སྤྱི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། གསར་འགོད་པས་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། དབུལ་ཐར་མཁྲེགས་གཏོར་བྱ་བ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ལམ་ལུགས་དང་དབུལ་སྐྱོར་འཕེལ་རྒྱས་སྲིད་ཇུས་དེ་ནུས་ལྡན་སྒོས་འབྲེལ་མཐུད་དང་ལས་ཆོད་ཇེ་མགྱོགས་སུ་གཏོང་བ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཅན་རྩ་བ་ནས་དབུལ་ཐར་བྱེད་རྒྱུ་ནུས་པ་འདོན་སྤེལ་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་དབུལ་སྐྱོར་ལས་དོན་ཁང་། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་ལས་དོན་ཁང་བཅས་ལ་མཉམ་འབྲེལ་བྱས་པ་བརྒྱུད་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གོང་སྤེལ་སྲིད་ཇུས་ནུས་ལྡན་ངང་ལག་བསྟར་བྱེད་པའི་ཇུས་གཞི་བཏོན་པ་རེད།
ཇུས་གཞིའི་ཁྲོད། རང་ཞིང་གིས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་དང་མཐུན་པར་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བཟོ་རྒྱུ་ཡིན་པ་དང་། བྱ་བའི་བཀོད་སྒྲིག་གི་གོ་རིམ་ལྟར་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་སྟེ། དབུལ་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་ཞིང་སྡེའི་འགན་སྲུང་ཅན་གྱི་ཁྱིམ་ཚང་བྱ་བའི་བཀོད་སྒྲིག་གི་གོ་རིམ་ལྟར་ཡིག་ཚགས་བྱང་བུའི་ཁྱབ་ཁོངས་ཁྲོད་བཞག་ནས། ཡིག་ཚགས་བྱང་བུའི་ཁྱབ་ཁོངས་ཁྲོད་བཞག་མེད་པའི་མ་མཐའི་འཚོ་བའི་འགན་སྲུང་ཅན་གྱི་ཁྱིམ་ཚང་དང་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་མི་སྣར་གཅིག་གྱུར་སྒོས་མ་དངུལ་ཐོན་རྫས་ཀྱི་ཕན་ཁེ་སོགས་དབུལ་སྐྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་པར་བྱས་ཏེ་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་རེད། དུས་མཚུངས་སུ། འགན་སྲུང་བྱ་ཡུལ་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཅན་གྱི་འགན་སྲུང་ཁྱབ་ཁོངས་སྔར་ལས་ཇེ་རྒྱས་སུ་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་གི་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་ཞིང་སྡེའི་འགན་སྲུང་གི་ཁྱབ་ཁོངས་ཁྲོད་བཞག་ནས། འཚོ་བ་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན་དང་དཀའ་ཁག་ཅན་གྱི་བྱིས་པའི་འཚོ་བའི་དཀའ་ཁག་ཇེ་ཆུང་དུ་བཏང་ནས་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་ལོངས་སུ་སྤྱོད་ཐུབ་པར་བྱེད་རྒྱུ་ཡིན་པ་རེད།
ལུགས་མཐུན་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པའི་ཐད་ནས། རང་ཞིང་གིས་ཞིང་སྡེའི་མ་མཐའི་འགན་སྲུང་གི་ཚད་གཞི་དང་དབུལ་སྐྱོར་ཚད་གཞིའི་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་པ་རེད། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་སྐབས་བསྟུན་གྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་གཅིག་བར་ཇེ་མཐོར་བཏང་ནས། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གི་བཀའ་མངག་དང་ལེན་བྱས་ཏེ། ཞང་དང་གྲོང་རྡལ་གྱི་དམངས་སྲིད་ཐིན་གྱིས་སྐབས་བསྟུན་རོགས་སྐྱོབ་མ་དངུལ་སྒོར་སྟོང་གཉིས་བར་ཇེ་མཐོར་བཏང་བ་རེད།
དེ་ལས་གཞན་ད་དུང་། རང་ཞིང་གི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་མ་མཐའ་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་ལམ་ལུགས་བཙུགས་ཏེ། དབུལ་ཐར་ཁྱིམ་ཚང་གི་ཡོང་འབབ་འགྱུར་ལྡོག་དང་འཚོ་བའི་འགྱུར་ལྡོག་ལ་དོ་སྣང་བྱས་པར་མ་ཟད། དཀའ་གནད་ཅན་གྱི་ཁྱིམ་ཚང་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།