ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་སྟེ། ལོ་རྒྱུས་ཀྱི་ཁག་ཁུར་དྲག་པོ་དང་བློ་སེམས་བརྟན་པོའི་སྒོ་ནས། ཏང་གི་མདུན་དུ་ལྷགས་པའི་ཉེན་ཁ་དང་ཉམས་སད་གལ་ཆེན་དང་། ཏང་ནང་ཁུལ་དུ་གནས་པའི་འབུར་ཐོན་གནད་དོན་ལ་གདོང་གཏད་དེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་དང་བེད་སྤྱོད་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ནང་དོན་གཏན་འབེབས་དངོས་འབེབས་བྱས་ཤིང་། གཟབ་ནན་གཙོར་འཛིན་དང་གྲི་ཁ་རང་ལ་གཏད་ནས། གཟེར་འདེབས་སྙིང་སྟོབས་ཀྱིས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་། བཅོས་སྐྱོང་ཤུགས་ཚད་ཆེ་བ་དང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། རྒྱུན་མཐུད་ཡུན་ཚད་རིང་བ་སོགས་སྔ་ན་མེད་པ་ཞིག་ཡིན་ལ། དུས་ཡུན་རིང་བོར་འགོག་མ་ཐུབ་པའི་སྲོལ་ངན་རེ་འགའ་བཀག་ཡོད་པ་དང་། ལོ་མང་བོར་ཚར་གཅོད་བྱེད་མ་ཐུབ་པའི་གནད་དོན་རེ་འགའ་ཡོ་བསྲང་བྱས་ཏེ། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་དར་སྲོལ་ལ་རྣམ་པ་གསར་བ་བྱུང་ཡོད་པར་མ་ཟད། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་ཚད་མཐོས་གཅིག་བསྡུས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རླབས་ཆེ་བའི་རང་ངོས་ཀྱི་གསར་བརྗེ་ལ་བརྟེན་ནས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་བཅོས་བསྒྱུར་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་གསར་བ་གསར་འབྱེད་བྱས་པས། ཏང་གི་འཛུགས་སྐྲུན་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན།
གཅིག ཁ་ཕྱོགས་གསལ་སྟོན་དང་སྣེ་ཁྲིད་ཁ་བསྒྱུར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པའི་རྒྱས་བཤད་གལ་ཆེན་ལས་ང་ཚོའི་ཏང་གི་སྟོབས་དང་ལྡན་པའི་བདེན་ལུགས་སྟོབས་ཤུགས་དང་མི་གཤིས་ཀྱི་སྟོབས་ཤུགས་མངོན་པར་མཚོན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་ལ་འབྲེལ་བའི་འཐབ་ཇུས་མཐོ་ཚད་ལས་བཞེངས་ཏེ། ཅིའི་ཕྱིར་གཏན་འབེབས་བྱེད་དགོས་པ་དང་། ལྟ་སྟངས་ཅི་འདྲ་འཛིན་པ། ཇི་ལྟར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་དུས་རབས་གསར་བའི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་སྲུང་བྱ་གལ་ཆེན་འདོན་སྤྲོད་བྱས།
(གཅིག)ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་བྱེད་པ་ནི་ཏང་གི་དུས་རབས་གསར་བའི་དཔེ་བཟང་བཙུགས་ནས་ཡིད་ཆེས་ཆགས་པར་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་གསལ་བོར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྤྱོད་ཚུལ་དེ་ཏང་གི་སྣང་བརྙན་ལ་འབྲེལ་བ་ཡོད་པ་དང་མི་སེམས་ཀྱི་གཏད་ཕྱོགས་ལ་འབྲེལ་བ་ཡོད་ལ། ཏང་གི་ཤི་གསོན་ཆགས་འཇིག་ལ་འབྲེལ་བ་ཡོད་པས། ཏང་དང་རྒྱལ་ཁབ་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་བྱེད་པ་ཡིན། ཉེན་ཁ་ཇི་ལྟར་ཆེ་ན་འགྲན་རྩོད་དེ་ལྟར་ཆེ་བ་དང་། ལས་འགན་དེ་ལྟར་ལྗིད་པས། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་དེ་བས་ཀྱང་ཤུགས་སྣོན་བྱེད་དགོས། གལ་ཏེ་སྲིད་འཛིན་ཏང་གིས་སྤྱོད་ཚུལ་འཛུགས་སྐྲུན་ལ་དོ་སྣང་མ་བྱས་པར་ལུགས་མཐུན་མིན་པའི་སྲོལ་ངན་གྱིས་གང་འདོད་དུ་ཏང་གི་བྱ་བར་གནོད་པ་ཐེབས་སུ་བཅུག་ན། དམངས་སེམས་ཤོར་བ་དང་སྲིད་དབང་ཤོར་བའི་ཉེན་ཁ་འབྱུང་སྲིད། ང་ཚོས་ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་དངོས་འབེབས་བྱེད་པ་དམ་འཛིན་བྱེད་པ་དེ་བལྟས་ཚོད་ཀྱིས་དོན་ཆུང་ལྟ་བུ་ཞིག་ཡིན་ཡང་། དེ་ལས་མངོན་པ་ནི་སྙིང་སྟོབས་ཤིག་ཡིན། དོན་དག་གཅིག་བཟང་བོར་བསྒྲུབས་རྗེས་ད་གཟོད་དོན་དག་གཞན་པ་བསྒྲུབ་དགོས་ལ། ཚང་མར་ང་ཚོས་དོན་དག་བསྒྲུབ་ཐུབ་པ་དང་ནན་ཏན་གྱིས་དོན་དག་བསྒྲུབ་པའི་ངེས་ཤེས་སྐྱེས་སུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་དམངས་ཀྱི་ཡིད་ཆེས་ཐོབ་ཐུབ་པ་དང་ཏང་ཡོངས་ཀྱི་ཡིད་ཆེས་ཐོབ་ཐུབ་པ་ཡིན།
(གཉིས།)ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་དངོས་འབེབས་བྱེད་པར་ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་དམ་འཛིན་བྱས་ཏེ་གོང་རིམ་ནས་འོག་རིམ་ལ་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་སྟེང་ལ་དཔེ་བླངས་ནས་སྔོན་ལ་དཔེ་སྟོན་བྱེད་དགོས་ཤིང་། ཁ་ནས་བཤད་པ་དེ་ལག་ནས་བསྒྲུབ་དགོས་པ་དང་ཁས་ལེན་བྱས་པ་དེ་ལག་ལེན་དུ་བསྟར་དགོས་ལ། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་ཚོས་རང་ཉིད་ནས་འགོ་རྩོམ་དགོས། ང་ཚོའི་ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་ཚོས་དུས་དང་གནས་ལ་ངེས་བརྟན་མེད་པར་རང་དཔེ་གཞན་སྟོན་བྱས་ན། འོག་རིམ་གྱིས་གོང་རིམ་ལ་ལད་མོ་བྱས་ནས་དཔེ་སྟོན་གྱི་ནུས་པ་ཆེན་པོ་ཐོན་སྲིད་ལ། ཏང་ཡོངས་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་འགྲོ་སྲིད་པ་དང་། དཀའ་ཁག་ཅི་ཞིག་ལ་འཕྲད་ཀྱང་འཛེམ་དོགས་བྱེད་མི་སྲིད། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་དག་གིས་ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་རྩ་གནད་གཞིར་བཟུང་སྟེ། དོན་ཚན་རེ་རེ་བཞིན་དམིགས་སུ་གཏད་ནས་ཞིབ་བསྡུར་ནན་མོ་བྱེད་པ་དང་། ཧུར་ཐག་སྒོས་ལག་ལེན་དངོས་འབེབས་དམ་འཛིན་བྱེད་དགོས།
(གསུམ།)ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་འགོ་རྩོམ་ས་དང་སྐུལ་སློང་བཀའ་རྒྱ་ཡིན་པ་གསལ་བོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་ཚུལ་གནད་དོན་དེ་ངོ་བོའི་ཐད་ནས་ཏང་གཤིས་གནད་དོན་ཡིན་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱས་ཏེ་རང་ཆོས་སོར་ལོག་དང་ལུས་གསོ་ཟུངས་བསྐྱེད་བྱེད་དགོས། ཏང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཆེས་མཐོའི་ཚད་གཞི་མིན་པ་དང་། ཆེས་མཇུག་མཐའི་དམིགས་འབེན་དེ་བས་ཀྱང་མིན་ལ། ང་ཚོས་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པའི་གོམ་པ་དང་པོ་ཡིན་པ་དང་། ང་ཚོ་གུང་ཁྲན་ཏང་མི་ཡིན་པའི་ཆ་ནས་ངེས་པར་དུ་བསྒྲུབ་དགོས་པའི་གཞི་རྩའི་རེ་བ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། ཏང་ཀྲུང་དབྱང་གིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་བ་ཇི་ལྟར་དམ་འཛིན་བྱེད་པར་གྲོས་བསྡུར་བྱེད་སྐབས། གང་ནས་འགོ་རྩོམ་དགོས་པ་མི་ཤེས་པའི་གནད་དོན་ཐག་གཅོད་བྱེད་དགོས་པར་འདོད་དེ། གཏན་འབེབས་དོན་ཚན་བརྒྱད་ཀྱི་རྡེའུ་གཅིག་གིས་སྤྱོད་ཚུལ་འཛུགས་སྐྲུན་གྱི་བྱ་བར་གསོན་ཤུགས་རྒྱས་སུ་བཅུག
(བཞི།)ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་བྱེད་པར་གཟབ་ནན་གྱི་རེ་བ་རྒྱུན་འཁྱོངས་བྱེད་དགོས་པ་གསལ་བོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ལམ་ནི་ཚད་བཀག་ནུས་པ་ཐོན་པ་ཞིག་ཡིན་པས་ཅུང་ནན་མོ་ཡིན་དགོས། གཏན་འབེབས་ནི་གཏན་འབེབས་རེད། ལག་བསྟར་ཚོད་ལྟ་བྱེད་མི་རུང་ལ། བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་མཚོན་དགོས་པ་དང་། གཏན་འབེབས་དེའི་གཟབ་ནན་རང་བཞིན་མཚོན་པར་བྱེད་དགོས། གཏན་འབེབས་བྱེད་ན་གཟབ་ནན་གྱི་ཚད་གཞིར་ཁ་ཕྱོགས་ནས་འབད་བརྩོན་བྱེད་དགོས་ལ། ནན་ཏན་བྱེད་དགོས་པ་ལས་སྣང་ཆུང་གཏན་ནས་བྱེད་མི་རུང་།
(ལྔ།)ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དངོས་འབེབས་བྱེད་ན། འབུར་ཐོན་གནད་དོན་གཙོར་འཛིན་པ་དང་མང་ཚོགས་ཀྱི་རེ་སྨོན་དང་ལེན་བྱེད་དགོས་པ་གསལ་བོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་ཚུལ་གནད་དོན་གྱི་སྙིང་བོ་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བའི་གནད་དོན་ཡིན་པ་དང་། ང་ཚོས་གཏན་འབེབས་དེ་གཏན་འབེབས་བྱེད་ན་ང་ཚོས་སྲིད་འཛིན་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རེ་བ་དང་འཚམ་དགོས་པར་མ་ཟད། མང་ཚོགས་ཀྱིས་ང་ཚོར་བཅངས་པའི་རེ་སྨོན་དང་ཡང་འཚམ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲས་བྱ་སྤྱོད་བཅས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་གཏོང་དགོས་ལ། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་ལུགས་མཐུན་མིན་པའི་སྤྱོད་ཚུལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ནས། མི་དམངས་མང་ཚོགས་ལ་ངེས་པ་དོན་གྱི་ཕན་འབྲས་དང་འགྱུར་ལྡོག་མཐོང་དུ་འཇུག་དགོས།
(དྲུག)ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་གསལ་བོར་བཏོན་པ་ནི་དུས་ཡུན་རིང་བོར་ནུས་པ་ལྡན་པའི་འགྱུར་མེད་སྲ་བརྟན་གྱི་སྒྲིལ་ལམ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་ནི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་བོར་བྱས་རྗེས་འཇོག་དགོས་ལ། ལོ་བཅུ་ནས་ལོ་ཉི་ཤུ་དང་། ཉི་ཤུ་ནས་ལོ་སུམ་ཅུ། དོན་དངོས་ཐོག་གོམས་གཤིས་སུ་འགྱུར་བའི་བར་དུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་ལྕགས་རི་ནི་ལས་སླ་བོའི་ངང་བསྐྲུན་པ་མིན་པས། ངེས་པར་དུ་ལྡབ་འགྱུར་སྒོས་གཅེས་སྤྲས་བྱེད་དགོས་ལ། རྒྱུན་མཐུད་ངང་ལྕགས་རིར་ཞིབ་བཤེར་བཟོ་བཅོས་དང་རྨང་རྡོ་སྲ་བརྟན་དུ་གཏོང་དགོས། སེམས་ཤུགས་དང་སྙིང་རུས་ཆེན་པོས་མུ་མཐུད་དུ་རྒྱུན་རྣམ་ཅན་དང་ཡུན་རིང་ཅན། ཚགས་དམ་ཞིང་དོན་དངོས་ཡིན་པ། གཏིང་ཟབ་ཅིང་ཞིབ་ཚགས་ཡིན་པ་བཅས་ཀྱི་སྟེང་ནུས་པ་བཏོན་ཏེ། གོམས་གཤིས་སུ་ཆགས་པར་བྱེད་དགོས་ལ་གྲུབ་འབྲས་ཀྱང་ཐོབ་པར་བྱེད་དགོས།
གཉིས། ཏང་ཀྲུང་དབྱང་གིས་འགོ་ཁྲིད་འོག་ཏང་ཡོངས་འགུལ་སྤྱོད་བྱས་ཏེ། ཤུགས་ཆེན་པོས་ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་དགོངས་དོན་གོ་རིམ་ལྡན་པའི་ངང་ལག་ལེན་མཐར་ཕྱིན་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་གཅུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། རང་ཉིད་ཚད་ལྡན་དུ་བཏང་སྟེ་ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་དང་། ས་གནས་སོ་སོའི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར་སྐུལ་འདེད་བཏང་སྟེ་དོན་དངོས་དང་ཟུང་འབྲེལ་སྒོས་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ་དང་། སྐྱོན་རེ་རེ་བཞིན་དག་ཐར་དང་གནད་དོན་རེ་རེ་བཞིན་ཡོ་བསྲང་བྱས་ནས། ལོ་ནས་ལོ་མཐུད་དེ་བརྟན་སྲུང་བྱས་ནས་དམ་བཅའ་མངོན་འགྱུར་བྱེད་དགོས།
(གཅིག)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ནན་ཏན་སྒོས་ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ། 《སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་སྤྱོལ་ལམ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་འདྲེས་དམ་ཟབ་བྱེད་པའི་སྐོར་གྱི་གཏན་ཕབ་དོན་ཚན་བརྒྱད》ཞེས་པ་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་གྲོས་ཞིབ་ལ་ཆོག་མཆན་འགོད་པ། སྐབས་བཅུ་དགུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐེངས་དང་པོའི་སྟེང་སྔ་རྗེས་སུ་ལག་བསྟར་ཞིབ་སྲོལ་ལ་ལེགས་དག་བཅོས་ཐེངས་གཉིས་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལོ་རེར་ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་ལག་བསྟར་མཐར་ཕྱིན་བྱས་པའི་སྐོར་གྱི་གནས་ཚུལ་གྱི་སྙན་ཞུར་གསན་ནས། དམངས་གཙོའི་འཚོ་བའི་གྲོས་ཚོགས་འཚོགས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱ་བའི་སྤྱོད་ལམ་ལེགས་བཅོས་དང་མི་དམངས་དང་འབྲེལ་འདྲེས་དམ་ཟབ་བྱེད་པ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་ཕྱོགས་སོ་སོ་དང་། ཐོག་མཐའ་བར་གསུམ་དུ་རང་ཉིད་ནས་མགོ་བརྩམས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ལ་སྣེ་ཁྲིད་དང་དཔེ་སྟོན་བྱས་ནས་ཏང་ཡོངས་ལ་མིག་དཔེ་བཟང་བོ་བསྟན་ཡོད་ལ། དམིགས་འབེན་བརྟན་པོ་རྒྱུན་འཁྱོངས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ་ནས་ཅུང་མ་འགོར་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་གྱི་སྣེ་ཁྲིད་དེ《བསྐྱར་དར་གྱི་ལམ་བུ》ཞེས་པའི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་། ཐེངས་དང་པོར་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་མདུན་ལ་བློ་འདོན་དང་རྒྱས་བཤད་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ལས་མ་སོང་བར་ཧྲང་ཧའེ་ཏང་གི་ཚོགས་འདུ་ཚོགས་གནས་དང་ཀྲེ་ཅང་ཅ་ཞིན་ནན་ཧུའུ་ཡི་མཚོ་གྲུ་དམར་བོར་་གཟིགས་ཞིབ་ཏུ་ཕེབས་སྐབས། དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཏང་གི་བླ་མེད་འགན་འཁྲི་དང་ལེན་བྱེད་པ་ནན་བཤད་བྱས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་མཇུག་བསྒྲིལ་རྗེས་ཀྱི་མཁར་ཕྱིའི་བྱེད་སྒོ་ཐེངས་དང་པོ་སྤེལ་སྐབས། ཡན་ཨན་དུ་གསར་བརྗེའི་གནས་མཆོག་ལ་གཟིགས་ཞིབ་གནང་བར་ཕེབས་ཏེ་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ཏང་གི་སྲོལ་རྒྱུན་བཟང་བོ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས་པའི་འབོད་སྐུལ་གནང་། སྲིད་དོན་བརྩོན་སྐྱོང་རྒྱུན་འཁྱོངས་དང་། ས་གནས་སུ་ཟབ་ཞུགས་བྱས་ནས་རྟོག་ཞིབ་ཞིབ་འཇུག་བྱེད་པར་བསྐྱོད་དེ། རི་ཆུ་ནགས་གསུམ་ནས་མཚོ་དང་མཚེའུ། གཤོང་ས་ནས་བྱེ་ཐང་། གྲོང་གསེབ་ཀྱི་སྡེ་ཁུལ་ནས་མཐའ་མཚམས་ཀྱི་སོ་ལྟ་སོགས་ཚ་གྲང་དང་དཀའ་སྡུག་ལ་མ་འཛེམས་པར་ཀྲུང་གོའི་ས་གཞི་ཆེན་པོ་འདིའི་གང་སར་ཞབས་རྗེས་བཞག་ཡོད། རྟོག་ཞིབ་ཞིབ་འཇུག་གི་ཇུས་གཞིར་སྐུ་དངོས་སུ་དོ་དམ་བྱས་ཏེ། བཀོད་སྒྲིག་དང་ལེན་དང་ལས་ཕྱོད་མཐོ་རུ་གཏོང་བའི་བླང་བྱ་བཏོན། ཕྱི་རུ་སྐྱོད་སྐབས་བགྲོད་ལམ་མི་ཁེག་པ་དང་བགྲོད་ལམ་བཀག་སྡོམ་མི་བྱེད་པར་མང་ཚོགས་དང་ཐད་ཀར་འབྲེལ་འདྲེས་དང་གླེང་མོལ་བྱས་པ་དང་། རླངས་འཁོར་སྟབས་བདེ་དང་སྣེ་ལེན་སྟབས་བདེ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ས་ཡོམ་གནོད་ཐེབས་ས་ཁུལ་གྱི་གནས་སྐབས་ཀྱི་པང་ལེབ་ཁང་པའི་ནང་སྡོད་པ་དང་། གནམ་གྲུ་གཅིག་བདུན་གཅིག་གི་འཐབ་གྲོགས་ཚོ་དང་མཉམ་དུ་ཟ་མ་བཞེས་ལ། ཧྲན་ཤིས་བྱང་རྒྱུད་ཀྱི་ལེང་ཅ་ཧུ་རུ་ཡུལ་མི་ཚོ་དང་མཉམ་དུ་མོག་མོག་དང་མཱ་ཐང་བཞེས། "ཉུང་བ། དྲང་བ། གསར་པ"བཅས་ཀྱི་རྩོམ་སྲོལ་དོན་འཁྱོལ་བྱེད་པ་དང་། གསུང་བཤད་མང་ཚོགས་དང་འབྲེལ་ཞིང་མི་སེམས་ལ་དྲོལ་ཁོལ་སྟེར། ལྷག་བསམ་ཟོལ་མེད་བཅངས་ནས། རིམ་པ་ལྔ་པའི་ཧྲུའུ་ཅི་རྣམས་མཉམ་དུ་དམ་འཛིན་བྱེད་པ་དང་། དམ་བཅའ་བཞག་ནས་རྒྱལ་ཡོངས་གཅིག་སྡུད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ14ལ་བསྐྱོད་དེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་ཤུགས་ཚད་ཆེ་ཤོས་ཀྱི་དབུལ་ཐར་ཁྲེག་གཏོར་གྱི་དམག་འཐབ་ལ་བཀོད་འདོམས་བྱས་ནས་རྒྱལ་ཁ་བླངས་པ་ནི། མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་སྟེང་གི་ངོ་མཚར་བའི་གཏམ་རྒྱུད་ཅིག་ཡིན། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་དམ་ཟབ་སྒོས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཏོག་གསར་བློ་ནད་སྔོན་འགོག་བྱས་པ་དང་། ལས་ཆོད་ཆེ་བའི་སྒོ་ནས་ནད་ཡམས་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་དང་སྣེ་ཁྲིད་བྱས། རྒྱུད་ཆད་མེད་པར་དག་གཙང་མཁའ་དབུགས་དང་རི་ཆུ་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་སྐུལ་འདེད་དང་། མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་གནད་དོན་ལ་གཅིག་བསྡུས་སྒོས་ཡོ་བསྲང་བྱས།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་ནི་རང་ཉིད་ལེགས་སྐྱོང་བྱེད་པའི་གལ་ཆེའི་རྨང་གཞིར་བྱས་ཏེ། "ནན་ཏན་ལ་དང་དོད"བྱེད་པའི་སྙིང་སྟོབས་དང"ལས་ལ་བརྩོན་པའི"བྱ་སྤྱོད་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་རིམ་བཞིན་དོན་འཁྱོལ་བྱས། ནན་ཏན་སྒོས་རང་གཅུན་རང་སྡོམ་ཐུབ་པ་དང་། མཐའ་གཅིག་ཏུ་ལག་བསྟར་ལ་ཆད་ལྷག་མི་འབྱུང་བར་བྱེད་དགོས། རྟག་དཔྱད་ཞིབ་འཇུག་ལ་ལེགས་བཅོས་གཏོང་བའི་ཐད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་འབྲེལ་ཡོད་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་དང་། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་བསམ་བློ་གསར་པ་དང་བྱེད་ཐབས་གསར་པར་ཞིབ་འཇུག་བྱས་ནས་དོན་དངོས་ཀྱི་སྟེང་གྲུབ་འབྲས་ཐོབ་པར་བྱེད་དགོས། ཚོགས་འདུའི་བྱེད་སྒོ་སྟབས་བདེའི་རྣམ་པར་གཏོང་བའི་ཐད་ནས། ཚོགས་འདུ་གལ་ཆེན་སྐོར་གྱི་བྱེད་སྒོར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོགས་འདུའི་བྱེད་སྒོའི་གྲངས་འབོར་དང་གཞི་ཁྱོན་ལ་ཚོད་འཛིན་ནན་པོ་བྱས་ཏེ། བརྙན་ལམ་ནས་ཚོགས་འདུ་ཚོགས་པའི་རྣམ་པ་ཇེ་མང་དུ་གཏོང་དགོས། ཡིག་ཆ་དང་གནས་ཚུལ་མདོར་བསྡུས་སྟབས་བདེ་བཟོ་བའི་ཐད་ནས། ཡིག་ཆའི་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣོན་པ་དང་། ཡིག་ཆའི་གྲངས་འབོར་དང་། མང་ཉུང་། ཚད་གཞི་བཅས་ལ་ཚོད་འཛིན་ནན་པོ་བྱེད་དགོས། གསར་འགྱུར་མདོར་བསྡུས་སྤེལ་སྟངས་ལེགས་བཅོས་བྱེད་པའི་ཐད་ནས། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་བྱེད་སྒོ་སྤེལ་བའི་སྐོར་གྱི་གསར་འགྱུར་འགོད་སྐབས་ཡིག་གྲངས་དང་དུས་ཡུན་ལ་ཚོད་འཛིན་ནན་པོ་བྱེད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་གྲོས་ཚོགས་ཀྱི་གསར་འགྱུར་སྤེལ་བའི་ཐེངས་གྲངས་ལ་ཚོད་འཛིན་ནན་པོ་བྱེད་པ། གསར་འགྱུར་གྱི་བརྗོད་གཞི་དང་དུས་དེབ་སྟེང་འགོད་པའི་དུས་ཡུན། ཡིག་གྲངས་ཀྱི་མང་ཉུང་ལ་དམ་འཛིན་ནན་མོ་བྱས་ཏེ། པར་ངོས་དང་བརྙན་མིག་མང་ཤོས་མི་དམངས་མང་ཚོགས་ལ་སྟེར་དགོས། ཧུར་བརྩོན་སྒོས་གྲོན་ཆུང་བྱེད་པའི་ཐད། གཞུང་ལས་ཁང་དང་སྡོད་ཁང་། རླངས་འཁོར་སོགས་བྱ་བ་དང་འཚོ་བའི་ཐོབ་ཐང་སྐོར་གྱི་གཏན་ཕབ་ལག་བསྟར་ནན་པོ་བྱེད་དགོས། ཕྱི་རུ་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། ཟོན་སྲུང་བྱ་བ་ལེགས་བཅོས། ཡིག་ཆའི་འགྲེམས་སྤེལ་ལ་དོ་དམ་ནན་མོ་བྱེད་པ་སོགས་ཀྱི་ཕྱོགས་ནས། ནན་ཏན་སྒོས་འབྲེལ་ཡོད་གཏན་ཁེལ་ལག་བསྟར་བྱེད་དགོས།
གཉིས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་བསྣན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་། སྤྱིའི་གློག་སྒོའི་གནད་དོན་ཐག་བཅོད་བཟང་བོ་བྱས་ནས། སྤྱོད་ཚུལ་ལེགས་བསྒྱུར་བྱེད་ཆེད་བསམ་བློའི་གེགས་རྐྱེན་མེད་པར་བཟོ་བ་དང་བསམ་པའི་སྒུལ་ཤུགས་སྣོན་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་དང་གཟབ་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོ། སློབ་གཉིས་བསྒྲུབ་གཅིག་གི་སློབ་སྦྱོང་སློབ་གསོ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། ད་ལྟ་དངོས་སུ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བཅས་ཚང་མས་སྤྱོད་ཚུལ་འཛུགས་སྐྲུན་བྱེད་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩི་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པར་སྣེ་ཁྲིད་བྱེད་པ། བསམ་བློ་དང་ཆབ་སྲིད་སྟེང་ཞིབ་བརྟག་དང་དབྱེ་ཞིབ་བྱེད་པ་དང་བསམ་གཞིགས་གཏོང་བ། སྤྱོད་ཚུལ་གནད་དོན་ལ་ཞིབ་སྡུར་དང་བཤེར་སྟོན། བཅོས་སྐྱོང་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ལྷད་སྐྱོན་མེད་པར་བཟོ་བ་དང་ནད་དུག་སེལ་བ། བཙོག་བཟོ་འགོག་བཅོས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ཐད་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།
གསུམ། སྲོལ་ངན་བཞིའི་འབུར་ཐོན་གནད་དོན་ལ་དམིགས་ནས། གོམ་པ་རེ་རེ་བཞིན་འབེན་ཕྱོགས་བཅོས་སྐྱོང་བྱེད་དགོས། གནས་ཚུལ་དངོས་ལ་རྐང་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འགལ་རྩོད་གཙོ་བོ་དམ་འཛིན་བྱེད་པ། གནད་དོན་ཅི་ཞིག་འབུར་དུ་ཐོན་ན་དེ་ཐག་གཅོད་བྱེད་པ། གནད་དོན་ཅི་ཞིག་བྲེལ་མྱུར་ཆེ་ན་དེ་མྱུར་དུ་ཐག་གཅོད་བྱེད་པ། དམིགས་འབེན་འཚོལ་བ་དང་འབེན་ཕྱོགས་ལས་སྒྲུབ་བྱས་ཏེ། སྔ་མོ་ནས་དམ་འཛིན་བྱེད་པ་དང་སྐྱོན་ཆུང་དུས་སེལ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་སྲོལ་ངན་བཞིའི་གནད་དོན་ལ་དམིགས་པ་དང་། གཞུང་དངུལ་བཀོལ་ནས་ཟླ་གོར་བག་ལེབ་དང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱང་བུ་ཉོ་སྒྲུབ་བྱེད་པ་དང་ལེགས་སྐྱེས་སྟེར་བ་དང་། གཞུང་དངུལ་བཀོལ་ནས་ཟ་འཐུང་ལེགས་སྐྱེས་སྟེར་བ། གཞུང་དངུལ་བཀོལ་ནས་གནས་སྐོར་དུ་འགྲོ་བ། སྤྱི་འཁོར་སྒེར་སྤྱོད། ཁྲིམས་དང་འགལ་ནས་ཁང་བ་ལས་པ། གཉེན་སྟོན་འདས་མཆོད་རྒྱ་ཆེར་བསྒྲུབ་པ། དངོས་སྒོར་གང་འདོད་དུ་སྟེར་བ། ཁྲིམས་དང་འགལ་ནས་ཀོར་ཧྥུ་སྤོ་ལོ་རྒྱག་པ་སོགས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་ལ་དམ་དུ་དམིགས་ནས། ཁྲིམས་དང་འགལ་ནས་ལག་རྟགས་དང་འབུལ་རྟེན་སྟེར་ལེན་བྱེད་པ་དང་ཁྲིམས་དང་འགལ་ནས་ཟ་འཐུང་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་བཅོས་སྐྱོང་ཟབ་མོ་བྱས་ལ། གློག་རྡུལ་ཁུག་དམར་སྟེར་ལེན་བྱེད་པ་དང་སྒེར་འཁོར་གཞུང་གསོ་སོགས་ཀྱི་མི་མངོན་པའི་གནད་དོན་ཐེར་འདོན་ཞིབ་བཤེར་བྱས་པ་དང་། ཁྱད་ཐོན་དངོས་རྫས་རྩ་ཆེན་དང་དམིགས་བསལ་ཐོན་ཁུངས་སྤྱད་དེ་སྒེར་ཕན་གཉེར་བ་སོགས་ཀྱི་གནད་དོན་ཆེད་དོན་བཅོས་སྐྱོང་བྱས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་པ་དང་། གདམ་གསེས་བྱེད་པ་དང་བབ་བསྟུན་འཕྲི་གཅོག་བྱེད་པ་དང་། རྣམ་འགྱུར་མང་པོ་སྟོན་པ་དང་སྒོ་ཐེམ་ཇེ་མཐོར་གཏོང་བ། འགུལ་སྐྱོད་ཉུང་བ་དང་ལག་བསྟར་བྱེད་ཚད་མི་འདང་བ་བཅས་ཀྱི་གནད་དོན་ལ་གཅིག་བསྡུས་ཡོ་བསྲང་དང་བཅོས་སྐྱོང་བྱས་ནས། ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱས། ཀྲུང་དབྱང་གི་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། དགོས་མེད་ཀྱི་ཡིག་ཆ་མང་དྲགས་པ་དང་ལྟ་ཞིབ་དང་ཞིབ་བཤེར་མང་དྲགས་པ། ཡིག་ཆའི་རྗེས་ཤུལ་མང་དྲགས་པའི་གནད་དོན་བཅོས་སྐྱོང་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་དུ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྐྱོང་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གཏན་ཁེལ་འགའ་གཏན་འབེབས་ལག་བསྟར་བྱས་ལ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། གཞི་རིམ་བཅོས་སྐྱོང་གི་འགན་དབང་དོ་མཉམ་མིན་པའི་འབུར་ཐོན་གནད་དོན་ཐག་བཅད་ལ། མཛུབ་སྣེའི་ཕྱི་ཚུལ་རིང་ལུགས་འགོག་བཅོས་བྱས་པ་དང་། གཞི་རིམ་གྱི་དཔྱད་ཞིབ་སྟབས་བདེ་ལེགས་བསྒྱུར་བྱས་ཤིང་། གཞི་རིམ་ནས་ལས་བྱེད་པ་སྐོང་གཡར་བྱེད་པར་ཚོད་འཛིན་ནན་མོ་བྱས་ནས། ཕྱོགས་ཡོངས་ནས་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་གྱི་འགན་སྒྲུབ་དོན་བྱའི་གསལ་ཕྲ་འཛུགས་པར་སྐུལ་འདེད་བཏང་། དབང་ཆའི་ལྟ་བ་འཁྱོག་པ་དང་སྲིད་འབྲས་ཀྱི་ལྟ་བ་ནོར་བའི་སྣང་ཚུལ་ལ་དམ་དུ་དམིགས་ནས། བཀོལ་ཐབས་མེད་པའི་བཟོ་སྐྲུན་དང་དགོས་མེད་བཟོ་སྐྲུན། ཕྱི་ངོས་བཟོ་སྐྲུན། བསྡོམས་རྩིས་རྫུན་བཟོ་དང་གཞི་རིམ་བཅོས་སྐྱོང་ཐད་ཀྱི་སྣང་ཚུལ་ངན་པ་སོགས་ལ་རྒྱུན་མཐུད་ངང་དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་ཟབ་མོ་བྱས། སྐད་ཅིག་ཙམ་ལ་ཡང་མཚམས་མི་འཇོག་པར་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་ནན་འགོག་བྱས་་པ་དང་། ཁྲིམས་འགལ་ཟ་འཐུང་དང་ཁྲིམས་འགལ་སྐྱེས་དངུལ་སྟེར་ལེན། ཁྲིམས་འགལ་གཞུང་དོན་སྣེ་ལེན་སོགས་ཀྱི་གནད་དོན་རྒྱུན་མཐུད་ངང་བཅོས་སྐྱོང་ནན་མོ་བྱས་ལ། གསོ་སྦྱོང་ལྟ་ཞིབ་ཀྱི་གོ་སྐབས་བེད་སྤྱད་དེ་གཞུང་དངུལ་བཀོལ་ནས་གནས་སྐོར་བྱེད་པ་དང་ཐོག་ཚོམས་མགྲོན་ཁང་སོགས་ལ་རྒྱས་སྤྲོས་མཛེས་བཟོ་བྱེད་པའི་སྣང་ཚུལ་ཡོ་བསྲང་དང་བཅོས་སྐྱོང་བྱས།
བཞི། ལྟ་སྐུལ་སྒྲིག་བསྟར་ལ་ཤུགས་སྣོན་པ་དང་། མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་རྒྱུ་དེ་ཏང་གི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པའི་ཉིན་རྒྱུན་རིང་བཞིན་གྱི་བྱ་བ་གཙོ་བོར་བཟུང་ནས་དམ་འཛིན་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་སོགས་རིགས་མི་འདྲ་བའི་ལྟ་སྐུལ་སྣ་ཚོགས་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། གཞི་གྲངས་ཆེན་པོའི་ལག་རྩལ་སྤྱད་དེ་ལྟ་སྐུལ་གྱི་བྱེད་ཐབས་རྒྱ་བསྐྱེད་པ། ལྟ་སྐུལ་རྒྱུན་བསྲིང་བྱེད་པ། དུས་ཐོག་ཏུ་སྲོལ་ངན་བཞིའི་གནད་དོན་འཚོལ་བའི་ནུས་པ་མཐོར་འདེགས་བཏང་སྟེ། ཚུལ་མིན་སྤྱོད་ཚུལ་ལ་ཆད་གཅོད་བཅོས་སྐྱོང་བྱེད་པའི་ལྟ་སྐུལ་གནོན་ཤུགས་གྲུབ་པར་བྱེད་དགོས། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར། ལྔ་གཅིག་དུས་ཆེན། ལྔ་བའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོད་དུས་ཆེན་སོགས་དུས་ཆེན་གཙིགས་སུ་བཟུང་ནས། ལྟ་སྐུལ་གསལ་འདེབས་དང་མངོན་བཤེར་ལྐོག་ཞིབ་ལ་ཤུགས་སྣོན་པ་དང་། ཡོངས་ཁྱབ་གསལ་བསྒྲགས་དང་ཉེན་བརྡའི་སློབ་གསོ་སྤེལ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་དང་། གཙོ་བོར་སྐུམ་སྡུད་མི་བྱེད་པ་དང་མཚམས་འཇོག་མི་ཤེས་པ་སོགས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་ནས། འཇིགས་སྐྱེད་ཀྱི་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས། 2024ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྲི107.6ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་ཁྲི152.3ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས། དེའི་ཁྲོད་དུ། མི་ཁྲི99.5ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་ཟླ་རེའི་ཚགས་པར་ལམ་ལུགས་བཙུགས་པ་དང་། 2025ལོའི་ཟླ་གསུམ་པའི་བར་དུ་བསྟུད་མར་ཟླ138ལ་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་གཞི་གྲངས་ཁྱབ་བསྒྲགས་བྱས་ལ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གྱོད་གཞི་ཞིབ་དཔྱད་ཁྱབ་བསྒྲགས་རྐྱེན་སྲོལ་བཙུགས་ནས། རྗེས་ཕྱོགས་སུ་དེ་ལས་ནན་པའི་བརྡ་རྟགས་ཕྱིར་གཏོང་བྱས།
ལྔ། རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ནས། ཚུན་མིན་སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་དགོས། ལམ་ལུགས་བཀོལ་ནས་ཏང་སྐྱོང་དབང་སྐྱོང་དང་དཔོན་སྐྱོང་བྱེད་པར་དོ་སྣང་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་སྟེང་ནས་སྐྱོན་ཆ་འགོག་པར་ཤུགས་འདོན་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ནས། ལམ་ལུགས་ཀྱི་དྲ་རྒྱ་ཇེ་བརྟན་དུ་གཏོང་དགོས། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་སྤྱོད་གཙང་རང་གཅུན་གྱི་ཚད་གཞི། སྒྲིག་ལམ་ཆད་པའི་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་རེ་བ་དེའི་ཁྲོད་ཚུད་པར་བྱེད་དགོས། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གཉིས་མཉམ་བཤེར་མཉམ་བཅོས་བྱེད་པ་དང་། ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་རུལ་སུངས་གནད་དོན་དབྱེ་འབྱེད་བྱེད་པ། ཚུལ་མིན་སྤྱོད་ཚུལ་ལ་བཅོས་སྐྱོང་བྱས་པ་ལས་རུལ་སུངས་ཀྱི་གནད་དོན་ལ་སྣང་ཆུང་བྱེད་པའི་སྣང་ཚུལ་མི་འབྱུང་བར་བྱེད་པ། ཚུལ་མིན་སྤྱོད་ཚུལ་རྒྱབ་ཕྱོགས་ཀྱི་བྱ་བ་སྒྲུབ་རོགས་བྱེད་པའི་མངག་བཅོལ་དང་ཁེ་ཕན་བརྒྱུད་སྐྱེལ་སོགས་ཀྱི་རུལ་སུངས་གནད་དོན་ཕྱིར་འདོན་བྱེད་པ། རུལ་སུངས་རྒྱབ་ཕྱོགས་ཀྱི་སྐྱིད་འདོད་བག་མེད་སོགས་ཀྱི་སྤྱོད་ཚུལ་གནད་དོན་ལ་ཞིབ་བཤེར་གསལ་བོ་བྱས་ཏེ། རུལ་སུངས་འབྱུང་སའི་ས་ཞིང་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བྱེད་དགོས། སྲོལ་ངན་བཞི་ཡོ་བསྲང་དང་སྤྱོད་ཚུལ་གསར་བ་འཛུགས་པའི་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་ཚུལ་སློབ་གསོ་སྤེལ་བ། དུས་རབས་གསར་བའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། བདེན་འཚོལ་དངོས་གཉེར་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་སྲོལ་བཟང་གྲུབ་པར་བྱེད་དགོས།
གསུམ། ཆ་ཤས་ཇེ་ལེགས་སུ་ཕྱིན་ན། ཁྱོན་ཡོངས་ལ་ཤུགས་རྐྱེན་དང་སྐུལ་ཁྲིད་བྱེད་ཐུབ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ན་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཐུབ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་བྱ་རྒྱུ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྔོན་འགྲོ་ཞིག་ཏུ་བརྩི་བ་དང་། ཁ་ཤས་ཆུང་ཆུང་ཞིག་གིས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ལྟར། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་ཤུགས། མང་ཚོགས་རྩ་འཛུགས་བྱེད་ཤུགས། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་མངོན་གསལ་སྒོས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལོ་བརྒྱ་ཕྲག་གི་ཏང་ཆེན་པོ་གསར་བརྗེའི་རང་བཞིན་གྱི་རྡུང་བཟོའི་ཁྲོད་བསྐྱར་སྐྱེས་ཐུབ་བར་སྐུལ་འདེད་བཏང་སྟེ། སྐྱེ་སྟོབས་གསར་པ་དང་གསོན་ཤུགས་གསར་པ་མངོན་པར་བྱས་ནས། ང་ཚོའི་ཏང་གི་རྣམ་པ་དང་རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ཚང་མས་མཐོང་ཐུབ་པའི་འགྱུར་ལྡོག་གཏིང་ཟབ་འབྱུང་བར་སྐུལ་འདེད་གཏོང་དགོས།
(དང་པོ།)“གཏན་འཁེལ་གཉིས”ལ་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་།“སྲུང་སྐྱོང་གཉིས”མི་སེམས་སུ་གཏིང་ཟབ་པར་ཟུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་ནམ་ཡང་རང་ཉིད་གཙིགས་སུ་མི་འཛིན་པར་ཀྲུང་གོའི་འཕེལ་རྒྱས་ཀྱི་ཆེད་དུ་ཡོད་ཚད་འབུལ”ཞེས་པའི་བརྩེ་སེམས་ཟབ་མོ་དང་། རང་གཅུན་ནན་མོ་བྱེད་པའི་བླ་ན་མེད་པའི་རྣམ་འགྱུར། རང་ཉིད་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ལ་ཡོད་ཚད་འབུལ་བ། ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་ཕྲག་ཏུ་བླངས་པས། ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་མཐོང་དུ་བཅུག་ལ། སྲོག་ཤིང་དང་གཙོ་འཛིན། སྤྱི་ཁྱབ་བཀོད་འདོམས་བཅས་ལ་སྙིང་ཐག་པ་ནས་བརྩི་བཀུར་དང་ཡིད་ཆེས། གཅེས་སེམས་ཆེས་ཆེར་ཕྱིན་ཡོད། ཚང་མས་ཡོངས་ཁྱབ་ཏུ“སྤྱི་ཁྱབ་ཧྲུའུ་ཅིས་སེམས་ཁུར་བྱེད་པ་ནི་དམངས་ཀྱིས་རེ་སྒུག་བྱེད་པའི་དོན་དག་ཡིན་ལ། ཏང་ཀྲུང་དབྱང་གིས་སྒྲུབ་པ་ནི་དམངས་ཀྱིས་བསྟོད་བསྔགས་བྱེད་པའི་ལས་ཀ་ཡིན།”ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་རྒྱུན་སྲིང་ལག་བསྟར་ནུས་ལྡན་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཐའ་གཅིག་ཏུ་ཐག་གཅོད་པ་དང་བརྩི་བཀུར་གཏན་འཁེལ་བྱེད་པའི་དབང་གྲགས་གང་ལེགས་ཀྱིས་མངོན་པ་དང་། ཏང་ཡོངས་ཀྱིས་ཏང་གི་གསར་གཏོད་སྐོར་གྱི་གཞུང་ལུགས་ལ་ཆབ་སྲིད་ཀྱི་ངོས་འཛིན་མོས་མཐུན་དང་། བསམ་བློའི་མོས་མཐུན། གཞུང་ལུགས་ཀྱི་མོས་མཐུན། བརྩེ་དུང་གི་མོས་མཐུན་བཅས་ཇེ་ཆེར་གཏོང་བ་དང་། ཏང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་ཀྲུང་དབྱང་དང་མཐུན་པ། གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་སོང་བས། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་ལེགས་པར་སྒྲུབ་པར་རྨང་གཞི་གལ་ཆེན་བཏང་ནས། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
(གཉིས་པ།)ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་ལས་གཟབ་ནན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུན་ཆད་མེད་པར་གཙང་བསྒྱུར་བྱེད་ཀྱིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས། སྒྲིག་ཁྲིམས་ལྷོད་གཡེང་དང་སྤྱོད་ཚུལ་གཡོ་གཡེང་གི་གནས་ཚུལ་མངོན་གསལ་སྒོས་འགྱུར་ལྡོག་ཕྱིན་པ་དང་། དངོས་གནས་གཟབ་ནན་དོ་དམ་བྱེད་པ་དང་། དོ་དམ་བྱེད་ཕོད་པ་དང་གཟབ་ནན་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་མོ་བྱེད་པ་བཅས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པར་མ་ཟད། ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།“ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་ཡོད་པ་བདུན”གྱི་གནད་དོན་མཐའ་གཅིག་ཏུ་སྔོན་འགོག་དང་རྩད་གཅོད་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་། སྐབས་ཤིག་གི་རིང་དར་ཁྱབ་ཆེ་བའི“མངོན་མེད་སྒྲིག་འགལ”སོགས་ཀྱི་སྤྱོད་ཚུལ་ངན་པ་རིམ་བཞིན་མེད་པར་འགྱུར་བཞིན་ཡོད་ལ། བློ་མཐུན་གྱི་འབྲེལ་བ་དྭངས་གཙང་དང་། སྤྱོད་ཚུལ་སྒྲིག་སྲོལ་ལྡན་པའི་གོང་འོག་གི་འབྲེལ་བ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བཞིན་ཡོད་ལ། སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུན་ཆད་མེད་པར་གྲུབ་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
(གསུམ་པ།)སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་སྤྱོད་ངན་ལ་བཀག་འགོག་ནུས་ལྡན་ཐོབ་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱས་ཡོད། “སྤྱོད་ངན་བཞིའི”གནད་དོན་རྙིང་པ་དང་འཕེལ་ཕྱོགས་གསར་པ་གཅིག་སྡུད་བཅོས་སྒྲིག་བྱེད་པར་དམིགས་ཏེ། རྒྱུན་དུ་མཐོང་བའི་སྤྱོད་ཚུལ་ངན་པ་སྐོར་ཞིག་ཁྱད་བསད་བྱས་པ་དང་། སྐྱིད་འདོད་ཀྱི་སྲོལ་ངན་ཉམས་འགྱུར་རྩ་བའི་ཆ་ནས་མཚམས་བཞག་ཡོད་ལ། རང་སྣང་ཆེ་བ་དང་མང་ཚོགས་ལ་ཁ་བྲལ་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད། གྲོན་ཆུང་ནན་མོ་དང་ཆུད་ཟོས་ལ་ངོ་རྒོལ་བྱས་པར་བརྟེན། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བ་གྲོན་ཆུང་གིས་རོལ་བ་དང་། རྒྱལ་ཡོངས་ཀྱི“གཞུང་དོན་གསུམ”གྱི་འགྲོ་གྲོན་ཆེས་ཆེར་མར་ཆག་ལ། 2023ལོར2012ལོ་ལས68.4%ཇེ་ཉུང་དུ་ཕྱིན་ཡོད། ཏང་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཀག་སྡོམ་གང་ཐུབ་བྱེད་པའི་བསམ་བློའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་བྱུང་ཡོད། ཁེ་ལས་ཀྱི་ཁེ་ཕན་དང་ཁེ་ལས་གཉེར་སྐྱོང་ལ་གནོད་འཚེ་གཏོང་བའི་སྤྱོད་ཚུལ་གྱི་སྐྱོན་ཆར་ཡོ་བསྲང་བྱས་ཏེ། ཚོང་གཉེར་ཁོར་ཡུག་དང་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་། གཉེན་ཉེ་དང་སྲིད་གཙང་གཅིག་གྱུར་གྱི་ཆབ་སྲིད་ཚོང་དོན་འབྲེལ་བ་གསར་པ་སྔར་ལས་ལྷག་པའི་སྒོ་ནས་བཙུགས་པས། སྲིད་གཞུང་གི་ནུས་ཕྱོད་སྔར་ལས་མཐོ་རུ་ཕྱིན་ཡོད། “སྤྱོད་ངན་བཞིའི”གོམས་གཤིས་ལ་ཕན་ནུས་ལྡན་པའི་སྒོ་ནས་འགྱུར་ལྡོག་བཏང་བ་དང་། ལོག་སྤྱོད་ཀྱི་འཚོ་གནས་བར་སྟོང་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་བས། ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བསྒྱུར་བའི་རྣམ་པ་མངོན་འགྱུར་བྱུང་ཡོད།
(བཞི་བ།)ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་ལས་དམ་ཟབ་བྱུང་བ་དང་། ཏང་གིས་ཡུན་རིང་སྲིད་འཛིན་པའི་རྨང་གཞི་སྔར་ལས་སྲ་བརྟན་དུ་ཕྱིན་ཡོད། “གཞི་རིམ་དུ་བསྐྱོད་པ་བཞིའི”ལམ་ལུགས་སློབ་སྦྱོང་དང་ཁྱབ་གདལ་དུ་བཏང་སྟེ། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཏང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་སྣེ་ཁྲིད་དུ་བྱེད་པ། ཏང་ཡོན་གྱི་དང་བླངས་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་བ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་པས། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་ཡོད། མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཤུགས་ཆེན་པོས་དག་བཅོས་བྱས་ཏེ། དམངས་འཚོའི་མངའ་ཁོངས་སུ་རུལ་སུངས་ཆུང་བ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པའི་འགལ་རྐྱེན་ལ་ཞིབ་བཤེར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དེ་བས་འགན་སྲུང་ལྡན་པ་དང་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པའི“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་དོན་ཚན་བརྒྱད”ཡིན་པས། ཏང་ལ་ཡིད་ཆེས་དང་ཏང་ལ་བརྟེན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། 2024ལོའི་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་སྤྱི་ཚོགས་ཀྱི་སྣང་ཚུལ་དང་དམངས་ཀྱི་འདོད་བློར་བརྟག་དཔྱད་ལས་མངོན་པ་ལྟར་ན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་བློ་ཡིད་ཚིམ་པ་དང་། སྤྱིའི་ཕན་འབྲས་ལ་ཁས་ལེན་གང་ལེགས་ཐོབ་པ་དེ་དག་སོ་སོར97.4%དང94.9% རེད།
ལྔ། ཏང་ཡོན་དང་ལས་བྱེད་པའི་བྱ་བའི་རྣམ་འགྱུར་དང་བསམ་བློའི་ཉམས་འགྱུར་སྔར་ལས་ལེགས་པས། དུས་རབས་གསར་བར་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་སྐུལ་སློང་བྱས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པས། སྤྱོད་ཚུལ་ངན་པ་བཀག་འགོག་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྣེ་ལེན་བྱ་བའི་བཀག་རྒྱ་ལས་ཐར་ནས། སེམས་ཤུགས་ཡོད་ཚད་བྱ་བའི་ཐད་བཀོལ་བ་དང་། བྱ་བའི་འགན་འཁྲིའི་བསམ་པ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ལས་འབྲས་ལྟ་བ་ནོར་འཁྲུལ་ཅན་ཡོ་བསྲང་དང་ལས་སྒྲུབ་ལས་གཏོད་ཀྱི་བརྩེ་སེམས་སྐུལ་སློང་བྱས། དབུལ་ཐར་མཁྲེགས་གཏོར་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། གློ་བུར་དོན་རྐྱེན་ལ་ཁ་གཏད་གཅོག་པ། རང་བྱུང་གནོད་འཚེ་ལ་སྔོན་འགོག་བྱེད་པ་སོགས་ཀྱི་ལས་འགན་གལ་ཆེན་དང་བྱ་བ་གཙོ་བོའི་ཁྲོད་དུ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ལ་ནུས་པ་ལྡན་ཞིང་། ལས་འགན་ཕྲག་ཏུ་བླངས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞུམ་མེད་སྔོན་བརྩོན་དང་དཔའ་སྐྱེད་ཁག་ཁུར་བྱས་པས། ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ལེགས་པོར་མངོན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་དྲག་པོ་གཅིག་སྡུད་བྱས་ཏེ། ཀྲུང་གོའི་བཅོས་སྐྱོང་དང་ནུབ་ཕྱོགས་ཀྱི་ཟིང་ཆའི་བར་ཁྱད་པར་མངོན་གསལ་ལྡན་ལ། འཛམ་གླིང་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན་ཀྲུང་གོའི་བདེ་འཇགས་གནས་བབ་ལྷག་ཏུ་བཟང་། ཚང་མས་ཡོངས་ཁྱབ་ཏུ་བལྟས་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་བཀག་སྡོམ་བྱེད་ཐབས་ཤིག་ཡིན་ལ། སྲུང་སྐྱོབ་བྱེད་ཐབས་ཤིག་ཀྱང་ཡིན་ཕྱིར། བློ་སྒྲིལ་སེམས་སྐྱེད་དང་ལས་སྒྲུབ་ལས་གཏོད་ཐད་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་། དངོས་འཛིན་དངོས་གཉེར་དང་དོན་འཁྱོལ་དམ་འཛིན་གྱི་སྣང་ཚུལ་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་ཡོད།
དྲུག ཏང་གི་སྤྱོད་ཚུལ་ལེགས་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་དང་དམངས་སྲོལ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཁྲིད་སྟོན་བྱས་པ་དང་། སྤྱོད་ཚུལ་བསྒྱུར་བའི་ཐད་གོམ་སྟབས་བརྟན་པོ་སྤོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། དུས་རབས་གསར་བའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་སོགས་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་རང་རྟོགས་སྒོས་སྤྱོད་ཚུལ་མི་ལེགས་པ་བཀག་འགོག་དང་། ཚང་མའི་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་པོ་ལག་བསྟར་བྱེད་ལ། སྤྱི་ཚོགས་ཡོངས་ཀྱི་གོམས་སྲོལ་ལེགས་སྒྱུར་ལ་སྐུལ་ཁྲིད་བྱེད་དགོས། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་སྲོལ་ངན་དོར་ནས། གྲོན་ཆུང་སྲི་ཚགས་དང་། ཆུད་ཟོས་ལ་རྒོལ་བའི་འདུ་ཤེས་མིའི་སེམས་སུ་ཟུག་པར་བྱས་ཏེ། གཉེན་རྟེན་མང་དྲགས་པ་དང་། དུར་འཇུག་གཟབ་རྒྱས་བྱེད་པ་སོགས་ཀྱི་སྣང་ཚུལ་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། རྒྱུ་འབྱོར་འགྲན་སྡུར་བྱེད་པ་སོགས་ཀྱི་འཛད་སྤྱོད་སྲོལ་ངན་རིམ་བཞི་མེད་པར་བཏང་སྟེ། ཟས་རིགས་གྲོན་ཆུང་དང་གད་སྙིགས་རིགས་དབྱེ། ལྗང་མདོག་ཐཱན་ཉུང་བཅས་འཚོ་བའི་ལུགས་སྲོལ་གསར་བར་འགྱུར་བར་བྱས་པ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་དང་དམངས་ཀྱི་སྤྱོད་ཚུལ་ལ་འགྱུར་ལྡོག་མངོན་གསལ་བྱུང་།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་བཏང་བར་མ་ཟད་ཀྲུང་གོར་འགྱུར་ལྡོག་གཏོང་བཞིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པའི་འགྱུར་ལྡོག་ནི་ཕྱོགས་ཡོངས་ཀྱི་འགྱུར་ལྡོག་དང་ཤུགས་རྐྱེན་ཟབ་མོ་ཐེབས་པའི་འགྱུར་ལྡོག མི་ལ་སྐུལ་མ་ཐེབས་པའི་འགྱུར་ལྡོག་བཅས་ཡིན་ལ། དཀའ་ཁག་མདུན་དུ་དམངས་སེམས་གཅིག་སྡུད་དང་བློ་སེམས་གཅིག་སྡུད་ཀྱིས་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་བསྐྲུན་ཞིང་། ད་ལྟའི་མཐུན་སྒྲིལ་ཆེན་མོ་དང་སྟོབས་ལྡན་ནུས་ཆེའི་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་གྲུབ་པ་དང་། ང་ཚོའི་ཏང་གིས་རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཁྲོད་འཐབ་ཇུས་ངེས་ཤུགས་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་པ་དང་། རང་ངོས་གསར་བརྗེའི་བྱེད་ཐབས་ནུས་ལྡན་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་རིམ་ལས་བརྒལ་བའི་དྲིས་ལན་རྙེད་པ་དང་། ལོ་བརྒྱའི་ཏང་ཁག་ཆེན་མོའི་རང་ངོས་གསར་བརྗེའི་ཐབས་ལམ་གསར་བ་བཏོད་པ་ལག་ལེན་ལས་ར་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་ལ་རང་ངོས་གསར་བརྗེའི་སྙིང་སྟོབས་ལྡན་ཞིང་། རང་སྟེང་གི་གནད་དོན་མཐོང་བ་དང་ཐག་གཅོད་བྱེད་ཐུབ་ལ། ནམ་ཡིན་རུང་མི་དམངས་ཀྱིས་ཡིད་ཆེས་བྱས་ཆོག་པ་ལག་ལེན་ལས་ར་སྤྲོད་བྱུང་།
གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་མཉམ་དུ། ང་ཚོས་ཏང་གི་ཉམས་སད་ཆེན་མོ་བཞི་དང་ཉེན་ཁ་རིགས་བཞི་ཡུན་རིང་གནས་པ་དང་། ཏང་ནང་ཁུལ་གྱི་བསམ་བློ་མི་གཙང་བ་དང་རྩ་འཛུགས་མི་ལེགས་པ། སྤྱོད་ཚུལ་མི་ལེགས་པ་སོགས་འབུར་ཐོན་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་མེད་པ་མཐོང་དགོས། སྤྱོད་ཚུལ་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ཡོད་ལ། ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་ལས་འབྱུང་བཞིན་ཡོད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔར་བཞིན་འབུར་དུ་ཐོན་པ། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་སྲོལ་ངན་ནམ་ཡང་གནས་པ། མངོན་མེད་གཞན་འགྱུར་སྤྱོད་ཚུལ་གྱི་རྒྱུན་བསྲིངས་པ། ལྷག་པར་དུ་ཁག་ཁུར་མི་བྱེད་པ་དང་། རང་ཁག་གཞན་འགེལ་བྱེད་པ། ལས་འབྲས་ལྟ་བ་ནོར་བ། ཁ་ངོར་བལྟ་བའི་བཟོ་སྐྲུན་དང་། སྲིད་ཇུས་ལག་བསྟར་ལ་གཅིག་ཆོད་བྱེད་པ། རིག་གནས་ཀྱི་སྣང་ཚུལ་དང་ཚོགས་འདུའི་སྣང་ཚུལ་ལེགས་པོ་མིན་པ། རིག་གནས་བྱེད་སྒོ་དང་ཚོགས་འདུ་མང་དུ་བསྡུ་བ། ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཧེ་བག་ཡོད་པ། མང་ཚོགས་སྣང་མེད་དུ་འཇོག་པ་དང་། མང་ཚོགས་དང་འབྲེལ་འདྲིས་མི་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བ། སྒྲིག་འགལ་གྱི་བཟའ་འཐུང་དང་སྒྲིག་འགལ་གྱིས་ལེགས་སྐྱེས་སྟེར་ལེན་བྱེད་པ། རྟོག་ཞིབ་ཟབ་སྦྱོང་སོགས་ཀྱི་མིང་ཐོག་ནས་གཞུང་དངུལ་བཀོལ་ཏེ་ཡུལ་སྐོར་བྱེད་པ། སྒྲིག་འགལ་གྱིས་འཛུགས་སྐྲུན་བྱེད་པ་དང་། ཐོག་ཁང་དང་ཟ་ཁང་ལ་སོགས་རྒྱས་སྤྲོས་བྱེད་པ། དངོས་ཡོད་དོན་སྙིང་མེད་པའི་ཕྱི་རྒྱལ་ལ་འགྲོ་བའི་བྱེད་སྒོ་དང་རྒྱལ་ནང་གི་རྟོག་ཞིབ་བྱེད་སྒོ་སོགས་སྤེལ་བའི་འབུར་ཐོན་གནད་དོན་ཐད་ལས་བྱེད་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་ཀྱིན་ཡོད། སྤྱོད་ཚུལ་འཛུགས་སྐྲུན་ལ་དངོས་སུ་ལག་བསྟར་བྱེད་བཞིན་པ་ལས་ལེགས་འགྲུབ་འབྱུང་རྒྱུ་མེད་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་ངེས་པར་དུ་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་དཀའ་ཁག་ལ་གདོང་གཏད་དེ། ཡུན་རིང་བྱས་རྗེས་འཇོག་པ་དང་། རྒྱུན་དུ་དམ་འཛིན་བྱས་ནས་ལྷོད་གཡེང་དུ་གཏོང་མི་རུང་།
བཞི་པ། ལག་ལེན་གྱི་ཁྲོད་ནས་ཕྱོགས་སྡོམ་དང་། ཕྱོགས་སྡོམ་བྱས་ནས་མཐོར་འདེགས་གཏོང་བ། གསོག་འཇོག་བྱས་པའི་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་ཕན་འབྲས་མངོན་གསལ་བླངས་པ་དང་། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ལ་རག་ལས་ཡོད། ཏང་ཡོངས་ཀྱིས་གཏན་ཕབ་གཉིས་ནི་དུས་རབས་གསར་བའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་དང་། ལོ་རྒྱུས་ཉམས་མྱོང་ལེགས་ཤོས། ཆེས་དངོས་ཡོད་དང་མཐུན་པའི་ལག་ལེན་གྱི་བསྡོམས་ཚིག་བཅས་ཡིན་ལ། ཏང་དང་མི་དམངས་ཀྱིས་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པའི་ཆེས་ཆེ་བའི་གཏན་འཁེལ་རང་བཞིན་དང་། ཆེས་ཆེ་བའི་གདིང་ཤུགས། ཆེས་ཆེ་བའི་འགན་ལེན་བཅས་ཡིན་པ་སྔར་ལས་གསལ་བོར་རྟོགས་ཡོད། ལོ་ངོ་བཅུ་ཕྲག་ལྷག་གི་གསོན་ཉམས་ལྡན་པའི་ལག་ལེན་བརྒྱུད་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ཆབ་སྲིད་སྐྱེ་ཁམས་དང་སྤྱི་ཚོགས་ཉམས་འགྱུར་ལ་འགྱུར་ལྡོག་གཏོང་བའི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་སུ་གྱུར་བ་དང་། བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱས་ལ། ཉམས་མྱོང་རྩ་ཆེན་བསགས་ཡོད་པས། གཅེས་སྤྲས་བྱས་ཏེ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས།
(གཅིག)གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྐུལ་ཁྲིད་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་གཏན་འབེབ་དང་དོན་འཁྱོལ་ཐད་གཏན་འཁེལ་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས།“སྤྱི་ཁྱབ་ཧྲུའུ་ཅི་མེད་ན་དོན་དག་འདི་འགྲུབ་མི་སྲིད།”འདི་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་ཚད་མཐོའི་ངོས་འཛིན་ཡིན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་དང་འགན་འཁྲི་ནན་དཀྲི་བྱེད་པ། རང་གི་མངའ་ཁོངས་ལ་དོ་དམ་ནན་མོ་བྱས་པས། གོང་རིམ་གྱི་སྣེ་ཁྲིད་དང་འོག་རིམ་གྱིས་རོགས་འདེགས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱས། དུས་རབས་གསར་བ་དང་བསྐྱོད་ལམ་གསར་བར། ཆབ་སྲིད་ཀྱི་ངོས་ནས་སྤྱོད་ཚུལ་གནད་དོན་ལ་ངོས་འཛིན་དང་ལྟ་ཚུལ་འཛིན་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དེ་གལ་ཆེན་དང་གཟབ་ནན་གྱི་ཆབ་སྲིད་འགན་འཁྲིར་བརྩི་བ། འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་བསྒྲུབ་པ་དང་སྣེ་ཁྲིད་ནས་འཛིན་པ་རྒྱུན་འཁྱོངས་བྱེད་པ། གནད་འགག་གྲངས་ཉུང་གིས་མང་ཆེ་བར་དཔེ་སྟོན་སྐུལ་ཁྲིད་བྱས་ནས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གོམས་གཤིས་ཆགས་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་གྱི་རིགས་སོ་སོའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
(གཉིས།)ལུང་གསོ་ཟུང་བསྐྱེད་དང་སྙིགས་དོར་གཙང་སྤེལ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ཏང་གཤིས་སྲ་བརྟན་དང་ཏང་གི་སྒྲིག་ཁྲིམས་གཟབ་ནན་ཡིན་ཚེ་ད་གཟོད་ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་སྔར་ལས་བརྟན་པོ་དང་སྔར་ལས་ནུས་ལྡན་ཡིན་སྲིད། དུས་རབས་གསར་བར་སྤེལ་བའི་སྐབས་རིམ་བྱུང་གི་ཏང་ནང་གི་གཅིག་བསྡུས་སློབ་གསོས་བསམ་བློའི་སློབ་གསོ་གཙོ་གནད་དུ་བཟུང་ཡོད་ལ། ཏང་གི་སྤྱོད་ཚུལ་བླང་བྱར་དམིགས་ནས་བར་ཁྱད་འཚོལ་བ་དང་། ཏང་གཤིས་བླང་བྱར་གཞིགས་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་བླང་བྱར་དམིགས་ནས་བྱེད་ཐབས་ཁ་གསལ་བཏོན་ཡོད། དུས་རབས་གསར་བ་དང་བསྐྱོད་ལམ་གསར་བར། རྒྱུན་རྣམ་རང་བཞིན་གྱི་སློབ་གསོ་དང་གཅིག་བསྡུས་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྐྱོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ལ་སྐུལ་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ཉིད་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པར་སློབ་གསོ་ཁྲིད་སྟོན་བྱེད་པ། ཏང་གཤིས་ཐད་ཀྱི་ལུང་གསོ་ཟུང་བསྐྱེད་སྲ་བརྟན་དུ་གཏོང་བ་དང་། ཏང་སྲོལ་ལེགས་པོར་བརྟེན་ནས་སྙིགས་དོར་གཙང་སྤེལ་བྱེད་པ། ཏང་གི་སྒྲིག་ཁྲིམས་གཟབ་ནན་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྲིག་བྱས་ཏེ། རང་འགུལ་ངང་སྒྲིག་ཁྲིམས་བརྩི་སྲུང་དང་སྤོབས་པ་ཆེན་པོས་ལས་སྒྲུབ་ལས་སྐྲུན་བྱེད་དགོས།
(གསུམ།)སེམས་པ་མང་ཚོགས་ལ་ཕྱོགས་པ་དང་བརྩེ་བ་མང་ཚོགས་ལ་ཕྱོགས་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་ཀྱི་རེ་འདུན་བསྐང་བ་བརྒྱུད་མི་དམངས་མང་ཚོགས་ཀྱི་གོང་བཀུར་ཐོབ་ཡོད། དུས་རབས་གསར་བ་དང་བསྐྱོད་ལམ་གསར་བར། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་བཟང་པོ་བྱེད་པ་དང་། མང་ཚོགས་ལ་ཡིད་ཆེས་བྱེད་པ་དང་མང་ཚོགས་ལ་རྒྱབ་བརྟེན་པ་རྒྱུན་འཁྱོངས་བྱེད་པ། དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ཧུར་ཐག་གིས་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་གནད་དོན་ཡིན་ཚེ་ཚང་མ་གཟབ་ནན་དང་ནན་ཏན་གྱི་རྣམ་འགྱུར་འཛིན་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ཡིན་ཚེ་ཚང་མ་མཐའ་གཅིག་ཏུ་བཅོས་སྒྱུར་བྱས་ནས། མང་ཚོགས་ཀྱིས་ངེས་པ་དོན་གྱིས་མྱོང་ཚོར་ཐུབ་པར་བྱེད་པ་དང་། སྤྱོད་ཚུལ་ལེགས་པོར་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིག་དམ་པོ་བྱེད་དགོས།
(བཞི།)ངེས་པར་དུ་ལམ་ལུགས་ཀྱིས་ཏང་སྐྱོང་པ་དང་སྒྲིག་སྲོལ་གྱིས་ཏང་སྐྱོང་དགོས། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ལ་སྤྱི་ཁོག་ནས་མིག་བཤེར་བྱེད་པ་དང་བྱེ་བྲག་གིས་ནུས་ཤུགས་བཏོན་ནས། གནོད་འཚེ་ལ་ཐད་ཀབ་རྡུང་རྡེག་བྱེད་པ་དང་། དངོས་གཉེར་གོ་ཆོད་ཡོང་བ་བྱས་ནས། ལམ་ལུགས་ཀྱིས་ཏང་སྐྱོང་པ་དང་སྒྲིག་སྲོལ་གྱིས་ཏང་སྐྱོང་པའི་རྒྱལ་ཁའི་དཔེ་སྟོན་བྱ་དགོས། དུས་རབས་གསར་བའི་རྒྱང་བསྐྱོད་གསར་བའི་ལམ་ཆེན་སྟེང་དུ། བཅོས་སྒྱུར་གྱི་སྙིང་སྟོབས་དང་གཟབ་ནན་གྱི་ཚད་གཞི་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་དོ་དམ་བྱེད་དགོས། ཏང་གི་འཛུགས་སྐྲུན་གྱི་ལམ་ལུགས་བཅོས་སྒྱུར་བྱ་བ་དེ་སྔར་ལས་གཏིང་ཟབ་སྒོས་སྤེལ་ནས། ལམ་ལུགས་འཛུགས་སྐྲུན་དེ་སྤྱོད་ཚུལ་འཛུགས་སྐྲུན་གྱི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུ་དམ་འཛིན་དང་། ཕྱོགས་གཅིག་ནས་ལག་་བསྟར་བྱ་བ་དམ་འཛིན་བྱེད་དགོས། སྒྲིག་སྲོལ་ནན་མོའི་སྟེང་ཤུགས་འདོན་པ་དང་། སྡོམ་གཅུན་བྱ་བ་སྲ་བརྟན་དུ་བཏང་ནས། སྤྱོད་ཚུལ་འཛུགས་སྐྲུན་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྐུལ་འདེད་གཏང་དགོས།
(ལྔ།)ངེས་པར་དུ་དངོས་འཛིན་མཁྲེགས་རྒོལ་རྒྱུན་འཁྱོངས་བྱས་ནས་བྱས་རྗེས་འཇོག་དགོས། ང་ཚོ་ཏང་གིས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན། ལྕགས་ལ་མདུད་པ་རྒྱག་པ་ནང་བཞིན་གྱིས་ནུས་ཤུགས་དང་ཤེད་ཤུགས་བཀོལ་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་བྱ་སྤྱོད་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་ཏེ། བཀའ་རྒྱ་ལག་བསྟར་དང་སྡོམ་གཅུན་བརྩི་སྲུང་བྱེད་ཐུབ་པར་བྱ་དགོས། དུས་རབས་གསར་བའི་རྒྱང་བསྐྱོད་གསར་བའི་ལམ་ཆེན་སྟེང་། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ནས། ལྟ་བཤེར་ནན་མོ་དང་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པར། མི་མངོན་པའི་དབྱིངས་ན་གནས་ཚུལ་མི་ལེགས་པའི་ཚུལ་ཙམ་ཡོད་ན་དུས་ལྟར་སྔོན་འགོག་བྱེད་དགོས། དེ་མིན་ད་དུང་ཏང་གི་སྔུན་བསྐྱོད་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་སྤྱོད་ཚུལ་མི་ལེགས་པ་ཡོད་ཚེ་མཐའ་གཅིག་ཏུ་འཐབ་རྩོད་བྱ་ཐུབ་དགོས། སྤྱོད་ལེགས་སྒྲིག་བརྩི་དང་རུལ་སུངས་ལ་རྒོལ་བ་གཉིས་ཟུང་འབྲེལ་བྱས་ནས། གཟབ་ནན་གྱི་གཞི་གདངས་དང་གཟབ་ནན་གྱི་བྱེད་ཕྱོགས། གཟབ་ནན་གྱི་མཁའ་དབུགས་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ནས། ཏང་གི་ངོ་བོ་མི་འགྱུར་བ་དང་ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བར་ཁག་ཐེག་བྱ་དགོས།
(དྲུག) ངེས་པར་དུ་འགན་འཁུར་གསལ་བོ་དང་འགན་འཁུར་ནན་བཙིར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་དངོས་འབེབ་བྱེད་ཚེ། འགན་འཁུར་གྱི་ལམ་ལུགས་ལ་འཁེན་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་ཀྱི་ཁག་འཁུར་འགན་སྒྲུབ་ཀྱི་འགན་འཁུར་ལ་འཁེན་དགོས། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ལམ་ཆེན་སྟེང་། སྤྱོད་ཚུལ་འཛུགས་སྐྲུན་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པ་ཡིད་ལ་ངེས་པར་དུ་བརྟན་པོར་འཛིན་དགོས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གནས་བབ་ལས་འགན་དང་སྦྲེལ་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་་ས་གནས་རང་བཞིན་དང་ལས་རིགས་རང་བཞིན། དུས་རིམ་རང་བཞིན་གྱི་ཁྱད་ཆོས་དམ་འཛིན་ཡང་དག་བྱས་ནས། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་ནས། རིམ་པ་རེ་རེ་ནས་དངོས་འབེབ་དམ་འཛིན་བྱེད་དགོས། འགན་འཁུར་གྱི་གཙོ་གཟུགས་གསལ་བ་དང་། འགན་འཁུར་གྱི་བླང་བྱ་གསལ་བ། དཔྱད་ཞིབ་འགན་འཁུར་རྗེས་འདེད་གསལ་ཐག་ཆོད་པ་བཅས་ལས་སྐུལ་འདེད་གཏོང་དགོས།
སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་ལམ་དུ་ཡོད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་ལམ་ན་ཡོད། ཏང་གི་རང་ཉིད་གསར་བརྗེ་ནམ་ཡང་ལམ་དུ་ཡོད། མིག་སྔར། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་བྱ་བ་དེ་ལག་ལེན་བྱེད་སྒང་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བློ་སེམས་ཞིབ་མོས་རྩ་འཛུགས་ལག་ལེན་བྱ་དགོས། ཏང་ཡོན་དང་ལས་བྱེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་དང་དེའི་ཞིབ་ཕྲའི་ལག་ལེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པར་སྐུལ་མ་བཏང་ནས། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་བཀོལ་སྤྱོད་དང་སློབ་སྦྱོང་ལེགས་པོ་བྱེད་དགོས། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་མཉམ་དུ་སྐུལ་འདེད་བཏང་ནས། སློབ་སྦྱོང་གི་རྒྱུ་སྤུས་ལེགས་ལ། ཞིབ་བཤེར་གྱི་ཤུགས་ཚད་དྲག་པ། བཅོས་སྒྱུར་གྱི་གྲུབ་འབྲས་མངོན་པར་ཁེག་ཐག་བྱས་ཏེ། སྤྱོད་ཚུལ་བཟང་པོའི་ཕྱོགས་སུ་མི་སེམས་གོང་བུ་གཅིག་ཏུ་འདྲིལ་ཞིང་། ལས་སྒྲུབ་ལས་གཏོད་བྱས་ནས། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་་སྐུལ་འདེད་གཏོང་པར་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།
བསོད་ནམས་ཚེ་རིང་དང་ཁོན་ཐར་དབང་རྒྱལ། རིན་ཆེན་མཚོ། ཤ་བོ་རིན་མཚོ། ལྷ་མོ་མཚོ། ཤ་བོ་གསེར་མཚོ། སྐལ་བཟང་རྣམ་རྒྱལ་བཅས་ཀྱིས་བསྒྱུར།