ཆབ་སྲིད་བསམ་བློའི་མེ་ཏོག་རྣམ་པར་བཞད།། རྒྱལ་ཁབ་བརྩེ་བའི་འོད་ཀྱིས་འཇིག་རྟེན་གསལ།།
2025.06.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ།  སློབ་ཁྲིད་ཚོགས་པའི་ཅོང་བརྡ་གསལ་ལྷང་ལྷང་དུ་གྲགས་པ་དང་མཉམ་དུ།  ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་ལོ་རིམ་དགུ་བའི་འཛིན་གྲྭ་དང་པོའི་བྱིས་པ་རྣམས་མགྱོགས་མྱུར་ངང་རང་ཉིད་ཀྱི་འདུག་སྟེགས་སུ་སོང་ནས་དྲང་མོར་ཙོག་ཡོད་ལ།  མིག་མདངས་ལ་རེ་བའི་འོད་ཀྱིས་ཁེངས་འདུག  རྒྱུ་མཚན་ནི་དེ་རིང་ཁྱད་པར་ཅན་གྱི་དགེ་རྒནཞིག་ཡོང་ནས་ཁོ་ཚོར་ཆབ་སྲིད་བསམ་བློའི་སློབ་ཁྲིད་བྱེད་རྒྱུ་རེད།

དགེ་རྒན་ཁྱད་པར་བ་དེའི་མིང་ལ་ཐཱང་པའོ་རན་ཟེར་ཞིང་།  ཁོ་ནི་ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད།

ཐཱང་པའོ་རན་ཁྲིད་སྟེགས་སུ་དྲང་མོར་ལངས་ནས“སློབ་གྲོགས་ཚོ།  ང་ཚོ་མཛེས་སྡུག་རྣམ་པར་བཀྲ་བའི་ཡུས་ཧྲུའུ་རུ་འཚོ་གནས་བྱས་ཡོད་མོད།  འོན་ཀྱང་ཁྱོད་ཚོས་ཤེས་སམ།  དོན་ངོ་མར་བཤད་ན་ཡུས་ཧྲུའུ་ཡི་གནོད་སེལ་རྒུད་སྐྱོབ་ཁྲོད་དུ་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་ང་ཚོར་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཡོད།  འདི་ནི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཡིན”ཞེས་བཤད་བཞིན་མགྱོགས་མྱུར་ངང་བརྗོད་གཞི་དངོས་ཀྱི་ནང་དུ་ཞུགས།

སློབ་གྲོགས་རྣམས་ཀྱིས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཁོང་གི་སློབ་ཁྲིད་ལ་ཉན་བཞིན་ཡོད་ལ།  སློབ་གྲོགས་ཆོས་དབྱངས་དབང་སྒྲོན་གྱིས་ལག་པ་བཀྱགས་ནས“དགེ་རྒན་ལགས།  ཅིའི་ཕྱིར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ་རེད”ཅེས་དྲི་བ་དྲིས།

དགེ་རྒན་ཐཱང་པོ་རན་གྱིས“སློབ་གྲོགས་ཚོ།  ང་ཚོ་ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ལ།  མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་སྦྲེལ་ན་ད་བཟོད་ང་ཚོ་ཐུན་མོང་ངང་འཕེལ་རྒྱས་འགྲོ་ཐུབ།  དཔེར་ན་ང་ཚོ་ཡུལ་ཧྲུའུ་དང་འདྲ་བར་ཚང་མས་རོགས་རམ་གྱི་འོག་ནས་འཕེལ་རྒྱས་འགྲོ་བཞིན་ཡོད”ཅེས་སློབ་གྲོགས་ཚོའི་དྲི་བར་ནན་ཏན་སྒོས་ལན་འདེབས་བཞིན་འདུག

བྱིས་པ་ཚོས་ཅི་ཞིག་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ཞེས་པར་གོ་བ་ཟབ་མོ་ལེན་ཆེད།  དགེ་རྒན་ཐཱང་པའོ་རན་གྱིས་སློབ་ཁྲིད་རེ་རེར་གྲ་སྒྲིག་ཚགས་དམ་པོར་བྱས་ཏེ་སྤྲོ་སྣང་ལྡན་པའི་དཔེ་བརྗོད་དྲངས་ནས་དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་སློབ་ཁྲིད་བྱེད་བཞིན་ཡོད་ལ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ས་བོན་ཤེས་མེད་ཚོར་མེད་ངང་བྱིས་པ་ཚོའི་སེམས་པའི་གཏིང་རུམ་ཏུ་འདེབས་བཞིན་ཡོད།

དྲང་མོར་བཤད་ན།  དགེ་རྒན་ཐཱང་པའོ་རན་ནི་ཁུལ་མི་རིགས་སློབ་འབྲིང་གི་བྱིས་པ་ཚོའི་ངོ་ཤེས་རྙིང་བ་ཡིན།  2024ལོ་ནས་བཟུང་།  ཁུལ་མི་རིགས་སློབ་འབྲིང་གིས་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ།  ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་གཞོན་པས་མགོ་ཁྲིད་དེ《དུས་རབས་གསར་བ་དང་ཕ་ཡུལ་གསར་བར་བྱས་རྗེས་ཡོད་པའི་ན་གཞོན་གསར་བ་ཞིག་བྱེད》ཅེས་པ་དང《གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཚད་ལྡན་གྱི་རྒྱུན་འཛིན་པ་ཞིག་བྱེད》ཅེས་པ་སོགས་ཀྱི་བསམ་བློའི་ཆེད་དོན་སློབ་ཁྲིད་འཚོགས།

ཐཱང་པའོ་རན་གྱིས་བཤད་རྒྱུར།  “2024ལོའི་ཟླ6པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དེ་ང་ཚོའི་སློབ་གྲྭའི་དགེ་རྒན་རེ་རེའི་སེམས་ཁུངས་སུ་དམ་པོར་བཟུང་ཡོད་ལ།  དེས་ང་ཚོར་སློབ་གསོའི་ཐབས་ལམ་གསར་བ་རྙེད་པར་བྱས་ཡོད་པས།  ང་ཚོས་ཁོང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་སློབ་གྲྭའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་གཙོ་གནད་དུ་བཟུང་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་བརྗོད་པ་དང་།  དུས་རབས་གསར་བའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ།  མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་གི་ལོ་རྒྱུས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏམ་རྒྱུད་སོགས་ལེགས་པར་བརྗོད་ཡོད།  ང་ཚོས་སློབ་མ་ཚོའི་དོ་སྣང་བྱེད་ཡུལ་ནས་མགོ་བརྩམས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིའི་ཁྲོད་སིམ་པར་བྱེད་པ་དང་།  ཡུས་ཧྲུའུ་ཡི་ས་གནས་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་དང་ཟུང་འབྲེལ་བྱས་ནས།  སློབ་གྲོགས་ཚོར་རླབས་ཆེན་གྱི་ཕུགས་བསམ་ཡོད་པ་དང་རྒྱལ་ཁབ་དུང་བ་ཟབ་པའི་མི་ཞིག་ཏུ་འགྱུར་བར་སྐུལ་མ་བཏང་ཡོད།

སློབ་གྲྭའི་མགོ་ཁྲིད་ཚན་ཆུང་གི་སློབ་ཁྲིད་རེ་རེ་ཡིས་དགེ་རྒན་རྣམས་ལའང་བློ་བསྐྱེད་གསར་བ་ཐོབ་བཞིན་ཡོད།

ལོ་རིམ་དགུ་བའི་འཛིན་གྲྭ་དང་པོའི་འཛིན་བདག་འཇམ་དབྱངས་སྒྲོལ་མས་བཤད་རྒྱུར།  “ཐཱང་ཧྲུའུ་ཅི་རྒྱ་རིགས་ཤིག་ཡིན་ནའང་ཁོ་རང་ཡུས་ཧྲུའུ་རུ་ལོ་ངོ་བཅུ་ཕྲག་འགར་འཚོ་བ་རོལ་ནས་ཡུས་ཧྲུའུ་ཡི་སློབ་གསོའི་ལས་རིགས་ལ་བྱས་རྗེས་བཞག་ཡོད།  ཁོའི་ཉམས་མྱོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་གཏོང་བ་ཞེས་པར་དེ་བས་ཀྱང་འགྲེལ་བཤད་ཟབ་མོ་བྱེད་ཐུབ”ཟེར།

འཇམ་དབྱངས་སྒྲོལ་མ་ནི་ཡུས་ཧྲུའུ་མི་རིགས་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ།  ཕུལ་དུ་བྱུང་བའི་ལོ་རྒྱུས་དགེ་རྒན་ཞིག་ཡིན་པའི་ངོས་ནས།  ཁོ་མོས་ཧུར་ཐག་གིས་སློབ་གྲྭའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱས་ཡོད།

ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་གིས“ཅི་ལྟར་ཆབ་སྲིད་ཆབ་བསམ་བློའི་སློབ་ཁྲིད་ཀྱི་དཔུང་སྡེ་འཛུགས་དགོས”ཞེས་པ་བརྗོད་གཞི་བྱས་ནས་སློབ་དཔྱོད་དབྱེ་ཞིབ་བྱ་འགུལ་སྤེལ་ཏེ། ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་ཆེད་བསྐོས་དགེ་རྒན་དང་ལོ་རྒྱུས་དགེ་རྒན།  རྒྱ་ཡིག་དགེ་རྒན་སོགས་སློབ་གྲྭའི་ཆབ་སྲིད་བསམ་བློའི་དགེ་རྒན་གྱི་དཔུང་སྡེ་རུ་བཅུག་པ་དང་།  བྱེད་ཐབས་གཅིག་བསྡུས་བྱས་ཏེ་སློབ་གྲྭའི་ཆབ་སྲིད་བསམ་བློའི་སྤུས་ལེགས་སློབ་ཁྲིད་བཟོ་བར་དབྱེ་ཞིབ་བྱས། འཇམ་དབྱངས་སྒྲོལ་མས་རང་འགུལ་གྱིས་མིང་ཐོ་བཀོད་དེ་ཚང་མའི་སྔོན་ལ་འཛིན་གྲྭའི་ནང་དུ《གཏམ་རྒྱུད་གསུམ་ལེགས་པར་བརྗོད་པ》ཞེས་པ་དང《ཏང་གི་སློབ་སྦྱོང་ཐུང་ངུ》སོགས་ཆེད་དོན་སློབ་ཁྲིད་སོགས་ཁྲིད་མགོ་བརྩམས་པ་དང་།  དཔེ་ཆའི་སྟེང་ནས་འགྲེལ་བཤད་བྱེད་པ་དང་མཚོན་བྱེད་ཅན་གྱི་དཔེ་གཞི་ལ་དབྱེ་ཞིབ་བྱེད་པ་སོགས་ཀྱི་རྣམ་པས་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་རྣམ་དཔྱོད་ལྡན་པའི་དུས་རབས་ཀྱི་སྙིང་བཅུད་ཡང་བསྐྱར་མངོན་པར་བྱས།

ཐེངས་ཤིག་ལ།  མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་འཆད་སྐབས།  འཇམ་དབྱངས་སྒྲོལ་མས་ཡུས་ཧྲུའུ་ཡི་གནོད་སེལ་རྒུད་སྐྱོབ་ཁྲོད་དུ་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་རོགས་སྐྱོར་བྱས་པའི་མཚོན་བྱེད་ཅན་གྱི་དཔེ་བརྗོད་མཉམ་སྤྱོད་བྱས་ཏེ།  སློབ་མ་རྣམས་ཡིད་འགུལ་ཚད་མེད་ཐེབས་པར་མ་ཟད་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ལའང་གོ་བ་གཏིང་ཟབ་ལོན།

ལོ་རིམ་དགུ་བའི་འཛིན་གྲྭ་དང་པོའི་སློབ་གྲོགས་ཚེ་འཕེལ་རྡོ་རྗེ་ཡིས་བཤད་རྒྱུར།  “ང་ཚོ་ཚང་མ་དགེ་རྒན་སྒྲོལ་མའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ལ་དགའ་བར་མ་ཟད།  ཁོང་གིས་བཤད་པའི་གཏམ་རྒྱུད་ལ་དེ་བས་ཀྱང་དགའ།  གཏམ་རྒྱུད་ལ་ལས་ཡིད་འགུལ་ཐེབས་སུ་འཇུག་ལ་ལ་ལས་སྤྲོ་སྣང་འཕེལ་བར་བྱེད།  གཏམ་རྒྱུད་དེ་དག་ལ་ཉན་རྗེས་ང་ཚོས་ཀྱང་མི་རིགས་མཐུན་སྒྲིལ་གྱི་གོ་དོན་ལ་བློ་བསྐྱེད་གསར་བ་ཐོབས་ཡོད”ཟེར།

འཇམ་དབྱངས་སྒྲོལ་མས་གཤམ་གྱི་སློབ་མ་ཚོས་སྤྲོ་སྣང་ལྡན་པའི་ངང་ཉན་བཞིན་པ་མཐོང་བས།  མོས་ཀྱང་འདི་ལྟ་བའི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མ་རྣམས་ལ་ཆབ་སྲིད་བསམ་བློའི་ཤེས་བྱ་ལ་གོ་བ་ལོན་པར་ཕན་པ་ཡོད་པ་ཤེས་གསལ་བྱུང་།  དེ་བས་ཁོ་མོས་རང་ཉིད་ཀྱི་སློབ་ཁྲིད་སྐབས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བརྗོད་བྱ་མང་བོ་དང་མཉམ་འདྲེས་བྱེད་མགོ་བརྩམས།

འཇམ་དབྱངས་སྒྲོལ་མས“ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་རྩ་གནད”དེ་ལོ་རྒྱས་ཀྱི་སློབ་ཁྲིད་ཁྲོད་མཉམ་འདྲེས་བྱས་པ་དེས་སློབ་མ་ཚོའི་སློབ་ཁྲིད་ལ་ཉན་པའི་སྤྲོ་སེམས་འཕེལ་བར་བྱས། 

འཇམ་དབྱངས་སྒྲོལ་མའི་ཐེངས་འདིའི་ཚོད་ལྟའི་སློབ་ཁྲིད་ཀྱིས་ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་ལ་ཁྱད་ཆོས་ལྡན་པའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་སྤེལ་བར་རིག་ལམ་གསར་བ་འདོན་སྤྲོད་བྱས་ཡོད་ལ།  མི་འགྱངས་བར་བསླབ་ཚན་རེ་རེའི་ཁྲོད་དུ་ཆབ་སྲིད་བསམ་བློ་འདྲེས་བར་བྱེད་པ་ནི་སློབ་གྲྭ་འདིའི་ཁྱད་ཆོས་ཤིག་དུ་འགྱུར་ངེས་ཡིན།  རྒྱ་ཡིག་སློབ་ཁྲིད་སྟེང་དུ“སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་གྱེར་འདོན”བྱེད་པ་དང་།  ས་རྒྱུས་སློབ་ཁྲིད་སྟེང“སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས”ལ་མཉམ་འདྲེས་བྱས་ཏེ་སློབ་ཁྲིད་བྱེད་པ་སོགས་ཀྱང་ཡོད།

དེར་མ་ཟད།  འཇམ་དབྱངས་སྒྲོལ་མས་ཧུར་ཐག་གིས་སློབ་གྲྭའི་ནམ་རྒྱུན་སྤེལ་བཞིན་པའི“ཆབ་སྲིད་བསམ་བློའི་སློབ་ཁྲིད་དུ་བསྐྱོད་པ”ཞེས་པའི་བྱ་འགུལ་ཁྲོད་ཞུགས་བཞིན་ཡོད།་ལ  ཁོ་མོས་དགེ་གྲོགས་གཞན་དག་དང་ལྷན་དུ་སློབ་མ་རྣམས་ཁྲིད་ནས་ཡུས་ཧྲུའུ་ཁུལ་གྱི་སྲུང་ལམ་དང་སྡེ་ཁུལ།  གསར་བརྗེའི་རྟེན་གཞི་སོགས་ལ་སོང་ནས་ལག་ལེན་སློབ་གསོ་སྤེལ་གྱིན་ཡོད།  གསར་བརྗེའི་རྟེན་གཞི་རུ་ཁོ་མོས་སློབ་མ་ཚོར་གསར་བརྗེའི་སྔོན་བྱོན་པའི་གཏམ་རྒྱུད་བརྗོད་དེ་སློབ་མ་ཚོར་ད་སྐབས་ཀྱི་འཚོ་བ་ལ་གཅེས་འཛིན་བྱེད་དགོས་པ་ཤེས་སུ་བཅུག་པ་དང་།  སྲང་ལམ་དང་སྡེ་ཁུལ་དུ་སོང་ནས་བགྲོ་གླེང་དང་བཅར་འདྲི་བྱས་ཏེ་ཕ་ཡུལ་གྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱས་པས།  ཕ་ཡུལ་ལ་སྔར་བས་དུང་བ་ཡོད་པར་གྱུར།

འཇམ་དབྱངས་སྒྲོལ་མས་བཤད་རྒྱུར།  “ཁྱོན་ཡོངས་ནས་ཆབ་སྲིད་བསམ་བློའི་སློབ་ཁྲིད་སྤེལ་བ་དེས་སློབ་མ་རྣམས་སྔར་བས་མཐུན་སྒྲིལ་ཡོད་པ་དང་མཛའ་བརྩེ་ཡོད་པ།  སྔར་བས་རྒྱལ་ཁབ་དང་སྤྱི་ཚོགས་ལ་དོ་ཁུར་བྱེད་ཤེས་པར་གྱུར་ཡོད་ལ།  ཁོ་ཚོས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་ཁྲོད་ཞུགས་ཏེ་སློབ་་སྦྱོང་ཁྲོད་ཕན་ཚུན་ལ་རོགས་རམ་ཡང་བྱེད་ཤེས་པར་གྱུར་ཡོད།”

ཡུས་ཧྲུའུ་ཁུལ་དུ་ཐཱང་པའོ་རན་དང་འཇམ་དབྱངས་སྒྲོལ་མ་དང་འདྲ་བའི་སློབ་གསོའི་བྱ་བ་སྒྲུབ་མཁན་ད་དུང་གང་མང་ཞིག་ཡོད་ལ།  ཁོ་ཚོས་རང་ཉིད་ཀྱི་འབད་བརྩོན་དང་བརྩེ་སེམས་ལ་བརྟེན་ནས་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་མེ་ཏོག་མཐའ་ཡས་པའི་རྩྭ་ཐང་སྟེང་དུ་རྣམ་པར་བཞད་ཡོད་ལ།  རྒྱལ་ཁབ་ཀྱི་བརྩེ་བའི་འོ་མཚོ་ཁོ་ཚོའི་སེམས་ཁུངས་སུ་ལྟེམ་མེར་འཁྱིལ་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།