《འཆར་འགོད་ཀྱི་རྩ་གནད》ཚད་གཞིར་བཟུང་སྟེ་སློབ་ཞུགས་སྔོན་གྱི་སློབ་གསོ་ལེགས་པར་བསྒྲུབ་དགོས།
2017.03.23 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 35

«རྒྱལ་ཁབ་ཀྱི་འཕྲལ་ཡུན་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་རྩ་གནད་(2010ལོའི་ནས་2020ལོ་བར)»ནང་། སློབ་ཞུགས་སྔོན་གྱི་སློབ་གསོ་ཡིས་བྱིས་པའི་ལུས་སེམས་བདེ་ཐང་དང་། གོམས་གཤིས། རིག་སྟོབས་བཅས་འཕེལ་བར་དོན་སྙིང་གལ་ཆེན་ལྡན་པ་བསྟན་ཅིང་། 2020ལོར་སླེབས་དུས་སློབ་ཞུགས་སྔོན་གྱི་ལོ་གཅིག་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ་དང་། སློབ་ཞུགས་སྔོན་གྱི་ལོ་གཉིས་ཀྱི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་དུ་གཏོང་བ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སློབ་ཞུགས་སྔོན་གྱི་ལོ་གསུམ་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ་རེད། གཞན་ཡང2020ལོར་སླེབས་དུས་སློབ་ཞུགས་སྔོན་གྱི་སློབ་གསོས་ལུགས་མཐུན་གྱིས་འགན་འཁུར་བའི་ནང་རྐྱེན་ལག་བསྟར་བྱེད་རྒྱུ་དང་། དཔལ་འབྱོར་གྱི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བྱིས་པ་བུ་བཅོལ་ཁང་དུ་བསྐྱེལ་བར་ནོར་སྲིད་ཀྱི་ཁ་གསབ་བྱ་རྒྱུ་དང་། སློབ་ཞུགས་སྔོན་གྱི་སློབ་གསོ་སྒྲུབ་པའི་ཚད་གཞི་དང་གྲོན་དངུལ་བསྡུ་བའི་ཚད་གཞི་བཅས་གཏན་འཁེལ་བྱ་རྒྱུ། ཁྲིམས་ལྟར་བྱིས་པའི་དགེ་རྒན་གྱི་གོ་གནས་དང་ཐོབ་ཐང་དོན་འཁྱོལ་དང་། བྱིས་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་བྱེད་རྒྱུ་བཅས་བསྟན་ཡོད།
དེ་བཞིན་དུ་བུ་བཅོལ་ཁང་གི་འོས་འགན་སློབ་གསོར་འཇུག་མིན་གྱི་གནད་དོན་སྐོར་ལ། སྔར་མི་ཞིག་གིས་གྲོས་གཞི་ལེགས་པོ་ཞིག་བཏོན་པ་ནི། སློབ་ཞུགས་སྔོན་གྱི་སློབ་གསོའི་འོས་འགན་རིམ་བཞིན་སྐུལ་འདེད་བྱེད་ཆོག་པ་དང་། སྔོན་ལ་གྲོང་ཁྱེར་དང་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་ལ་ཁ་ཕྱོགས་ནས་སློབ་ཞུགས་སྔོན་གྱི་རིན་མེད་སློབ་གསོ་དང་། སྔོན་མ་བྱས་ནས་དར་རྒྱས་ཞན་པའི་ས་ཁུལ་ནས་དར་རྒྱས་ཆེ་བའི་ས་ཁུལ་དང་། ལོ་གཅིག་སློབ་ཞུགས་སྔོན་གྱི་སློབ་གསོ་ནས་ལོ་གསུམ་གྱི་བུ་བཅོལ་ཁང་གི་སློབ་གསོ། སློབ་ཡོན་ཕྱེད་ཀ་མ་གཏོགས་མི་དགོས་པ་ནས་སློབ་ཡོན་ཡོངས་ཀྱི་རིན་མི་དགོས་པ་ལྟར་རིམ་བཞིན་ལག་བསྟར་བྱེད་དགོས་པ་བཏོན། གྲོས་གཞི་འདིར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། ཕྱོགས་གཅིག་ནས་དོན་གཉེར་དང་། དང་ལེན་བྱས་པ་འམ་ཡང་ན་ཞིབ་དཔྱད་ཀྱི་རིན་ཐང་ལེགས་པོ་ལྡན། ཕྱོགས་གཞན་ཞིག་ནས་དེའི་འོས་འགན་སློབ་གསོའི་འདྲ་མཉམ་རང་བཞིན་ལ་མཐོང་ཆེན་དང་། ལྷག་པར་དུ་སྲིད་ཇུས་ཀྱི་གཙོ་གནད་དེ་དབུལ་ཕོངས་ཀྱི་རིམ་གྲས་དང་ཉམས་ཞན་ཚོགས་སྤྱི་བཅས་ལ་ཕྱོགས་པ་དང་ཐུགས་ཁུར་གནང་བ་མཚོན་ཡོད།

ཕྱོགས་ཡོངས་ནས་སློབ་ཞུགས་སྔོན་གྱི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བ་ནི། དཀའ་ཁག་ངེས་ཅན་ཡོད་པ་དང་། ས་ཁུལ་ཡོངས་ཀྱི་དཔལ་འབྱོར་དངོས་ཤུགས་དང་། དབུལ་ཕྱུག་གི་ཁྱད་པར་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་འབྲེལ་བ་ཡོད། འོན་ཀྱང་དཀའ་ཁག་ཡོད་ན་ཁྱབ་སྤེལ་གཏོང་མི་རུང་བ་དང་། ལྷག་པར་དུ་ཁྱབ་སྤེལ་གཏོང་དགོས་དོན་མེད་པ་ཡེ་ནས་མིན། རྒྱང་རིང་ལ་བལྟས་ན། སློབ་ཞུགས་སྔོན་གྱི་འོས་འགན་སློབ་གསོ་ཁྱབ་སྤེལ་གཏོང་བ་ནི་དགོས་ངེས་ཀྱི་བྱ་སྤྱོད་ཅིག་རེད།

སློབ་གསོ་ནི་ལོ་བརྒྱའི་ཇུས་ཆེན་དང་། མི་རིགས་དར་རྒྱས་ཡོང་བའི་རྨང་རྡོ་ཡིན། སློབ་གསོ་འདྲ་མཉམ་ནི་སྤྱི་ཚོགས་འདྲ་མཉམ་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། འོས་འགན་སློབ་གསོ་མ་ཡིན་པའི་བྱིས་པའི་སློབ་གསོའང་རྒྱལ་དམངས་སློབ་གསོའི་བྱ་གཞག་གི་ཁྱབ་ཁོངས་སུ་གཏོགས་པ་དང་། སྤྱི་ཚོགས་སྤྱི་ཕན་གྱི་ངོ་བོ་ལྡན་པ། རིམ་པ་ཁག་གི་སྲིད་གཞུང་ལ་དེ་ཡག་པོ་སྒྲུབ་པ་དང་དོ་དམ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། མིག་སྔར་བྱིས་པའི་སློབ་གསོ་དེ་འོས་འགན་སློབ་གསོའི་ཁྱབ་ཁོངས་སུ་མེད་ན་ཡང་། བུ་བཅོལ་ཁང་བདམས་པའི་གྲོན་དངུལ་རྒྱུན་ཆད་མེད་པར་འཕར་བ་སོགས་ཀྱི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱས་མེད་པས། སློབ་གསོ་པུའུ་ཡིས་ཧུར་ཐག་སྒོས་སྐུལ་འདེད་གཏོང་བའི་འོས་འགན་སློབ་གསོ་དམངས་ཕན་ཅན་གྱི་འཕེལ་རྒྱས་ཀྱི་དམིགས་ཚད་དང་འགལ་ཏེ་ངེས་པར་དུ་ཚད་མཐོའི་དོ་སྣང་བྱེད་དགོས།

བྱིས་པའི་སློབ་གསོ་དང་ས་གནས་ཀྱི་སྲིད་དོན་བྱས་རྗེས་བར་འབྲེལ་བ་མེད་པའི་རྐྱེན་གྱིས་ས་གནས་ཁ་ཤས་ཀྱི་སྲིད་གཞུང་གིས་གཞུང་གཉེར་བུ་བཅོལ་ཁང་གི་ཁ་གྲངས་ཇེ་ཉུང་དུ་བཏང་བ་དང་། ས་ཁུལ་འགའ་ཞིག་ད་དུང་སྔར་ཡོད་གཞུང་གཉེར་བུ་བཅོལ་ཁང་གི་ལམ་ལུགས་བསྒྱུར་ནས་བྱིས་པའི་སློབ་གསོའི་འགན་འཁྲི་སྤྱི་ཚོགས་ལ་སྤྲད་ཡོད་པ་དང་། ས་ཆ་ལ་ལར་སྲིད་གཞུང་གིས་ནོར་ཤུགས་དང་། སེམས་ཤུགས་གཙོ་བོ་དཔེ་སྟོན་བུ་བཅོལ་ཁང་གི་འཕེལ་རྒྱས་སྟེང་བཞག་པ་བཅས་སྤྱིར་བཏང་གི་གཞུང་གཉེར་བུ་བཅོལ་ཁང་དང་དམངས་གཉེར་བུ་བཅོལ་ཁང་ཞོར་ལ་བཞག་ཏེ། བུ་བཅོལ་ཁང་བདམས་པའི་གྲོན་དངུལ་ཡར་འཕར་བའི་སྣང་ཚུལ་ངན་པར་བཀག་འགོག་བྱས།

མཚོ་སྔོན་ཞིང་ཆེན་གྱིས2016ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་ལོ15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད་ད་དུང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་གི་ནང་རྐྱེན་ལམ་ལུགས་བཙུགས་ཡོད། བྱེ་བྲག་གི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་སློབ་ཞུགས་སྔོན་གྱི་སློབ་གསོ་དེ་ལོ15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་ཁྲོད་བཞག་ཏེ། སློབ་ཞུགས་སྔོན་གྱི་ལོ་གསུམ་གྱི་བྱིས་བཅོལ་སློབ་གསོའི་སློབ་ཡོན་མེད་པར་བཟོ་རྒྱུ་དེ་ཁྱིམ་ཚང་རེ་རེའི་སློབ་ལོ་རན་པའི་བྱིས་པར་མཚོན་ན་འཕྲིན་བཟང་ཞིག་རེད།

སློབ་ཞུགས་སྔོན་གྱི་སློབ་གསོ་དམ་འཛིན་བྱེད་དགོས་ན་གཙོ་བོ་བྱིས་བཅོལ་ཁང་གི་དགེ་རྒན་མི་འདང་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གནད་འགག་ཡིན།

མཚོ་སྔོན་ཞིང་ཆེན་གྱི་སློབ་སྔོན་སློབ་གསོ་ལོ་མང་པོར་གོང་འཕེལ་དང་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་།2016ལོར་བུ་བཅོལ་ཁང་གྱ་བདུན་གསར་དུ་སྐྲུན་པ་དང་། ཆིག་བརྒྱ་ཉེར་གསུམ་རྒྱས་སྐྲུན་བྱས་ཡོད། སློབ་ཞུགས་སྔོན་གྱི་ལོ་གསུམ་རིང་གི་བུ་བཅོལ་ཁང་ལ་ཞུགས་ཚད81.2%སླེབས་ཡོད། འོན་ཀྱང་ཁྱབ་རྒྱ་ཆེ་བ་དང་། གཞི་རྩའི་འགན་ལེན། རྣམ་པ་མང་བ། སྤུས་ཚད་བཟང་བོའི་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་སློབ་གསོའི་སྤྱི་པའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་བྱ་རྒྱུ་དང་། བུ་བཅོལ་ཁང་ལ་ཞུགས་དཀའ་བ་དང་བུ་བཅོལ་ཁང་ལ་ཞུགས་པའི་གྲོན་དངུལ་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལས་འགན་སྔར་བཞིན་ལྕི་བ་རེད།

བྱིས་པ་གཉིས་སྐྱེས་ཆོག་པའི་དུས་རབས་འདིར་བྱིས་པའི་གྲངས་འབོར་ཇེ་མང་དུ་འགྲོ་བ་ནི་འཕེལ་ཕྱོགས་ཤིག་ཡིན་པས། སློབ་ཞུགས་སྔོན་གྱི་སློབ་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་ཛ་དྲག་རེད། སྤུས་ལེགས་ཀྱི་བུ་བཅོལ་ཁང་དཀོན་པ་དང་། སྲིད་གཞུང་གིས་སློབ་ལོ་རན་པའི་མི་འབོར་གྱི་འགྱུར་ལྡོག་དང་ཁྱབ་ཚུལ་གྱི་ཁྱད་ཆོས་ལྟར་ནོར་སྲིད་ཀྱི་གཏོང་ཤུགས་ཇེ་ཆེར་གཏོང་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་ན་ཕན་འབྲས་ཆེན་པོ་ཐོན་ཐུབ། དུས་མཚུངས་སུ་ད་དུང་ཧུར་ཐག་སྒོས་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱས་པར་བརྟེན་ནས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་དགོས།

བུ་བཅོལ་ཁང་གི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གྱི་རྒྱབ་སྐྱོར་ཇེ་དྲག་ཏུ་བཏང་ན་ཕན་འབྲས་ཆེན་པོ་ཐོན་ཐུབ། འོན་ཀྱང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྐྱོང་དང་ཁ་གསབ་བྱ་བ་དེ་སླ་བོ་ཞིག་མིན་པ་དང་། ལྷག་པར་དུ་བུ་བཅོལ་ཁང་གི་དགེ་རྒན་མི་འདང་པའི་གནས་ཚུལ་དེ་གྲངས་འབོར་སྟེང་ནས་མཚོན་ཡོད་པ་མ་ཟད་ད་དུང་སྤུས་ཚད་ཀྱི་སྟེང་ནས་ཡང་མཚོན་ཡོད། དེར་བརྟེན་སློབ་ཞུགས་སྔོན་གྱི་སློབ་གསོ་དམ་འཛིན་བྱེད་དགོས་ན་གཙོ་བོ་བུ་བཅོལ་ཁང་གི་དགེ་རྒན་མི་འདང་པའི་གནད་དོན་ཐག་གཅོད་དང་སློབ་ཞུགས་སྔོན་གྱི་དགེ་རྒན་གྱི་སྟོབས་ཤུགས་ལ་ཤུགས་བསྣན་དགོས།

ཕྱོགས་གཅིག་ནས་དགེ་འོས་རིགས་ཀྱི་མཐོ་རིམ་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཤུགས་བསྣན་ཏེ།“མཐོ་རིམ་སློབ་ཆེན་དང་བུ་བཅོལ་ཁང”གི་ཤེས་ལྡན་པ་གསོ་སྐྱོང་འབྲེལ་མཐུད་བྱེད་པའི་ནང་རྐྱེན་བཙུགས་ནས་སྐུལ་འདེད་བྱས། དེ་ནི་མཐོ་རིམ་སློབ་གྲྭས་བུ་བཅོལ་ཁང་གོང་འཕེལ་གྱི་དོན་དངོས་གཞིར་བཟུང་ནས་མཁོ་སྤྲོད་དོ་མཉམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་། སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན་གྱི་སྟོབས་ཤུགས་དང་སྤུས་ཚད་ཇེ་མཐོར་གཏོང་དགོས། ཕྱོགས་གཞན་ཞིག་ནས་བྱིས་པའི་དགེ་རྒན་གྱི་ཕན་བདེའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་གོ་གནས་མཐོར་འདེགས་བྱས་ཏེ། བྱིས་པའི་དགེ་རྒན་གྱི་དཔུང་སྡེའི་བརྟན་འཇགས་རང་བཞིན་འགན་ལེན་བྱ་དགོས།

བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱིས་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས།

མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་སློབ་ཞུགས་སྔོན་གྱི་སློབ་གསོར་མཐོང་ཆེན་ཚད་མཐོན་པོ་བྱས་ནས་སྔ་རྗེས་སུ་ཐེངས་གཉིས་ལ་སློབ་ཞུགས་སྔོན་གྱི་ལོ་གསུམ་སློབ་གསོའི་བྱེད་སྒོའི་འཆར་གཞི་སྤེལ་བ་དང་། མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་བཏང་ནས་གཞུང་གཉེར་བུ་བཅོལ་ཁང་གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ། ཤུགས་ཆེན་པོས་དམངས་གཉེར་བུ་བཅོལ་ཁང་ལ་རོགས་སྐྱོར་བྱས་ནས་སློབ་ཞུགས་སྔོན་གྱི་ལོ་གསུམ་གྱི་བུ་བཅོལ་ཁང་དུ་ཞུགས་ཚད་དེ2010ལོའི་60.4% ནས2016ལོའི་81.2%ཇེ་མཐོར་སོང་སྟེ། སློབ་ཞུགས་སྔོན་གྱི་བྱིས་པ་བུ་བཅོལ་ཁང་ལ་ཞུགས་དཀའ་བ་དང་། བུ་བཅོལ་ཁང་གི་དགེ་རྒན་མི་འདང་བའི་གནས་ཚུལ་ཅུང་ཞི་འཇགས་སུ་བཏང་།

སྲིད་གཞུང་གིས་སློབ་ཞུགས་སྔོན་གྱི་སློབ་གསོའི་ནོར་སྲིད་དང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་ནི་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་ཁག་ཐེག་གལ་ཆེན་ཞིག་ཡིན། ས་ཞིང་འདོན་སྤྲོད་བྱས་པ་དང་། ཁྲལ་ཇེ་ཉུང་དང་མེད་པར་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ་དང་། མ་དངུལ་བཏང་ནས་བུ་བཅོལ་ཁང་གཉེར་བ་དང་ཞལ་འདེབས་ཕུལ་ནས་བུ་བཅོལ་ཁང་ལ་རོགས་སྐྱོར་བྱེད་དགོས་པ་དང་། ཐབས་ལམ་མང་པོ་ནས་སློབ་ཞུགས་སྔོན་གྱི་སློབ་གསོའི་མ་དངུལ་བསྡུ་སྒྲིག་བྱེད་དགོས། སློབ་ཞུགས་སྔོན་གྱི་སློབ་གསོ་ལེགས་སྒྲུབ་བྱས་ཚུལ་དེ་མགོ་ཁྲིད་ལས་བྱེད་པའི་ལོ་མཇུག་དཔྱད་ཞིབ་དམིགས་ཚད་མ་ལག་ཁྲོད་བཞག་ནས་བྱ་དགའ་ཆད་གཅོད་དང་ཟུང་འབྲེལ་བྱས་ཏེ། སྐུལ་ལྕག་ལམ་སྲོལ་བཟང་བོ་ཆགས་སུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་ཞུགས་སྔོན་གྱི་སློབ་གསོ་སྔར་ལས་ལེགས་པའི་འཕེལ་རྒྱས་འགྲོ་སྲིད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།