“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་མཐོ་སྒང་དུ་སྤེལ་བའི་གནས་ཚུལ་རགས་བཀོད།
2017.02.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

ཟི་ལིང་གྲོང་ཁྱེར་གྱིས་ན་ནིང་ལོ་མཇུག་གི་སྐབས་བརྗེ་བྱ་བའི་ཁྲོད་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ་སྐབས་བརྗེའི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཤིང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་། གོ་རིམ་ཚད་ལྡན་དང་གདམ་བྱའི་འོས་མི་འདོན་པར་ཚོད་འཛིན་ནན་མོ། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་བཅས་ཀྱི་བླང་བྱ་བརྩི་སྲུང་གང་ལེགས་བྱས་པས། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཞང་དང་གྲོང་རྡལ་ལྔ་བཅུ་ཡི་ཏང་གི་འཐུས་མི་ཚོགས་འདུའི་འདེམ་བསྐོའི་ཁྲོད་བཏོན་པའི་འོས་མི་ཚང་མ་འདེམ་ཤོག་ཚང་མའམ་འདེམ་ཤོག་ཐོབ་ཚད་མཐོ་བའི་ངང་བདམས་ཐོན་བྱུང་སྟེ། ཞང་དང་གྲོང་རྡལ་གྱི་སྐབས་བརྗེ་འདེམ་བསྐོའི་བྱ་བ་ཡོངས་སུ་མཇུག་གྲིལ།

མཚོ་ཤར་གྲོང་ཁྱེར་གྱིས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད་དུ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་གིས་ཞིང་སྡེའི་ཏང་ཡོན་ལ་ཞིང་ལས་བྲེལ་དུས་མང་བ་དང་། ཕྱི་རུ་གླ་རྒྱག་ཏུ་འགྲོ་བའི་མི་མང་བ། ན་རྒས་ལུས་ཞན་མང་བ། སློབ་སྦྱོང་གི་དཔྱད་གཞི་ཉུང་བ། རིག་གནས་ཆུ་ཚད་མཐོ་བའི་མི་ཉུང་བ། ཏང་གི་སློབ་ཚན་སློབ་ཁྲིད་བྱེད་ཐུབ་པའི་མི་ཉུང་བ། དེ་མིན་དུས་ཚོད་ཁག་ཐེག་བྱེད་དཀའ་བ་དང་སློབ་སྦྱོང་བྱེད་མཁན་ཁག་ཐེག་བྱེད་དཀའ་བ། ཕན་འབྲས་བཟང་མིན་ཁག་ཐེག་བྱེད་དཀའ་བ་བཅས་ཀྱི་དོན་དངོས་ལ་དམིགས་པ་དང་། གནད་དོན་ཐག་གཅོད་པ་དེ་ཁྲིད་ཕྱོགས་སུ་བརྩིས་ཤིང་སློབ་སྦྱོང་བྱེད་སྟངས་གསར་སྐྲུན་བྱས་ཏེ། ཏང་གི་སློབ་ཚན་ཁྲིད་པའི་ཉིན་མོ་གཏན་འཁེལ་བྱས་ནས་སློབ་སྦྱོང་དང་། ཐབས་ལམ་ཐོགས་མེད་དུ་བཏང་ནས་སློབ་སྦྱོང་ཆ་བསྒྲིགས་རོགས་སྐྱོར་བྱེད་པའི་སློབ་སྦྱོང་། འཕྲིན་ཐུང་སྟེགས་བུ་བརྒྱུད་དེ་སློབ་སྦྱོང་། གཅིག་བསྡུས་གསབ་ཁྲིད་བྱེད་པའི་སློབ་སྦྱོང་བཅས་ལག་བསྟར་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ཅི་ཐུབ་བྱས།

རྨ་ལྷོ་ཁུལ་གྱིས “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད་དུ། རྨ་ལྷོ་ཁུལ་གྱིས་གཞི་རིམ་ཏང་ཡོན་ལས་བྱེད་པའི་རང་གཤིས་ཅན་དང་སྣ་མང་ཅན་གྱི་སློབ་སྦྱོང་དགོས་མཁོ་ལ་དམིགས་ཏེ། “སྨྱན་བྱད་གསར་པ”ཡི་སློབ་སྦྱོང་བྱེད་སྟངས་ལྟར་གུང་ཁྲན་ཏང་ཡོན་གྱི་སྐད་འཕྲིན་དང་། 12371ལག་ཁྱེར་ཁ་པར་འཕྲིན་ཐུང་། རྒྱང་བསྟེན་སློབ་གསོ་དྲ་བ་སོགས་སྔར་ཡོད་སྟེགས་བུ་བེད་སྤྱོད་བྱས་པའི་རྨང་གཞིའི་སྟེང་། གཞི་རིམ་བྱ་བའི་ཆ་འཕྲིན་སྟེགས་བུ་དང“སྐུད་ལམ་གྱི་གཞི་གསུམ”ལག་ཁྱེར་ཁ་པརAPP “རྨ་ལྷོར་སྐྱོད་པ”ཡི་སྐད་འཕྲིན་སྤྱི་རྟགས་སོགས་རོགས་རེས་སློབ་སྦྱོང་སྟེགས་བུ་གསར་པ་བརྒྱུད་དེ། སྨྱན་བྱད་གསར་པའི་སྟེང་སློབ་སྦྱོང་བྱེད་པའི་ཐབས་ལམ་རྒྱུན་མི་འཆད་པར་རྒྱ་བསྐྱེད་པས། རིམ་པ་མི་འདྲ་བའི་སློབ་མའི་དགོས་མཁོ་སྣ་ཚོགས་ཚིམ་ཐབས་བྱས།

ཡུས་ཧྲུའུ་ཁུལ་གྱིས“ཡུས་ཧྲུའུ་གདོང་ལེན་པ”ཞེས་པའི་ཆ་འཕྲིན་སྟེགས་བུ་ཁྱོན་ཡོངས་ནས་བེད་སྤྱོད་བྱེད་མགོ་བརྩམས། དེའི་ནང་ཆ་འཕྲིན་བསྒྲགས་པ་དང་སྤོ་འགུལ་བརྗེ་སྤེལ། སྡོམ་རྩིས་འདྲི་རྩད། རྒྱ་བོད་སྐད་གཉིས་ཀྱི་ལོ་ཙཱ་བཅས་དང་། ཏང་དོན་སྲིད་དོན་ཡོངས་བསྒྲགས། “གཞི་གསུམ”འཛུགས་སྐྲུན། དབུལ་སྐྱོར་མཁྲེགས་གཏོར་སོགས་ལེ་ཚན་བཅོ་ལྔ་འདུས་ཡོད། མང་ཚོགས་ལ་ཞབས་ཞུ་དང་འབྲེལ་གཏུག་བྱེད་པའི “ལྗང་མདོག་བགྲོད་ལམ”གང་མང་བཙུགས་པས། སྨྱན་བྱད་གསར་པ་བརྒྱུད་དེ་ཏང་འཛུགས་བྱ་བ་སྒྲུབ་པའི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་ཅིང་། ཏང་དོན་སྲིད་དོན་ཞབས་ཞུ་བྱེད་ས་ཉིན་རེ་བཞིན་གཞི་རིམ་དུ་བསྲིངས་བཞིན་ཡོད།

མཚོ་ནུབ་ཁུལ་གྱིས་ར་བའི་ཁེ་ལས་ནང་ཟབ་འཇུག་བྱེད་ཅིང་འཇོན་མིའི་སྲིད་ཇུས་དྲིལ་སྒྲོག་ཅི་ཐུབ་བྱས་ཏེ། ཁེ་ལས་ཀྱིས་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པར་སྣེ་ཁྲིད་པར་མ་ཟད། ཐོན་ལས་དང་སློབ་གྲྭ། ཞིབ་འཇུག བཀོལ་སྤྱོད་བཅས་སྡེ་ཁག་གིས་མཉམ་དུ་འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་སྤེལ་བྱེད་པ་དང་། ཁེ་ལས་ཀྱི་འཇོན་མིའི་ནུས་པ་འཐུས་ཚང་དུ་གཏོང་བ། འཇོན་མིས་ལས་སྐྲུན་བྱེད་པའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཁེ་ལས་ཀྱིས་འཇོན་མི་སྣ་ཚོགས་འགུག་པར་རོགས་རམ་ཅི་ཐུབ་དང་། ཁེ་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་བར་སྐུལ་འདེད་ཅི་ཐུབ་བྱས། མིག་སྔར། ཁེ་ལས་སོ་སོས་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ། རྩེ་གྲས་སྒྲིག་སྦྱོར་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་རྩེ་གྲས་གསར་སྐྲུན་འཇོན་མི་བཅུ་བདུན་ལ་ནང་འདྲེན་གྲོས་མཐུན་བཞག

ན་ནིང་གི་ཚུན་དུ། མཚོ་ལྷོ་ཁུལ་གྱིས“ཏང་འཛུགས་ཀྱིས་ཐོན་ལས་སྐུལ་ཁྲིད་དང་ཐོན་ལས་ཀྱིས་དབུལ་སྐྱོར་ལ་རམ་འདེགས། དབུལ་སྐྱོར་གྱིས་ཏང་འཛུགས་ལ་སྐུལ་འདེད་བྱེད་པ”ཡི་རིགས་ལམ་ལྟར། དབུལ་སྐྱོར་དང་ཏང་འཛུགས་བྱ་བ་གཉིས་གཅིག་གྱུར་གྱིས་ཞིབ་འཇུག་དང་གཅིག་གྱུར་གྱིས་བཀོད་སྒྲིག གཅིག་གྱུར་གྱིས་སྐུལ་སྤེལ། གཅིག་གྱུར་གྱིས་ཞིབ་བཤེར་བཅས་བྱས་ཏེ། ཤུགས་ཆེན་པོས་ཁུལ་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ནུས་པ་དྲག་ཅིང་སྐུལ་ཁྲིད་ནུས་པ་དྲག་པ། འཕེལ་རྒྱས་ཕྱུག་བསྒྱུར་གྱི་ནུས་པ་དྲག་པའི་ཏང་འཛུགས་དཔེ་སྟོན་བྱེད་ས་བདུན་བསྐྲུན་པ་དང་། གང་ནས་དབུལ་སྐྱོར་གསར་སྤེལ་བྱེད་ན། ཏང་འཛུགས་བྱ་བ་དེ་ནས་སྤེལ་བ། དབུལ་སྐྱོར་ལས་གཞི་གང་ནས་ལག་བསྟར་བྱེད་ན། ཏང་འཛུགས་ནུས་པ་དེ་ནས་ཐོན་པའི་དབུལ་སྐྱོར་དང་ཏང་འཛུགས་མཉམ་དུ་སྤེལ་བའི་ཐབས་ལམ་ཞིག་འཚོལ་ཞིབ་ཅི་ཐུབ་བྱས།

མཚོ་བྱང་ཁུལ་གྱིས་ཏང་བཙུགས་ནས་ལོ་ངོ95འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ། “ཏང་འཁྲུངས་པའི་ཉིན་མོ”དང་སྦྲེལ་ནས་ལས་ཁུངས་ཀྱི་ཏང་ཡོན་སྟོང་ལྷག་རྩ་འཛུགས་བྱས་འོག་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་འདོན་དང་། ཉིང་རྡུལ་མཁར་དྲན་གསོ་ཁང་དུ་སོང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱོང་བ། སྔོན་ཐོན་དང་མིག་དཔེ་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་། ཏང་གཤིས་བློ་སྦྱོང་མཐོར་འདེགས། ཏང་གཤིས་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བའི་སྐུལ་མ་བཏང་ངོ་། །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།