ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་ལེའུ་གསར་པ་འབད་པས་བརྩམས།
2025.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མེད་ན་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་མེད་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་མེད་ན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དེ་ཆ་ཚང་ཞིག་མིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་ནས།  གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ་འཆར་གཞི་ལེགས་པོ་བཀོད་པའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། ཀྲུང་གོའི་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད།

དབྱར་གསུམ་གྱི་དུས་སྐབས་སུ། མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་འབུམ་བརྒྱད་ལྷག་གིས་ཉིན་རེར་ཆ་སྙོམས་ཀྱིས་མུའུ་བྱེ་བ་གཅིག་དང་ས་ཡ་གཉིས་ཀྱི་ལས་ཀ་སྒྲུབ་ཐུབ་པ་དང་། བྱང་སྐར་སྤུན་བདུན་མ་ལག་དང་ཟོག་འབྲེལ་དྲ་བ། རབས་ལྔའི་ལག་རྩལ་བཅས་མཉམ་འདྲེས་གཏིང་ཟབ་བྱས་ལ། “གནམ་ས་གཞི་གཅིག་ཅན”གྱི་རིག་སྟོབས་ཞིང་ལས་ཀྱི་དྲ་རྒྱ་བཙུགས་ནས། ལོ་ངོ་སྟོང་ཕྲག་གི་ཞིང་ལས་ཀྱི་ཉམས་མྱོང་དེ་ཚད་འཇལ་ཐུབ་པའི་གཞི་གྲངས་ཀྱི་སྐད་བརྡར་བསྒྱུར།

“གནམ་ལ་བརྟེན་ནས་ཟ་མ་ཟ་བ”ནས“གནམ་ལ་བལྟས་ནས་ལས་ཀ་བྱེད་པའི་”ཕྱོགས་སུ་བསྐྱོད་པ་དང་། ཞིང་ལས་ཐོན་སྐྱེད་བྱེད་སྟངས་ལ་འཕོ་འགྱུར་ཟབ་མོ་བྱུང་བ་དེས་གྲོང་གསེབ་དེང་རབས་ཅན་ལ་སྒུལ་ནུས་གསར་པ་སྩོལ་བཞིན་ཡོད། ཤར་རྒྱུད་དུ་ཀྲེ་ཅང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཁྲི་གཉིས་དང་སྟོང་བདུན་གྱིས“ཨང་གཅིག་ཀུན་སྒྲུབ” མངོན་འགྱུར་བྱུང་བ་དང་། “ཀྲེ་ཅང་གི་ཞིང་ལས་ཨང་རྟགས”ཆུང་ཆུང་ཞིག་གིས་གྲོང་གསེབ་བཅོས་སྐྱོང་ཐད་དྲ་རྒྱའི་ནུས་པ་འདོན་སྤེལ་བྱས་ནས།  “གཞི་གྲངས་རྒྱུག་ལམ་གྱིས་མང་ཚོགས་རྒྱུག་ལམ་གྱི་ཚབ་བྱས།”  དབུས་རྒྱུད་དུ་ཧུའུ་ནན་ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་གསེབ་མྱུར་སྐྱེལ་ཞབས་ཞུའི་ཁྱབ་ཚད98%ལ་སླེབས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་གཉིས་ཀྱི་འཁོར་རྒྱུག་གི་རྣམ་པ་ཕྱོགས་ཡོངས་ནས་ཤར་གཏོང་བྱས།  ནུབ་རྒྱུད་དུ་སི་ཁྲོན་གྱི་སྲིད་འཛིན་གྲོང་གསེབ་ཁྲི་གཉིས་དང་སྟོང་དྲུག་གིས“གྲོང་གསེབ་རེ་རེར་རབས་ལྔའི་དྲ་རྒྱ་ཤར་གཏོང་བྱེད་པའི”ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་པ་དང་། རབས་ལྔའི་སྦྲེལ་ཚུགས་ འབུམ་གཉིས་དང་སྟོང་བདུན་གྱིས་གྲུབ་པའི་ཆ་འཕྲིན་མྱུར་བགྲོད་གཞུང་ལམ་གྱིས་སི་ཁྲོན་གྱི་བགྲོད་ལམ་ཤར་གཏོང་བྱས།

རི་ཆུ་བརྒལ་ཞིང་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་འདི་དག  ཀྲུང་གོའི་ཞིང་པ་དུང་ཕྱུར་མང་པོའི་རེག་ཐུབ་མྱོང་ཟིན་གྱི་བདེ་སྐྱིད་ཀྱི་རེ་ལྗོངས་སུ་འགྱུར་བཞིན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད།  ས་སེར་མཐོ་སྒང་ནས་ཕེབས་ཡོང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ་”གནད་དོན་ལ་རྒྱུས་ལོན་ཟབ་མོ་ཡོད་པ་མ་ཟད་བརྩེ་བ་ཟབ་མོ་ཞིག་ཡོད།

རི་བོ་ཐའེ་ཧང་དུ་ཡོད་པའི་ཧོ་པེ་ཧྥུ་ཕིན་ནས། “དཀའ་སྡུག་ཆེ་བའི”ཀན་སུའུ་ཏིང་ཞི་བར་དང་། གསར་བརྗེའི་གནས་རྙིང་ཅིན་ཀང་རི་བོ་ནས། “རི་བོ་བརྒལ་ནས་ཉིན་གཅིག་འགྲོ་དགོས”ཞེས་པའི་རི་བོ་ཏ་ལེའང་གི་བར་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་ཁ་བ་བུ་ཡུག་ལ་མ་འཛེམ་པར་དབུལ་ཕོངས་ཡིན་མིན་དང་བདེ་སྡུག་དྲིས་ལ། མང་ཚོགས་དང་ཁ་བརྡ་བྱས་ཏེ་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅུ་བཞི་ལ་ཞབས་ཀྱིས་བཅག

གནད་འཁེལ་དབུལ་སྐྱོར་གྱི་འདུ་ཤེས་བཏོན་པ་ནས“གནད་ཕིགས་དྲུག”དང“སྐོར་ཐེངས་གཅིག་ཅན་ལྔ”ལག་བསྟར་བྱས་པའི་བར་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྤྱིའི་ཕར་རྒོལ་གྱི་བཀའ་རྒྱ་བཏང་བའི་བར། རིམ་པ་ལྔ་བའི་ཧྲུའུ་ཅིས་དབུལ་སྐྱོར་བྱ་བ་དམ་འཛིན་བྱེད་པ་དང་ཏང་ཡོངས་སུ་སྐུལ་སློང་བྱས་ནས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། གནད་ཕིགས་དབུལ་ཐར་བྱ་བ་དེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྲས་ཀྱི་གཅིག་ཏུ་བརྩིས་ཏེ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་བཅས་གང་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམས་མཛད་པ་དང་དམག་སྤྱི་གནང་ལ། དངོས་སུ་ལྟ་སྐུལ་མཛད་པ་དང་། དབུལ་ཐར་མཁྲེགས་གཏོར་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་མ་མཐའི་ལས་འགན་དུ་བརྩིས་ནས། ཀྲུང་ཧྭའི་ས་གཞི་ཆེན་མོ་རུ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་སྔར་ལས་ཆེ་བ་དང་སྤེལ་ཤུགས་ཆེས་ཆེ་བ། མི་གྲངས་མང་པོར་ཕན་པའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་ཞིག་སྤེལ།

ལོ་ངོ་བརྒྱད་རིང་གི་འགག་སྒྲོལ་བརྒྱུད་དེ། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱིས་དབུལ་ནག་གནད་དོན་ཐག་བཅད་པ་དང་། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཆོག་པའི་མི་ཡུལ་གྱི་ངོ་མཚར་བསྐྲུན་ལ།  ཀྲུང་གོའི་མི་དམངས་ཐེར་འབུམ་གཅིག་དུང་ཕྱུར་བཞི་ཚང་མ་གཅིག་ཀྱང་མ་ལུས་པར་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་བྱུང་།

དབུལ་ཞྭ་ཕུད་པ་ནི་མཇུག་སྒྲིལ་ས་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་རྩོམ་ས་ཡིན། ཏང་ཀྲུང་དབྱང་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་བཀོད་སྒྲིག་གལ་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག་ཏུ་བརྩིས་ནས།  ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་ལ་གཞི་གཅིག་ཏུ་ཇུས་འགོད་དང་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་དེ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་ཕྱོགས་སུ་མཆོང་བསྐྱོད་བྱེད་པ་མངོན་འགྱུར་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་དང་པོར་ཕྱི་ཕྱོགས་སུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་ཕེབས་ནས་གྲོང་གསེབ་དར་སྤེལ་ལ་རྟོག་ཞིབ་མཛད་པ་དང་།  ལམ་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་མགྱོགས་མྱུར་སྒོས་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུར་བསམ་གཞིགས་གནང་། ཡུལ་མི་ཚོའི་ཡོང་འབབ་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱེད་པའི་ཀུ་ཤུའི་རྟེན་གཞི་དང་།  ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་ཉ་པའི་གྲོང་ཚོ། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་སྔོ་ཚལ་ཁྱམས་རིང་བཅས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་སྔར་ལས་སྟོབས་ལྡན་དུ་བསྒྱུར་བ་དང་གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པ། ཞིང་པ་སྔར་ལས་ཕྱུག་པོར་བསྒྱུར་བ་བཅས་ལ་དམིགས་ནས་རྟོག་ཞིབ་ཟབ་མོ་མཛད་པ་དང་།  ས་ཆ་སོ་སོས་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ནས་རང་ཉིད་དང་འཚམ་པའི་དར་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་པ་ནན་གྱིས་བསྟན།

ཞིང་དར་ཞིང་ཕན་དང་ཞིང་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་། ཀྲུང་དབྱང་གི་སྔོན་རྩིས་ནང་དུ་དངུལ་གཏོང་དང་།  ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་།  2012ལོ་ནས2024ལོའི་བར།  རྒྱལ་ཁབ་ནོར་སྲིད་ཀྱིས་ཞིང་ནགས་ཆུ་གསུམ་གྱི་བྱ་བའི་ཐད་སྤྱད་པའི་འགྲོ་གྲོན་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་དང་ཁྲག་ཁྲིག་གཉིས་ནས་སྒོར་ཁྲག་ཁྲིག་ཆེན་པོ་གཉིས་དང་ཁྲག་ཁྲིག་བདུན་ལ་འཕར།

རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་བརྟན་དུ་བཏང་།  འབྲུ་རིགས་ཀྱི་ཐོན་ཚད་བསྟུད་མར་ལོ་བཅུའི་རིང་ལ་རྒྱ་མ་ཁྲག་ཁྲིག་ཆེན་པོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་ལ་སླེབས་པ་དང་། 2024ལོར་ཐོག་མར་རྒྱ་མ་ཁྲག་ཁྲིག་ཆེན་པོ་གཅིག་དང་ཁྲག་ཁྲིག་བཞི་ལས་བརྒལ་ལ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས།

གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་བྱུང་དང་དབུལ་ཕོངས་སུ་མི་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱས། དབུལ་ཐར་རྫོང832ཀྱིས་གཙོ་ཁྲིད་ཐོན་ལས2ནས3གསོ་སྐྱོང་བྱས་པ་དང་།  སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་དང་ཁྲག་ཁྲིག་བདུན་ལས་བརྒལ་ཞིང་། དབུལ་ཐར་མི་འབོར3/4ལ་ཉེ་བ་དང་རྣམ་པ་གསར་བའི་ཞིང་ལས་ལས་གཉེར་གཙོ་གཞིས་ཁེ་ཕན་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་དམ་པོ་བཙུགས། དབུལ་ཐར་ངལ་རྩོལ་པའི་ལས་ཞུགས་མི་གྲངས་བསྟུད་མར་ལོ་བཞི་ལ་མི་བྱེ་བ་གསུམ་གྱི་ཡན་དུ་བརྟན་པོར་གནས་པ་དང་།  ཞིང་སྡེའི་མི་འབོར་ལ་ཁེབས་པའི་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་གཞི་གྲངས་ཆེན་མོའི་ཆ་འཕྲིན་མ་ལག་གང་མགྱོགས་ངང་བཙུགས་ནས།  ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ལས་ཆོད་མངོན་གསལ་སྒོས་ཇེ་ཆེར་སོང་།

རྒྱ་ཆེའི་ཞིང་པས་ཞིང་སྡེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་དེ། ཞིང་པ་དུང་ཕྱུར་མང་པོའི་བདེ་སྐྱིད་ཀྱི་དོན་དངོས་སུ་འགྱུར་བཞིན་ཡོད། ད་ལྟ།  ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་སོང་།  ཞིང་སྡེའི་སྤྱོད་ཁང་ཁྱབ་ཚད76%ཡས་མས་ལ་སླེབས་པ་དང་།  འཚོ་བའི་བཙོག་ཆུ་བཅོས་སྐྱོང་གི་ཚད45%ལས་བརྒལ་ཞིང་། འཚོ་བའི་གད་སྙིགས་བསྡུ་དབོར་ཐག་གཅོད་བྱེད་པའི་སྲིད་འཛིན་སྡེ་བའི་བསྡུར་ཚད90%ཡན་དུ་བརྟན་པོར་གནས་ཡོད། ཞིང་སྡེའི་གཞུང་ལམ་སྤྱི་ལེ་ས་ཡ་བཞི་དང་འབུམ དྲུག་ཞིང་སྡེ་དང་ཡུལ་ཚོའི་བར་ཤར་གཏོང་བྱས་པ་དང་། ཡུག་སྦྲེལ་དྲ་གྲུབ་ཀྱི་ཞིང་སྡེའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་དྲ་རྒྱ་བསྐྲུན་ལ། ཐོན་ཡུལ་གྱི་སྒྲིག་ཆས་ཀྱི་གཞི་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གསུམ་ལས་བརྒལ་བ་དང་། ཞིང་སྡེའི་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་ཧ་ལམ་ལེགས་འགྲུབ་བྱུང་ལ། རྫོང་དང་གྲོང་ཁྱེར། ས་ཁུལ་སྟོང་གཉིས་བརྒྱ་དང་གྱ་བརྒྱད་ཀྱིས་དམ་ཟབ་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས།

ད་ལྟ། མཁར་གྲོང་འཕེལ་རྒྱས་ཀྱི་བཀག་རྒྱ་ཟམ་མི་ཆད་པར་སེལ་བ་དང་། རྒྱུ་རྐྱེན་གཙོ་བོ་ཕྱོགས་གཉིས་སུ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་ཀྱིན་ཡོད། ན་གཞོན་འཇོན་མི་སྔར་ལས་མང་པོ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་ནས། ལས་རྣམ་གསར་པ་དང་མ་དཔེ་གསར་པ། རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བཏང་། 2024ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་མི་སྣ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གསུམ་ལ་སླེབས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་ཞིང་སྡེ་ལ་གསོན་ཤུགས་གསར་པ་དང་སྐྱེ་སྟོབས་གསར་པ་བསྣན།

ཞིང་སྡེ་ཡི་གནམ་ས་ཡངས་ཤིང་རྒྱ་ཆེ་བ་དང་ཞིང་ལས་ལ་མདུན་ལམ་ཆེན་པོ་ཡོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་རུ་འགྲེང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག  རང་རྒྱལ་གྱིས་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་གོམ་ཁ་ཆེན་པོས་བསྐྱོད་བཞིན་པའི་སྒང་ཡིན།  ཞིང་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པ་དང་ཞིང་སྡེའི་ས་ཁུལ་སྔར་ལས་དར་རྒྱས་ཆེ་ལ། ཞིང་པའི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པའི་བརྗིད་ཆགས་ཀྱི་རྣམ་པ་ཞིག་ཀྲུང་གོའི་ས་གཞི་ཆེན་མོ་རུ་རིམ་གྱིས་ཁྱབ་བཞིན་ཡོད།

རིན་ཆེན་མཚོས་སྒྲིག་སྒྱུར་བྱས།