུམ་གཞི་རིམ་ལ་ཕྱོགས་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཁོར་སྐྱོད་འགྲོ་གྲོན་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མཐའ་མཚམས་ཀྱི་སྡེ་བ(སྡེ་ཁུལ)དང་ཚོགས་རའི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ་ཏང་སྲིད་ཀྱི་མགོ་ཁྲིད་དང་པོའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཁག་ལེགས་འདེམས་བྱེད་རྒྱུར་ཤུགས་བསྣན་ནས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རོང་འབྲོག་མང་ཚོགས་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་དང་ལས་ཁུངས་དང་ལས་དོན་ལས་ཁུངས་གྱིས་སྡེ་བར་རོགས་སྐྱོར་བྱེད་པའི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་དང་ཞབས་འདེགས་ཞུ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ།དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ལ་སྐུལ་འདེད་གཏོང་དགོས།
ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལོ་ངོ་བརྒྱ་ལྷག་གི་རིང་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རླབས་པོ་ཆེའི་ཁྲོད་དུ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གོང་འཕེལ་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་སྒོས་དར་རྒྱས་གོང་འཕེལ་ཡོང་ཆེད་དཀའ་སྤྱད་འབད་འཐབ་བྱས་ཏེ་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་བསྡུས་ཀྱིས་ཏང་གི་མི་རིགས་ཀྱི་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་ཉམས་མྱོང་བཏོན་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ནང་གནས་ཆོས་ཉིད་གསལ་སྟོན་གཏིང་ཟབ་གནང་ནས། དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ཐད་དར་ཆ་གང་འདྲ་ཞིག་བསྒྲེང་བ་དང་། བགྲོད་ལམ་གང་འདྲ་ཞིག་ཏུ་སྐྱོད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ། མི་རིགས་ཀྱི་ལས་དོན་གྱི་ཕྱོགས་སོ་སོར་ཁྱབ་པ་དང་ཕྱོགས་གང་ཅིའི་ཐད་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། དེ་ནི་མི་རིགས་ཀྱི་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་ལ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བསམ་བློའི་མཚོན་ཆ་གལ་ཆེན་ཞིག་ཡིན།
རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་དེ་གོམ་གང་མདུན་དུ་སྤོས་ན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེ་གོམ་གང་མདུན་དུ་སྤོ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བླང་བྱ་ལྡོག་མེད་ཡིན་པས། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་ཡུན་རིང་གི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་དང་ཡུན་རིང་འབད་བརྩོན་བྱ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེ་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཆེ་རུ་གཏོང་བ་དང་། ཁོང་དུ་ཆུད་པར་འབད་བརྩོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་སྟེང་ཅི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས།
སློབ་སྦྱོང་དང་གོ་བ་ལེན་པའི་ཐད་ལ་ཤུགས་སྣོན་དགོས། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་ཏུ་རྗེས་འདེད། སློབ་སྦྱོང་གཏིང་ཟབ་བཅས་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ཆབ་སྲིད་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། དུས་རབས་ཀྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དགོངས་པ་དེའི་ནང་དོན་ཕུན་སུམ་ཚོགས་པའི་ནང་དོན་གཙོ་བོ་དང་། བསམ་བློའི་ངོ་བོ། ལག་ལེན་བླང་བྱ་བཅས་ཁོང་དུ་ཆུད་པ་དང་།“ངེས་པར་བཅུ་གཉིས་ཀྱི”སློབ་སྦྱོང་དང་དེར་གོ་བ་ལོན་པར་སྐུལ་སྤེལ་བཏང་སྟེ། གསུང་བཤད་ཀྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། གསུང་བཤད་ཀྱི་ནང་དོན་སྔར་ལས་རྟོགས་པ། གཏིང་ཟབ་སྒོས་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།
ཧ་གོ་བའི་ཕྱོགས་ལ་ཤུགས་སྣོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཏང་གི་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དང་། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་ཁྲོད་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བསམ་བློ་མང་ཙམ་གཏོང་བ་དང་། གོ་བ་གཏིང་ཟབ་ལེན་པ། བསམ་བློ་དེའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་རིག་པ་བཅས་ནོར་བ་མེད་པར་ཁོང་དུ་ཆུད་པར་བྱེད་དགོས།
དོན་དངོས་སྒྲུབ་པའི་ཐད་ཤུགས་སྣོན་དགོས། ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལག་ལེན་གསར་པ་དང་བླང་བྱ་གསར་པ་ཟུང་འབྲེལ་དམ་ཟབ་བྱེད་པ། བསམ་བློ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། ལག་ལེན་སྟོན་ཕྱོགས། དགོས་མཁོའི་སྟོན་ཕྱོགས་བཅས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་རང་རྟོགས་ངང་སྤྱད་དེ་ས་ཁུལ་དང་སྡེ་ཁག་གིས་ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་གི་བརྒྱུད་རིམ་དེ་ངོས་འཛིན་མཐོ་རུ་གཏོང་བ་དང་བྱ་བ་ཇེ་ལེགས་སུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ཏེ་སེམས་ལ་དམ་པོར་བཟུང་ནས་བྱ་སྤྱོད་ཐད་ནས་དོན་འཁྱོལ་བྱེད་དགོས།
“འགག་རྩའི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིགས་སོ་སོའི་འགོ་ཁྲིད་ལས་བྱེད་པས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབུལ་དགོས། སློབ་སྦྱོང་ལ་སྐུལ་ཁྲིད་དང་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་ནན་པ། རང་རྟོགས་སྔར་ལས་ཆེ་བའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱས་ཏེ་རང་ཉིད་དེའི་ཁྲོད་ཞུགས་པ་དང་། བྱ་བ་དེའི་ནང་ཞུགས་པ། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་མིག་དཔེ་བཅས་བྱ་དགོས། སློབ་སྦྱོང་དང་ལག་བསྟར་བྱེད་པར་སྒྲིག་འཛུགས་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་དམ་འཛིན་ཡག་པོ་བྱེད་པ། མི་རིགས་ཀྱི་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དེ་རིམ་པ་སོ་སོའི་ཏང་ཨུ་དང(ཏང་ཙུའུ)ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གི་ནང་དོན་གཙོ་བོར་བརྩིས་ནས་རིམ་པ་སོ་སོའི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་། ལས་བྱེད་པའི་སློབ་གླིང་། སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱི་བསླབ་ཚན་ནང་བཞག་སྟེ་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་གོ་བ་གཏིང་ཟབ་ལེན་པ་དང་གོ་བ་ཏན་ཏིག་ལེན་ཐུབ་པར་འགན་ལེན་བྱེད་དགོས།
ན་གཞོན་ལོ་ཆུང་དུས་རིམ་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། དགེ་རྒན་གྱི་སློབ་གསོ་དང་གསོ་སྦྱོང་ལས་ཀ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱས་ཏེ། དགེ་རྒན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་དེ་སློབ་ཁྲིད་དང་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་འདྲེས་པར་བྱེད་དགོས། སློབ་གསོའི་དམིགས་ཚད་གཞིར་བཟུང་ནས། སློབ་མའི་དུས་རིམ་མི་འདྲ་བ་དང་རིགས་མི་འདྲ་བའི་སློབ་མའི་ཁྱད་ཆོས་ལ་དམིགས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་རིམ་བཞིན་སློབ་གསོ་གསོ་སྦྱོང་སྤེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དེ་ནང་དོན་གལ་ཆེན་དུ་བརྩིས་ནས་རིག་ཚན་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་ཁང་གི་སློབ་ཁྲིད་དང་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་སྣ་མང་གཞི་གཅིག་ཅན་གྱི་མི་སྣ་གསོ་སྐྱོང་གི་ལས་སྟེགས་དང་ཡུན་ཕན་ལམ་སྲོལ་བཙུགས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་ཁང་དུ་སྤེལ་བ་དང་། བསླབ་གཞིར་འགོད་པ། སེམས་ལ་དམ་པོར་འཛིན་པའི་ཐད་སྐུལ་འདེད་གཏོང་དགོས།
སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས། དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་དང་། མང་ཚོགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ། གཙོ་རྒྱུན་སྨྱན་སྦྱོར་དང་འཕྲིན་སྦྲེལ་དྲ་བར་རིགས་པའི་གཞུང་ལུགས་གསལ་འགྲེལ་དང་། སྲིད་ཇུས་གསལ་འགྲེལ། གཏམ་རྒྱུད་སྒྲོག་འགྲེལ་བཅས་བྱེད་པ། རང་བྱུང་གི་མི་ཆོས་མཛེས་ལྗོངས་དང་། མི་རིགས་དུས་སྟོན་བྱེད་སྒོ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་བཅས་ལ་བརྟེན་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། དྲིལ་བསྒྲགས་སློབ་གསོ་ཡོངས་ལ་ཁྱབ་པར་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཟབ་ཞུགས་མཁན་དང་། ཁེ་ཕན་ཐོབ་མཁན། དཔྱད་འཇོག་མཁན་བཅས་སུ་འགྱུར་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་སྒོས་བསྐྲུན་དགོས།
གཏིང་ཟབ་སྒོས་ཞིབ་འཇུག་དང་འགྲེལ་བརྗོད་བྱེད་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིབ་འཇུག་གི་ཁ་ཕྱོགས་འཛུགས་པ་དང་། ཞིབ་འཇུག་གི་རྣམ་གྲངས་འཛུགས་པ། རིག་གཞུང་གྲོས་ཚོགས་འཚོགས་པ། རིག་གཞུང་གི་དུས་དེབ་གསར་དུ་གཉེར་བ། རིག་གཞུང་གི་གསུང་རྩོམ་དཔེ་སྐྲུན་བྱེད་པ། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གོང་གསལ་ལས་ཁུངས་ཀྱིས་མཉམ་དུ་ཞིབ་འཇུག་བྱེད་པར་ཁྲིད་སྟོན་བྱས་ཏེ། སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བའི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་ཆགས་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་ཏང་ཡོངས་ལ་དྲག་ཆས་སྔར་ལས་ལྷག་པར་སྤྲས་རྒྱུ་དང་། མི་དམངས་ལ་སློབ་གསོ་གཏོང་རྒྱུ། ལས་དོན་ཡར་སྐུལ་བྱེད་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས།
མི་རིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་གཏོང་བར་འབྲེལ་བ་ཡོད་ལ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཡང་འབྲེལ་བ་ཡོད། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབྲེལ་བ་དམ་ཟབ་ཡོད་པ་རེད། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཆེ་ལ་ལས་འགན་ལྕི་བས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་སྟེང་སྐྱོད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།