ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་དམངས་ལ“ཁྱིམ་ཚང་སྨན་པ”ཡོད་པར་གྱུར་བ།
2017.05.31 ཁུངས། ཀྲུང་གོ་བོད་ཀྱི་དྲྭ་བ། ཀློག་གྲངས། 23

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་སྲང་ལམ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ནད་གཡོག་མ་པད་མ་གཡང་མཚོས་ཁྲག་ཤེད་འཇལ་ཆས་ཤིག་བཟུང་སྟེ་ཐོག་ཁང་ལས་ཕྱིར་བུད། མོས“ཡང་ཁྲག་ཤེད་འཇལ་བའི་དུས་ལ་སླེབས་ཡོད་། ང་ཚོAཁུལ་གྱི་ཨ་ནེ་ཚེ་བྷར་ཁྲག་ཤེད་འཇལ་དུ་འགྲོ་དགོས”ཟེར། 

ཨ་ནེ་ཚེ་བྷ་ཚང་གི་སྒོ་ཆེན་གྱི་ངོས་སུ“སྐྱེ་རྒུ་སྲང་ལམ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་དུད་ཁྱིམAཁུལ0026པ”ཞེས་བྲིས་པའི་བྱང་བུ་དམར་པོ་ཞིག་སྦྱར་འདུག ཉི་ཁྱམས་སུ་ཉི་མར་ལྡེ་བཞིན་པའི་དགུང་ལོ་གོ་དྲུག་ཅན་གྱི་ཨ་ནེ་ཚེ་བྷས་རང་གི“ཁྱིམ་ཚང་སྨན་པ”མཐོང་བ་ན་འཛུམ་དང་བཅས་ཏེ“ཡང་ཁོ་ཚོ་ངའི་ཁྲག་ཤེད་འཇལ་དུ་ཐོན་བྱུང་། ད་ལྟ་དངོས་ནས་སྟབས་བདེ་རེད། སྔོན་ཆད་ཡིན་ན་ངས་བྱིས་པ་ཚོར་སྒུག་རྗེས་ད་གཟོད་འཁར་བར་བརྟེན་ནས་ཞིབ་བཤེར་བྱེད་དུ་སོང་བ་ཡིན། ད་ལྟ་སྨན་པ་ཚུར་ཡོང་ནས་ནད་ལ་བརྟག་བཞིན་ཡོད་པས། དངོས་གནས་བཟང་བོ་རེད”ཟེར། 

ཐོག་མར་གཞི་རིམ་ནས་ནད་བརྟག་སྨན་བཅོས་བྱེད་པ་དང་། རིམ་པ་དགར་ཏེ་ནད་བརྟག་སྨན་བཅོས་བྱེད་པ། ཕྱོགས་གཉིས་བརྗེ་རེས་ཀྱིས་ནད་པར་བརྟག་དཔྱད་སྨན་བཅོས་བྱེད་པ་མངོན་འགྱུར་བྱས་ཏེ“ནད་གཞི་ཆུང་ཆུང་ཡིན་ན་སྡེ་ཁུལ་དུ་སྨན་བཅོས་བྱེད་པ་དང་། ནད་ཚབས་ཆེན་ཡིན་ན་སྨན་ཁང་དུ་ནད་བཅོས་བྱེད་པ། དྲག་སྐྱེད་བྱུང་རྗེས་སྡེ་ཁུལ་དུ་ཕྱིར་ལོག་པ”ཡི་ནད་བརྟག་སྨན་བཅོས་ཀྱི་དཔེ་དབྱིབས་ཤིག་ཇི་ལྟར་འཛུགས་དགོས་ཞེས་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་སྲང་ལམ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཚད་གཞི་ཞེས་པ་དང་། ཁྱིམ་ཚང་སྨན་པའི་དཔེ་དབྱིབས་ཀྱི་བདེ་ཐང་དོ་དམ་གན་རྒྱའི་ཞབས་ཞུ་ལྟར། ཁོངས་གཏོགས་ས་ཁུལ་གྱི་ཁྱིམ་ཚང་སྟོང་བརྒྱད་ལྷག་ཡོད་པ་དེ་ས་ཁུལ་ལྟརA.B.C.Dཡི་ཁུལ་ཆེན་བཞི་རུ་བཀར་ལ། ཁུལ་རེར་སྡོད་དམངས་སྟོང་གཉིས་ལྷག་ཡོད་པ་དང་། ཁྱིམ་ཚང་རེ་རེར་སོང་སྟེ་གན་རྒྱའི་ཞབས་ཞུ་སྤེལ་བ་རེད། 

སྐྱེ་རྒུ་སྲང་ལམ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་རིང་ཉི་མས་མཚམས་སྦྱོར་བྱས་པ་ལྟར་ན། ང་ཚོས་ཡུས་ཧྲུའུ་རྫོང་གི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་རེར་ཀུན་བརྟག་སྨན་པ་གཅིག་རེ་དང་། སྤྱི་བའི་འཕྲོད་བསྟེན་གྱི་ཞབས་ཞུའི་མི་སྣ་གཉིས་རེ་མངགས་ཏེ་ནད་པའི་ཁྱིམ་ཚང་དུ་ཞབས་ཞུ་འདོན་སྤྲོད་བྱས་ནས་ནད་ལ་རྒྱུས་ལོན་དང་ཐོ་འགོད། ཁ་ཕྱོགས་གཏན་ཁེལ་གྱིས་གན་རྒྱ་འཇོག་པ་དང་། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་དཔང་ཡིག་བྱིན་པར་མ་ཟད། ད་དུང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་བྱང་བུ་སྦྱར་ཅིང་། གན་རྒྱ་བཞག་པའི་ཁྱིམ་ཚང་རེ་རེར་སོང་སྟེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྲིད་ཇུས་དང་ཞབས་ཞུའི་སྲིད་ཇུས་དང་ཞབས་ཞུའི་ནང་དོན་ལ་འགྲེལ་བཤད་ཞིབ་མོ་བྱས། གན་རྒྱ་བཞག་པའི་ཁྱིམ་ཚང་སྟོང་གཅིག་ལྷག་གི་སྡོད་དམངས་ཀྱིས་ང་ཚོའི་བྱ་བར་ཁས་ལེན་གང་ལེགས་བྱས་དང་བྱེད་བཞིན་ཡོད་ཟེར། 

“ཁྱིམ་ཚང་སྨན་པ”ཡི་གན་རྒྱ་བཞག་པའི་ཁྱིམ་ཚང་རེའི་སྒོ་ངོས་སུ་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་བྱང་བུ་སྦྱར་ཡོད་ཅིང་། དེ་ནི་ཞིང་ཆེན་ཡོངས་ལ་མཚོན་ནས་བཤད་ན་ཐོག་དང་པོ་རེད། སྔར་ལས་བཟང་པོའི་སྒོ་ནས་སྡོད་དམངས་ལ་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། གན་རྒྱའི་ཡིག་ཚགས་ཀྱི་ཨང་རྟགས་དང་སྒོ་བྱང་གི་ཨང་རྟགས་གཉིས་གཅིག་མཚུངས་ཡིན་ལ། ཡུས་ཧྲུའུ་ས་ཁུལ་གྱི་སྡོད་དམངས་སྔར་ལས་མང་པོར“ཁྱིམ་ཚང་སྨན་པ”ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།