ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་ནང“གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་བྱ་བ་གསར་གཏོད་བྱས་ཏེ་ཏང་གིས་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས”ཞེས་བསྟན་ཡོད། དེ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དམིགས་འབེན་ལ་བཏོན་པའི་བླང་བྱ་བསྐྱར་དུ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་རེད།
2014ལོར། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་། “གཞི་གསུམ”འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་སྐྱོང་བའི་ཆུ་ཚད་ཇེ་མཐོར་གཏོང་བའི«བསམ་འཆར»ལ་གྲོས་འཆམ་བྱུང་སྟེ། ཞིང་ཆེན་ཡོངས་སུ“གཞི་གསུམ”འཛུགས་སྐྲུན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཉིན་རེའི་གྲོས་རིམ་ནང་བཀོད་ཅིང་། “ལོ་གཉིས་ནང་ཕན་འབྲས་ཐོན་པ་དང་ལོ་བདུན་ནང་འགྱུར་ལྡོག་ཆེན་པོ་འབྱུང་བ”ཡི་དམིགས་འབེན་བླང་བྱར་དམིགས་ཏེ། རང་རེའི་ཁུལ་གྱི་གནས་ཚུལ་ངོ་མ་བརྟག་དཔྱད་ཞིབ་འཇུག་དང་ཁོང་དུ་ཆུད་པའི་རྨང་གཞིའི་སྟེང་། «ཀྲུང་གུང་རྨ་ལྷོ་ཁུལ་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའ»བཏོན་པར་མ་ཟད། “གཅིག་གཉིས་གསུམ་བཞི་ལྔ”ཡི་སྤྱིའི་བླང་བྱ་གསལ་པོར་བཏོན་པ་སྟེ།
རིགས་ལམ་གཙོ་བོ་གཅིག སྲིད་སྐྱོང་བའི་ནུས་པ་ཇེ་མཐོར་གཏོང་བ།
ལས་འགན་ཆེན་པོ་གཉིས། བརྟན་འཇགས་དང་འཕེལ་རྒྱས།
བསྒྱུར་བ་གསུམ། གཞི་རིམ་རྩ་འཛུགས་བྱ་བ་དོ་དམ་ཅན་ནས་ཞབས་ཞུ་ཅན་དུ་བསྒྱུར་བ་དང་། གཞི་རིམ་བྱ་བ་རིམ་པ་དམའ་བ་ནས་ཆུ་ཚད་མཐོན་པོར་བསྒྱུར་བ། གཞི་རྩའི་ནུས་པ་སྣ་གཅིག་ཅན་ནས་ཀུན་ཐུབ་ཅན་དུ་བསྒྱུར་བ་བཅས་རེད།
ནང་རྐྱེན་ཆེན་པོ་བཞི། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ། ཚན་རིག་ལྟར་རྟོག་ཞིབ་དང་དཔྱད་འཇོག སྤྱི་ཚོགས་ཀྱི་བརྟན་འཇགས་སྲུང་སྐྱོབ། གཞི་རྩའི་ནུས་པ་མཐོར་འདེགས་བཅས་རེད།
འཛུགས་སྐྲུན་ལྔ། ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན། ཞབས་ཞུའི་གཡུལ་སའི་འཛུགས་སྐྲུན། བྱ་འགུལ་སྤེལ་བའི་ཐེག་བྱད་འཛུགས་སྐྲུན། ལམ་ལུགས་མ་ལག་འཛུགས་སྐྲུན། གཞི་རྩའི་འགན་སྲུང་འཛུགས་སྐྲུན་བཅས་རེད།
རྨ་ལྷོ་ཁུལ་གྱི“གཞི་གསུམ”འཛུགས་སྐྲུན་ལ་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་ནི། ལག་ལེན་བྱེད་རྒྱུར་གཙིགས་འཛིན་དང་། འགུལ་སྐྱོད་སློང་རྒྱུར་གཙིགས་འཛིན་བྱེད་པ། གནད་དོན་ཐག་གཅོད་རྒྱུར་གཙིགས་འཛིན་བྱེད་པ་དེ་ཡིན། གནད་དོན་ཐག་གཅོད་པ་དང་ངོས་འཛིན་བྱེད་རྒྱུ་ཙམ་ལས་མི་ཆོག་པར། ལྷག་ཏུ་དོན་དངོས་ཀྱི་གནད་དོན་ཐག་གཅོད་དགོས་ཞེས་རྨ་ལྷོ་ཁུལ་གྱི་ཁུལ་ཏང་ཨུའི་ཧྲུའུ་ཅི་ཅུས་ཁོ་ཀྲུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
རྨ་ལྷོ་ཁུལ་གྱི“གཞི་གསུམ”འཛུགས་སྐྲུན་གྱི“ལམ་ཐིག”དང“དུས་ཚོད་རེའུ་མིག”ནང་ལས་འགན་གཙོ་བོ་བཞི་བཅུ་རེ་རེ་བཞིན་གསལ་པོར་བཀོད་འདུག
གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩི་རྒྱུར་དམིགས་ཏེ། རྨ་ལྷོ་ཁུལ་གྱིས་ཤུགས་ཆེན་པོ་བསྐྱེད་དེ་གནད་ས་གཞི་རིམ་ལ་འཇོག་པ་དང་། ནུས་ཤུགས་གཙོ་བོ་གཞི་རིམ་དུ་སྐྱེད་པ། གཙོ་བོ་གཞི་རིམ་ལ་འགན་སྲུང་བྱེད་པ་བཅས་ཀྱི་བྱ་བའི་ནང་རྐྱེན་འཛུགས་ཐབས་བྱས་ཤིང་། “གཞི་གསུམ”འཛུགས་སྐྲུན་བྱེད་པའི་རྨ་ལྷོའི་ཐབས་ལམ་འཚོལ་ཞིབ་ཅི་ཐུབ་བྱས།
ལག་ལེན་ཁྲོད་གསར་གཏོད་བྱེད་རྒྱུར་གཙིགས་མཐོང་བྱས་ཏེ“མཐོ་སྒང་གི་གདོང་ལེན་པ”ཞེས་པའི་བཟོ་འགོད་གསར་གཏོད་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིབ་དཔྱད་བྱས་མཐར“གཞི་རིམ་ཆ་འཕྲིན་བྱ་བའི་ལས་སྟེགས”དང“མི་འདང་ས་སེལ་བའི་བྱ་བའི་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ”ཞེས་པའི་ཏང་འཛུགས་ལས་གཞི་གཉིས་ལ་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ཕུལ་བྱུང་ལས་གཞིར་བདམས་པ་དང་། “གཞི་རིམ་གྱི་ཀུན་ཐུབ་ཅན་གྱི་ལས་བྱེད་པའི་དཔུང་སྡེ་བསྐྲུན་པ”ཞེས་པའི་ལས་གཞི་ལ་ཏང་འཛུགས་ལས་གཞི་བཟང་པོར་བདམས།
ཞང་དང་གྲོང་རྡལ་དུ“དགུ་ཡོད”བཟོ་འགོད་ལག་བསྟར་བྱས། མངའ་ཁོངས་ཀྱི་རྫོང་བཞི་ནས་འཕེལ་རྒྱས་བཅོས་བསྒྱུར་དང་འཛུགས་སྐྲུན། ནོར་སྲིད་སོགས་སྡེ་ཁག་མང་པོར་ལག་བསྟར་བྱེད་བཞིན་པའི་ལས་གཞི་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བརྒྱད་གཅིག་བསྡུས་བྱས་རྗེས།ཞང་དང་གྲོང་རྡལ་དུ“དགུ་ཡོད”བཟོ་འགོད་ཉེར་བརྒྱད་ལག་བསྟར་བྱེད་མགོ་བརྩམས་ཤིང་། ཞང་དང་གྲོང་རྡལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།
གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས་གཞི་རིམ་གྱི་བྱ་བ་སྒྲུབ་པའི་ནུས་པ་སྔར་ལས་ཇེ་མཐོར་སོང་། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཞི་རྩའི་ནུས་པའི་ཀློག་སྡེབ་རྩོམ་སྒྲིག་བྱས་འོག “གཞི་གསུམ་སློབ་ཐུན་ཆེན་པོ”སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་དུ་ཀུན་ཐུབ་ཅན་གྱི་ལས་བྱེད་པ་གསོ་སྐྱོང་བྱས་ཤིང་། ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ལ། ཏང་སྲིད་ལས་བྱེད་པའི་གཞི་རྩའི་ནུས་པར་དཔྱད་འཇོག་ཚོད་ལྟའི་བྱ་བ་སྤེལ།
འབབ་རྒྱུན་ཆད་མེད་བཞིན་དུ་གྲུབ་འབྲས་ཡང་ཡང་ཐོབ་པ་ནི། ཏང་འཛུགས་བྱ་བ་སྤེལ་ཏེ“གཞི་གསུམ”རྨང་གཞི་སྲ་བརྟན་དུ་བཏང་བས་ཡིན། མིག་སྔའི་རྨ་ལྷོ་ཁུལ་གྱི“གཞི་གསུམ”འཛུགས་སྐྲུན་བྱ་བའི་ཐད་ཚ་རླབས་འཕྱུར་ཏེ་ཡུལ་གྲུ་འདིའི་ག་ས་གང་དུ་ཁྱབ་ཀྱིན་པའི་སྒང་རེད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།