སྐྱེ་ཁམས་ལེགས་པོར་སྲུང་ནས་དམངས་རྣམས་ཕྱུག་པོར་བསྒྱུར་དགོས།
2017.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ང་ཚོའི་མཉམ་ལས་ཁང་འཛུགས་སྐབས་ཆེད་ལས་སྡེ་ཁག་གི་འཆར་འགོད་མེད་པ་དང་། བཀོད་སྒྲིག་འོས་མཚམས་མིན་ལ། སྒྲིག་ཆས་ཀྱང་རང་གནས་སུ་སླེབས་མེད། ད་དུང་གསོ་སྤེལ་ར་བ་སྐོར་ཞིག་གིས་ལྕི་བ་སོགས་རང་དགར་འཇོག་བཞིན་ཡོད་པས། གཅིག་ནས་རང་ཉིད་ཀྱི་འཕྲོད་བསྟེན་ལ་མི་ཕན་པ་དང་། གཉིས་ནས་ཁོར་ཡུག་བཙོག་བཟོ་བྱེད་སྲིད།

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་དྲུག་ཐོག་གི་ཚོགས་འདུ་ཁང་དུ་ཁྱད་པར་བའི་སྐུལ་སློང་ཚོགས་འདུ་ཞིག་བསྡུ་བཞིན་ཡོད། ཐེངས་འདིའི་སྐུལ་སློང་ཚོགས་འདུ་དེ་ཅུའུ་ཀྲང་བཱང་ཀའོ་ཏུང་གིས་བལྟས་ན་ཧ་ཅང་གལ་ཆེན་ཡིན་ལ། དུས་ཐོག་ཏུ་གཟབ་ནན་སྒོས་དངོས་འབེབ་བྱེད་དགོས།

འདི་དང་འབྲེལ་བའི་གཏམ་རྒྱུད་སྐོར་གླེང་ན།  དེ་ཡང་། 2009ལོར། གསོ་སྤེལ་མཉམ་ལས་ཁང་དེ་ཐུན་རིན་རྫོང་གི་མང་ཚོགས་རྣམས་ལ་མཚོན་ནས་བཤད་ན་མིང་ཚིག་གསར་བ་ཞིག་རེད། དེའི་རྗེས་ཀྱི་ལོ་འགའི་རིང་ལ། སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་པ་བརྒྱུད། ཚང་མས་ཀྱང་ཡོང་སྒོ་ཅུང་ཙམ་རེག་ཐུབ་བྱུང་བས། གསོ་སྤེལ་མཉམ་ལས་ཁང་མགྱོགས་མྱུར་སྒོས་ཇེ་མང་དུ་གྱུར་བ་དང་། དེ་སྔོན་གྱི་གསོ་སྤེལ་མཉམ་ལས་ཁང་གཅིག་ནས་གྱ་བརྒྱད་དུ་འཕེལ་རྒྱས་བཏང་ཡོད་ལ། དེའི་ཁྲོད། འཁོར་རྒྱུག་བྱས་པ་ཅུང་བཟང་བའི་གསོ་སྤེལ་མཉམ་ལས་ཁང་དོན་བདུན་ཡོད།

རྫོང་ཕྱུགས་ལས་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་མགོ་གཙོ་བཀྲ་ཤིས་ཀྱིས་བཤད་རྒྱུར། གསོ་སྤེལ་མཉམ་ལས་ཁང་དེ་དག་བཙུགས་པས་ནོར་ལུག་གཅིག་བསྡུས་སྒོས་ཚོ་གསོ་བྱས་པ་མ་ཟད། ཚང་མས་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་བྱས་པ་དང་། མང་ཚོགས་རྣམས་ཕྱི་རུ་ཞོར་ལས་སུ་སོང་ནས་ཡོང་སྒོ་བཙལ་ཐུབ་པས། ཡོང་སྒོའི་ཐད་འཕར་སྣོན་བྱུང་། དེ་མིན། མཉམ་ལས་ཁང་གི་གསོ་སྤེལ་སྔར་ལས་ཚན་རིག་དང་གཞི་ཁྱོན་ཅན། ཕྱུགས་ཟོག་གསོན་ཚད་མཐོ་བ། ཤི་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་ཟེར།

མང་ཚོགས་རྣམས་ཀྱིས་གསོ་སྤེལ་མཉམ་ལས་ཁང་གི་སྤྲོ་སེམས་མུ་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས། གནད་དོན་ཞིག་རིམ་བཞིན་མངོན་བྱུང་། དེ་ནི་སྒོ་ཕྱུགས་གསོ་སྤེལ་སྐབས་ཀྱི་བཙོག་སྐྱོན་རེད། གནད་དོན་དེ་བྱུང་བས། ཆེ་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་བྱེ་བྲག་གི་གནས་སུ་ལྷུང་།

ལོ་གསུམ་གྱི་སྔོན་ལ། ཐོ་ཀྱཱ་གྲོང་རྡལ་འགྲམ་སྡེ་བའི་ཁྱིམ་ཚང་བཅུ་གཅིག་གིས་ཀླུ་འབུམ་རྒྱ་མཚོ་ཡི་སྣེ་ཁྲིད་འོག་བཞོན་མ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས། ལོ་འགའི་རིང་ལ་འཕེལ་རྒྱས་སུ་བཏང་བས་མཉམ་ལས་ཁང་དེ་རིམ་བཞིན་ཚད་ལྡན་དུ་གྱུར་ལ། གཞི་ཁྱོན་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར། 2016ལོར། ཁེ་སྤོགས་སྒོར་འབུམ་གཉིས་དང་ཁྲི་བཞི་ལྷག་ལ་སླེབས། འོན་ཀྱང་། འབྲེལ་ཡོད་སྡེ་ཁག་གི་ཞིབ་བཤེར་བྱེད་སྐབས་གཅིག་གྱུར་གྱི་ལུད་གསོག་ས་མ་ཟད། ལྕི་བ་འཇོག་སར་ཡང་ཁང་ཀླད་མེད་པ་མཐོང་། གནས་ཚུལ་དེ་དག་ནི་རྫོང་ཡོངས་ཀྱི་མཉམ་ལས་ཁང་བརྒྱད་ཅུ་ལྷག་ལ་མཚོན་ན་ཐུན་མོང་མ་ཡིན་པའི་དཔེ་དོན་ཞིག་མ་རེད།

ཞོ་འོང་དབྱི་ཞང་ཞོ་འོང་དབྱི་སྡེ་བའི་སྙིང་རྒྱ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དུས་ཚོད་མང་པོ་འགོར་མེད་རུང་། འོན་ཀྱང་འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་ལ། དེ་ནི་སྡེ་མི་ཡོངས་ཀྱིས་མཉམ་དུ་མ་རྐང་ལམ་ལུགས་ལྟར་བཙུགས་པ་ཞིག་རེད། མང་ཚོགས་ཀྱི་བརྩོན་སེམས་ཧ་ཅང་ཆེ་རུང་། འོན་ཀྱང་མཉམ་ལས་ཁང་དུ་གཅིག་གྱུར་གྱི་ལུད་གསོག་ས་མེད་པའི་གནད་དོན་དེར་འཕྲལ་ཡོད།

སྤྱིའི་ཆ་ནས་བཤད་ན། མཉམ་ལས་ཁང་བཙུགས་པས་སྡེ་མི་རྣམས་དབུལ་ཐར་ཕྱུག་བསྒྱུར་བྱེད་ཐུབ་མོད། འོན་ཀྱང་མི་འདང་སའི་གནད་དོན་མང་པོ་གནས་ཡོད།

མིག་སྔར་ཁ་གཏད་པའི་གནད་དོན་གླེང་སྐབས། བཀྲ་ཤིས་ཀྱིས་ཅུང་ཙམ་ཡང་མི་གཡོལ་བའི་སྒོ་ནས་བཤད་རྒྱུར། གསོ་སྤེལ་གྱི་གཞི་ཁྱོན་ཇེ་ཆེར་སོང་བ་དང་བསྟུན་ནས། བཙོག་སེལ་གྱི་ཚད་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར་ཡོད། དེ་ལས་གཞན། ལྕི་བ་སོགས་གནོད་མེད་ཀྱི་ཐག་གཅོད་སྒྲིག་ཆས་དཀོན་པ་རེད། ཆེས་གནད་འགག་ནི་རྫོང་ཡོངས་སུ་སྐྱེ་ལྡན་ལུད་རྫས་ལས་སའི་ཁེ་ལས་གཅིག་ཀྱང་མེད་ཟེར།

སྐབས་དེར། ལིང་ཆེན་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཐུན་རིན་རྫོང་དུ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། རྫོང་ཡོངས་ཀྱི་གསོ་སྤེལ་མཉམ་ལས་ཁང་དག་སྒྲིག་བྱེད་དགོས་པའི་གནད་དོན་བཏོན་པ་དང་། བཙོག་སེལ་གྱི་སྒྲིག་ཆས་དཀོན་པ་དང་། གནོད་སྐྱོན་ཡོད་མེད་ཀྱི་ཐག་གཅོད་སྒྲིག་ཆས་ཡོད་མོད། འོན་ཀྱང་། འཐུས་ཚང་མ་རེད།

བཱང་ཀའོ་ཏུང་གིས་བཤད་རྒྱུར། ཞིང་ཆེན་གྱིས་རོང་འབྲོག་པས་སྣ་གཅིག་གི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་སྲུང་སྐྱོབ་དེ་སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་འཁོར་རྒྱུག་བཟང་བོར་བསྒྱུར་དགོས་པ་དང་། ང་ཚོའི་དོན་དངོས་གནད་དོན་ལ་ཟུང་འབྲེལ་བྱས་ནས་བཤད་ན། སྔོན་ལ་སྒོ་ཕྱུགས་གསོ་སྤེལ་གྱི་བཙོག་བཟོའི་གནད་དོན་ནས་མགོ་བཟུང་སྟེ་ཐག་གཅོད་བྱེད་དགོས་ཟེར།

སྡེ་མི་ཕྱུག་པོར་གྱུར་ན་སྐྱེ་ཁམས་ཁོར་ཡུག་ལ་གཏན་ནས་གཏོར་བརླག་བྱེད་མི་རུང་། དེ་བས། ཁོ་ཚོའི་གསོ་སྤེལ་མཉམ་ལས་ཁང་དོན་བདུན་གྱི་འགན་ཁུར་མི་སྣ་གཅིག་ཏུ་བསྡུས་ནས། ངོ་གཏུག་ནས་གནད་དོན་གླེང་བ་དང་བྱེད་ཐབས་དངོས་སུ་ཁྲིད།

ཁྱོད་ཚོས་ལྟོས་དང་། གལ་ཏེ་མཉམ་ལས་ཁང་གི་སྒྲིག་གཞི་འདི་ལྟར་ཡིན་ཚེ། ལྕི་བ་སོགས་ཐག་གཅོད་བྱེད་སའི་གནས་འདི་བྱས་ན་ཧ་ཅང་བཟང་། བཀྲ་ཤིས་ཀྱིས་ས་སྨྱུག་ལག་ཏུ་བཟུང་ནས་སྒོ་སམ་སྟེང་ཇུས་གཞིའི་རི་མོ་འབྲི་བཞིན། ཚང་མར་རང་ཉིད་ཀྱི་བསམ་གཞིགས་གསལ་བཤད་བྱེད་བཞིན་ཡོད།
ཚོགས་འདུ་མཇུག་སྒྲིལ་རྗེས། རྒྱ་བོ་ཞང་སྐྱིད་ཚང་སྡེ་བའི་དོན་འགྲུབ་ནོར་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་མི་སྣ་རིན་ཆེན་དོན་འགྲུབ་ཀྱིས་གསར་འགོད་པར་རང་ཉིད་ཀྱི་མྱོང་ཚོར་བརྗོད་བྱུང་། མགོ་གཙོ་བཀྲ་ཤིས་ཀྱིས་བཏོན་པའི་གནད་དོན་དེ་དག་ལ་ང་ཚོས་དེ་སྔོན་མཉམ་འཇོག་བྱས་མ་མྱོང་། ཁོར་ཡུག་སྲུང་སྐྱོབ་ནི་ཚང་མས་འགན་འཁྲི་ཡིན་ལ། ང་རང་ཕྱིར་སོང་རྗེས་གནད་དོན་དེ་དག་མཉམ་ལས་ཁང་གི་ལས་མི་རྣམས་ལ་གསལ་བཤད་བྱས་ནས་དག་ཐེར་ལེགས་སྒྲིག་བྱེད་མགོ་རྩོམ་རྒྱུ་ཡིན་ཟེར།

དྲང་མོར་བཤད་ན། དེ་རིང་བཏོན་པའི་གནད་དོན་དེ་དག་འགན་ཁུར་མི་སྣ་མི་ཉུང་བ་ཞིག་ལ་མཚོན་ནས་བཤད་ན། ནང་དོན་ཧ་ཅང་གསར་བ་རེད། འོན་ཀྱང་ང་ཚོའི་དམིགས་ཡུལ་ནི་ཚང་མར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་དང་ངེས་པར་རང་བཞིན་ཤེས་སུ་བཅུག་ནས། «སྒོ་ཕྱུག་གསོ་སྤེལ་བཙོག་སྐྱོན་འགོག་བཅོས་ཀྱི་སྲོལ་ཡིག»རྒྱུས་ལོན་བྱེད་དགོས། ཚོགས་འདུའི་སྟེང་དག་ཐེར་ལེགས་བཅོས་ཀྱི་རེ་བ་དང་དུས་ཚོད་བཏོན་པ་དང་། ང་ཚོས་ཀྱང་བྱ་བའི་ཚན་ཆུང་བཞི་བཙུགས་ནས་གནད་དོན་དེ་དག་ལ་ཁ་གཏད་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་ཡིན།

སྐབས་འཕྲལ་བཅོས་ཐབས་བྱེད་ན་གཞི་རྩ་ནས་བཅོས་སྐྱོང་བྱེད་དགོས། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ནས་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་ལྟ་ཚུལ་བརྗོད་བྱུང་། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། གསོ་སྤེལ་གཞི་ཁྱོན་མུ་མཐུད་དུ་ཇེ་མཐོར་གཏོང་བའི་རྨང་གཞིའི་སྟེང་། མང་ཚོགས་ཀྱི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་གནོན་ཤུགས་གཏན་ནས་སྟེར་མི་རུང་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།