ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ།
2025.04.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།    མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དངོས་འབེབ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ཏེ།    སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམ་དུ་དམིགས་པ་དང་རྩ་འཛུགས་ལག་བསྟར་ཞིབ་མོ་བྱེད་པ།    སློབ་སྦྱོང་གི་སྤུས་ཚད་དང་ཞིབ་བཤེར་བྱེད་ཤུགས་ཆེ་བ།    ལེགས་བཅོས་ལ་ཕན་འབྲས་ལྡན་པ་བཅས་ལ་ཁག་ཐེག་བྱས།

ཟི་ལིང་གྲོང་ཁྱེར་གྱིས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པའི་ཐད་རྒྱུན་མཐུད་ངང་བརྩོན་པ་བསྐྱེད་ཅིང་གྲུབ་འབྲས་དངོས་ལོན་པར་བྱས་པ་དང་། ནན་ཏན་གྱིས་གཤིབ་བསྡུར་དང་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་གནས་བསླབས་ནས་ཤེས་པ་དང་བྱང་ཆུབ་པར་བྱེད་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱས། སྐོར་གཟིགས་སྐོར་ཞིབ་དང་རྩིས་བཤེར་ལྟ་སྐུལ། མང་ཚོགས་ཀྱི་སེམས་ཁུར་སོགས་ནང་དོན་གལ་ཆེན་ལ་དམིགས་ཏེ། ཕྱི་ཚུལ་རིང་ལུགས་དག་ཐེར་བྱེད་པ་དང་འབྲེལ་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་བསྡུར་བ་དང་རྩད་ཞིབ་བྱས་ནས་དཔེ་མཚོན་གྱོད་གཞི་གསེད་པ་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ། སྒྲིག་སྲོལ་ལམ་ལུགས་ལེགས་པོར་འཛུགས་པ་བཅས་ཀྱིས་དངོས་གནས་ཞིབ་བཤེར་དང་དག་ཐེར་བྱས། “གཞི་རིམ་དུ་བསྐྱོད་པ་དང་དཀའ་ཁག་སེལ་བ”སོགས་ཀྱི་ལག་ལེན་བྱ་འགུལ་ཏན་ཏིག་ངང་སྤེལ་ནས་མང་ཚོགས་ཀྱི་གམ་དུ་གནས་པའི་གནད་དོན་དང་མི་འདང་ས་ཤེས་མཁས་ཤིང་། རྒྱུན་མཐུད་ངང་བྱ་བ་ཇེ་ལེགས་དང་མཐོར་འདེགས་བཏང་སྟེ་མང་ཚོགས་ལ་ཚོར་སྣང་དང་ཐོབ་སྣང་ཡོད་དུ་བཅུག

མཚོ་ཤར་གྲོང་ཁྱེར་གྱིས་ཟླ་འཁོར་གྱི་གཙོ་གནད་བྱ་བའི་འཆར་གཞིར་དམ་པོར་དམིགས་ནས། ལོ་འདི་འགར་རྩད་ཆོད་པའི་དཔེ་མཚོན་གྱོད་གཞི་ལྡོག་ཕྱོགས་ཀྱི་དཔེ་བལྟ་སར་བརྩིས་པ་དང་། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་སོགས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སློབ་བསམ་སྦྱོར་རྟོགས་བྱེད་པར་སྣེ་ཁྲིད་བྱས། ལྟ་སྐུལ་སྣ་མང་གི་ཐབས་ལམ་ཕྱོགས་བསྡུས་སྒོས་སྤྱད་ནས་གནད་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ་སྒོས་རྩད་ཞིབ་བྱེད་པ་དང་། དོན་དངོས་ལ་སྦྱར་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་བྱས་ཏེ། ཏང་ཡོན་ལས་བྱེད་པར་བསླབ་བྱ་ཐོབ་པ་དང་རྨོངས་གཉིད་ལས་སད་དུ་བཅུག མང་ཚོགས་ཀྱིས་ལྟ་སྐུལ་དང་ཐེར་འདོན་གོང་ཞུ་བྱེད་པའི་ཐབས་ལམ་གེགས་མེད་དུ་བཏང་བ་དང་། རྟོག་ཞིབ་ཟབ་མོ་བྱས་པ་དང་མང་ཚོགས་ཀྱི་སེམས་ཁུར་བྱེད་སར་ཨ་ལན་བསློགས་ཅི་ཐུབ་བྱས་ཏེ། མང་ཚོགས་ཀྱིས་སྔར་ལས་ཚོར་ཐུབ་པ་དང་རེག་ཐུབ་པར་བྱས། གནད་དོན་དག་ཐེར་ནི་སློབ་སྦྱོང་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། གནད་དོན་མངོན་གསལ་ལ་དམིགས་ནས་རྩིས་ཁྲ་ལས་པ་དང་བྱེད་ཐབས་གསལ་པོ་བྱེད་པ། དུས་བཅད་ལྟར་དག་ཐེར་བཅས་བྱས། བྱ་བ་ལག་བསྟར་བྱེད་པའི་ཁྲོད་གནས་པའི་དཀའ་ས་དང་ཁེག་ས་འབད་པས་སེལ་བ་དང་། སྤྱོད་ཚུལ་ལེགས་པོར་བརྟེན་ནས་བྱ་བ་སོ་སོ་གོ་རིམ་ཡོད་པ་དང་ལས་རིམ་བདེ་ལེགས་ཡིན་པ། ཕན་འབྲས་ལེན་པ་བཅས་ཁག་ཐེག་བྱས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་འཆད་ཁྲིད་ཆེན་མོ། དཔེ་ཀློག་འཛིན་གྲྭ་བསྡུ་བ། ཆེད་དོན་ཏང་གི་སློབ་ཁྲིད། བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་བྱེད་ཐབས་སྤྱོད་དེ། ཇི་མ་ཇི་བཞིན་དུ་སློབ་པ་དང་། དུས་ལྟར་སློབ་པ། ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སློབ་པ་བཅས་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་། སྐོར་ཞིབ་སྐོར་བཤེར། རྩིས་བཤེར་ལྟ་སྐུལ་སོགས་མ་ལག་ལྡན་པའི་གསེད་བཀྲོལ་ལས་གནད་དོན་ཤེས་རྟོགས་དང་། སྤྱོད་ངན་བཞིའི་མི་མངོན་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཤིང་། ཉེན་བརྡའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་ནས་ཚད་སྡུར་ཞིབ་བཤེར་དང་རང་གཅུན་རང་སྡོམ་བྱས། འབུར་ཐོན་གནད་དོན་ལ་ཁ་གཏད་ནས་གསལ་ཁྲ་བཟོས་པ་དང་། རེ་རེ་བཞིན་དག་ཐེར་བྱེད་ཐབས་གཏན་འབེབས་བྱས་ཤིང་། འགག་རྩ་དང་འཐུས་ཤོར་དུ་སོང་བ་ཡང་དག་པར་བཙལ་བ་དང་། ལམ་ལུགས་གཏན་འབེབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་བྱེད་ཕྱོགས་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། བསམ་ཚུལ་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་ཟབ་མོ་བྱས་ལ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དངོས་སུ་ཐག་གཅོད་བཟང་པོ་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་ལ་བརྟེན་ནས་གྲུབ་འབྲས་གསར་བ་བླངས་ཏེ་མང་ཚོགས་ཡིད་ཚིམ་དུ་བཅུག

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཨུ་དང་ཏང་ཙུའུ་ཡི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དཔེ་ཀློག་འཛིན་གྲྭར་གཞིར་བཅོལ་ཏེ། ཐུན་མོང་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་བྱ་བ་ནན་འཛིན་བྱས་ཤིང་། སློབ་སྦྱོང་སློབ་གསོ་ཉིན་རྒྱུན་ཁྲོད་འདྲེས་པ་དང་། དུས་རྒྱུན་དམ་འཛིན་བྱེད་པར་སྐུལ་འདེད་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་ཁྲོད་གནས་པའི་གནད་དོན་འཚོལ་ཞིབ་ཟབ་མོ་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱེད་ཕྱོགས། ནུས་པ། སྲིད་གཙང་སོགས་ཕྱོགས་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། གནད་དོན་གྱི་འབྱུང་རྩ་གཏིང་ཟབ་ཏུ་བཙལ་ཞིང་། ཉེན་བརྡའི་སློབ་གསོར་ཤུགས་བསྣན་ལ། དཔེ་གཞིས་ཀུན་སྤྱོད་བཤད་པ་དང་དཔེ་གཞིས་སྒྲིག་ཁྲིམས་གླེང་བ། དཔེ་གཞིས་བཅའ་ཁྲིམས་བཤད་པ། དཔེ་གཞིས་འགན་འཁྲི་གླེང་བའི་ལས་དོན་སྤེལ། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་གྱི་གསལ་ཁྲ་བཟོས་ཏེ། རྩིས་སྟེགས་དོ་དམ་དང་རྩིས་ཐོ་འགེལ་བ་དང་མིང་ཐོ་གསུབ་པ་སོགས་བྱས་ནས། ལས་རིམ་རེ་རེ་བཞིན་དག་ཐེར་བྱེད་ཐབས་གཏན་འབེབས་བྱས། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་ལ་དམིགས་ཏེ། གྱོད་གཞི་འཚོལ་སྒྲུབ་ཀྱི་ནུས་ཚད་ཇེ་ཆེར་བཏང་བ་དང་། བྱེད་ཐབས་ནན་མོས་དག་ཐེར་ལས་དོན་སྤེལ་བར་སྐུལ་འདེད་བཏང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། གཞི་རིམ་དུ་བསྐྱོད་པ་བཞིའི་ལམ་ལུགས་དངོས་འབེབས་བྱས་པ་དང་། མང་ཚོགས་ཡིད་མི་ཚིམ་པའི་བྱ་བར་དམིགས་ནས་གནད་དོན་ཐག་གཅོད་བྱས་ཏེ་ལན་ཡག་པོ་ཞིག་སྤྲད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བསླབ་ནས་བློ་སྦྱོང་བྱེད་ཚད་གཏིང་ཟབ་ཏུ་བཏང་སྟེ། མི་སྒེར་གྱི་རང་སྦྱོང་དང་ཐུན་མོང་སློབ་སྦྱོང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། གཞུང་ལུགས་སློབ་སྦྱོང་དང་། ཆེད་དོན་བགྲོ་གླེང་། དཔེ་ཀློག་འཛིན་གྲྭ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཇི་མ་ཇི་བཞིན་དུ་སློབ་པ་དང་། དུས་ལྟརསློབ་པ། ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སློབ་པ་བཅས་བྱས། འབུར་ཐོན་གནད་དོན་ཁྲིད་ཕྱོགས་སུ་བཟུང་སྟེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་། སྐོར་ཞིབ་སྐོར་བཤེར། ཉེན་བརྡའི་སློབ་གསོ། རྩིས་བཤེར་ལྟ་སྐུལ། བརྟག་དཔྱད་ཞིབ་འཇུག  འཕྲིན་བཅར་ཚུར་སྣང་སོགས་ཀྱི་ཐབས་ལམ་བེད་སྤྱད་དེ། གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། དུས་མཉམ་དུ་ལམ་ལུགས་བྱེད་ཐབས་ལེགས་བཅོས་བྱས་ལ། ཡུན་ཕན་རྐྱེན་སྲོལ་ཆ་ཚང་བཙུགས་ནས་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་།གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་སྣ་མང་བེད་སྤྱོད་བཟང་པོ་བྱེད་པ་གཙིགས་སུ་བཟུང་སྟེ། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། སློབ་སྦྱོང་སློབ་གསོ་ལས་ཐོན་པའི་ཡུལ་རྣམ་གསར་བ་དང་འགྱུར་ལྡོག་གསར་བ་མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པར་བྱས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་། དཔེ་ཀློག་འཛིན་གྲྭ་བསྡུ་བ། ཆེད་དོན་བགྲོ་གླེང་སྤེལ་བའི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་པར་བརྟེན། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་བྱས། རང་ལ་ཞིབ་བཤེར་དང་རང་ཉིད་ནས་བཅོས་སྒྱུར་བྱེད་པའི་བྱ་བ་སྤེལ་ནས་གནད་དོན་གྱི་གསལ་ཁྲ་དང་དག་ཐེར་གྱི་གསལ་ཁྲ་བཟོས་ཤིང་། ནན་ཏན་གྱིས་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་དང་། གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། ཞིབ་བཤེར་བྱེད་ཞོར་དག་ཐེར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁུལ་དང་རྫོང་གཞི་གཅིག་དང་། གོང་འོག་མཉམ་འབྲེལ་གྱིས་ཐུན་མོང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་སྒྲིག་འགལ་གྱིས་ལེགས་སྐྱེས་དང་སྒོར་མོ་ལེན་པའི་གནད་དོན་ལ་ཆེད་དུ་བཅོས་སྐྱོང་བྱེད་པ་བཅས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་དང་དམ་དུ་འབྲེལ་བའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་རོགས་བྱས། སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་མང་ཚོགས་ཟབ་ཞུགས་བྱེད་ཐུབ་ཅིང་། ལྟ་སྐུལ་བྱེད་པའི་ཁྲོད་འདྲེས་པར་བྱས་ནས། སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་། ཞིབ་བཤེར་ལ་ནུས་ཚད་ཡོད་པ། བཅོས་སྒྱུར་ལ་གྲུབ་འབྲས་མངོན་པར་ཁག་ཐེག་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་། དཔེ་ཀློག་འཛིན་གྲྭ་བསྡུ་བ་སོགས་ཀྱི་བྱེད་ཐབས་བསྡུ་ལེན་བྱས་ཏེ། སློབ་སྦྱོང་ཞིབ་སྡུར་དང་གཙོ་སྙིང་རྩ་གནད་ལ་གོ་བ་ཡང་དག་ལེན་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱས། སློབ་སྦྱོང་བྱེད་ཞོར་ཚད་སྡུར་དཔེ་ལྟ་བྱེད་པ་དང་། ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཁྲོད་གནས་པའི་གནད་དོན་འཚོལ་ཞིབ་ཟབ་མོ་བྱས་ནས། དཔེ་སྡུར་ལ་གཏིང་ཚད་ཡོད་པར་ཁག་ཐེག་བྱས། གནད་དོན་དག་ཐེར་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཟུང་འབྲེལ་བྱེད་པ། ལོ་ཧྲིལ་བོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་དཔེ་སྡུར་ཞིབ་བཤེར་བྱས་པའི་གནད་དོན་དག་ཐེར་བྱ་བ་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དག་ཐེར་གྱི་དོན་དངོས་གྲུབ་འབྲས་ལ་བརྟེན་ནས་ལས་དོན་ཁག་སོ་སོར་མཐོར་འདེགས་གསར་བ་བྱུང་། རང་རྟོགས་ཀྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་སྐྱོན་བརྗོད་དང་ལེན་བྱས་པ་དང་། རང་འགུལ་སྒོས་མང་ཚོགས་ཀྱི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས་ཏེ། ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ནས་སློབ་སྦྱོང་སློབ་གསོ་དངོས་སྒྲུབ་ནན་འཛིན་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞུང་ལུགས་སློབ་སྦྱོང་རྨང་གཞི་རུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་སློབ་སྦྱོང་དང་གོ་རྟོགས་ཟབ་མོ་བསྐྱེད། དཔེ་མཚོན་དཔེ་གཞི་དེ་རང་ཉིད་ངོས་ཟིན་གྱི་མེ་ལོང་ལྟ་བུར་བྱས་ཏེ། དཔེ་གཞིས་ཀུན་སྤྱོད་བཤད་པ་དང་། དཔེ་གཞིས་སྒྲིག་ཁྲིམས་གླེང་བ། དཔེ་གཞིས་བཅའ་ཁྲིམས་བཤད་པ། དཔེ་གཞིས་འགན་འཁྲི་གླེང་བའི་ལས་དོན་སྤེལ་ཞིང་། སློབ་སྦྱོང་གི་བརྒྱུད་རིམ་དེ་སྒྲིག་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་གཤིས་བྱང་ཚད་ཇེ་མཐོར་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་དང་གཟབ་ནན་གྱི་སྒོ་ནས་ཉམ་ཞན་གྱི་གོ་རིམ་དང་འབུར་ཐོན་གནད་དོན་འཚོལ་ཞིབ་བྱས་ཤིང་། མྱུར་དུ་ཞིབ་བཤེར་དང་མྱུར་དུ་བཅོས་སྒྱུར་བྱེད་པ། དུས་ལྟར་ཤེས་རྟོགས་དང་དུས་ལྟར་བཅོས་སྒྱུར་བྱེད་པ་བཅས་བྱས་ནས། གཅིག་ཤེས་ཀུན་གྲོལ་དང་སྒྲིག་རིམ་ལམ་ལུགས་བཙུགས། གཞི་རིམ་དུ་བསྐྱོད་པ་བཞིའི་སྲོལ་རྒྱུན་ལེགས་པོ་ལག་བསྟར་བྱས་ཏེ། བསམ་ཚུལ་དང་གྲོས་གཞི་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། རང་འགུལ་གྱིས་མང་ཚོགས་ཀྱི་གདེང་འཇོག་དང་ལེན་བྱས་ལ། གཞི་རིམ་ནས་རྟིང་ཐག་ཆོད་པའི་རྟོག་ཞིབ་བྱ་བ་སྤེལ་ཞིང་། ཁ་གཏད་རང་བཞིན་གྱིས་ཞིབ་འཇུག་དང་ཐག་གཅོད་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་བྱེད་ཕྱོགས་ཁག་ཁུར་མངོན་པར་བྱས་ཏེ། མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པར་བྱས།

ཤ་བོ་རིན་མཚོས་བསྒྱུར།