གཅིག༢༠༡༧ལོའི་ཟླ༨པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་མཛད་པར་ཕེབས་ནས་བྱ་བར་མཛུབ་སྟོན་མཛད་དེ། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་ཤུགས་བསྣོན། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཡོང་བར་དམ་འཛིན་བྱེད་དགོས་པ་བཅས་ཀྱི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་། འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འབད་འཐབ་དམིགས་འབེན་གསལ་བོར་བཏོན།
འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཐོང་ཆེན་བྱེད་པའི་བླང་བྱ་གལ་ཆེན་ཡིན་པས། མཚོ་སྔོན་མུ་མཐུད་དུ་མདུན་དུ་སྐྱོད་པར་ཁ་ཕྱོགས་གསལ་བོ་བསྟན་ཞིང་། མིག་རྒྱ་ཡངས་པོ་བསྐྱེད། གོ་སྐབས་གསར་བ་སྤྲད། རྩ་བའི་སྲུང་བྱ་བཏོན། མདོར་བསྡུས་ན་མཚོ་སྔོན་མི་དམངས་ཀྱི་འབད་འཐབ་དམིགས་འབེན་ནི་མཚོ་སྔོན་དེ་ལས་ལྷག་པའི་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་དེ་རེད།
གཉིས།འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དངོས་སུ་མཚོ་སྔོན་ལ་བྲིས་པའི་འཆར་འགོད་ཀྱི་དཔེ་རིས་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སྤྲོ་སེམས་ཀྱིས་ཁེངས་ནས་ཁ་ཕྱོགས་ལ་ངེས་ཤེས་གསལ་བོར་རྙེད་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཡིད་ཆེས་ཀྱིས་བརྟས་པར་མ་ཟད། ཕྲག་གི་འོས་འགན་དང་འགན་ཁྲི་ཤིན་ཏུ་ལྕི་ལ་གལ་ཆེ་བ་གསལ་བོར་རྟོགས།
འདས་པའི་ལོ་གཅིག་གི་ནང་དུ་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འབད་འཐབ་དམིགས་འབེན་གྱི་འབོད་སྐུལ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་བཅིངས་འགྲོལ་དང་། ཤུགས་ཆེན་པོས་མུ་མཐད་དུ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་། དཔལ་འབྱོར་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་བཅས་དར་སྤེལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱ་བར་གྲུབ་འབྲས་གསར་བ་ལོན་པར་འབད་བརྩོན་བྱས།
ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་ལྗང་མདོག་གི་འཕེལ་རྒྱས་ལམ་བུ་ཞིག་དང་། སྐྱེ་ཁམས་ཀྱི་འཕེལ་རྒྱས་ལམ་བུ་ཞིག ཚན་རིག་གི་འཕེལ་རྒྱས་ལམ་བུ་ཞིག་རེད། དེ་ལྟ་བུའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན་ངེས་པར་དུ་ཏན་ཏན་ཏིག་ཏིག་བཞི་དང་བསྒྱུར་བ་བཞི་ལག་ལེན་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་སྐྱོད་རྒྱུན་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་སྐོར་ཐེངས་གསར་བའི་འཕེལ་རྒྱས་ཁྲོད་དུ་རང་རྟོགས་ཡོད་པའི་སྒོ་ནས་མཐུན་སྦྱོར་རྒྱུན་མཐུད་ཀྱི་འཕེལ་རྒྱས་མངོན་དུ་འགྱུར་དགོས་ཟེར།
ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་དང་། ཞིང་ཆེན་ཏང་གི་སློབ་གྲྭའི་གཏན་ཚིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན། དགེ་རྒན་ཆེན་མོ་ཝུའུ་ཡུས་མེན་གྱིས་བཤད་རྒྱུར། འབྱོར་ཕྱུག་ནི་རྨང་གཞི་དང་སྔོན་འགྲོ་ཡིན་ཞིང་། དཔལ་ཡོན་ནི་མཚོན་སྟངས་གལ་ཆེན་ཡིན་པ་རེད། འཆམ་མཐུན་ནི་སྤྱི་ཚོགས་ཡར་རྒྱས་དང་གོང་སྤེལ་གྱི་གནས་སྟངས་ཡིན་པ་དང་། མཛེས་སྡུག་ནི་སྣང་བརྙན་གྱི་མཚོན་བྱེད་རེད། འདི་བཞི་བོ་ཕན་ཚུན་བར་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་བར་ཡར་སྐུལ་དང་སྤེལ་རོགས་བྱེད་ཐུབ། དེ་བས་ང་ཚོས་དམིགས་འབེན་དེ་གཙོར་བཟུང་ནས་ངེས་པར་དུ་དབྱེ་ཞིབ་གཏིང་ཟབ་དང་བྱེ་བྲག་གི་འཆར་འགོད་བཟོས་ཏེ་མཐའ་མཇུག་གི་དམིགས་འབེན་འདི་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་འདོན་དགོས་ཟེར། འཐུས་མི་གཉིས་ཀྱི་གཏམ་བཤད་ལས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཕྲག་ཏུ་ལྗིད་ཏིག་ཏིག་གི་འགན་འཁྲི་ཆེན་པོ་ཡོད་པ་གསལ་བོར་རྟོགས།
གསུམ།༢༠༡༦ལོར་ཕྱིར་དྲན་དང་མཚོ་སྔོན་གྱི་སའི་ཁྱོན་ལ་ཕྱིར་ལྟ་བྱེད་དུས། གྲོང་ཁྱེར་ནས་རོང་འབྲོག་ཁུལ་དང་། སློབ་གྲྭ་ནས་ལས་ཁུངས། ཁེ་ལས་ནས་སྡོད་ཁུལ་བར་དུ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དམིགས་འབེན་དེ་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་ཡོད་པས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དེ་མཚོ་སྔོན་གྱི་འཛིན་མའི་ཁྱོན་དུ་རྩ་བ་ཚུགས་ཤིང་ཡན་ལག་རྒྱས་ཡོད།
ད་སྐབས། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ལན་ལུང་ཁུག་གྲོང་རྡལ་ཁ་གཡང་སྡེ་བར་མཚོན་ན། སྔོན་ཆད་དང་མི་འདྲ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་སྡེ་མི་རྣམས་ལ་ནང་སེམས་དང་ཕྱིའི་འགྱུར་བ་གང་རུང་གི་ཆ་ནས་རྣམ་པ་གསར་བ་མངོན་ཡོད་པ་དང་། ཁོད་ཡངས་བའི་སྣུམ་ལམ་གྱིས་སྦྲེལ་བའི་ཞིང་ཁྱིམ་གསར་བ་རེ་རེ་ཡིས་སྔོན་ཆད་ཀྱི་ཁང་རྙིང་དག་གི་ཚབ་བྱས་ཡོད་པར་མ་ཟད། ཁ་གཡང་སྡེ་བར་ཡུལ་སྐོར་གཞུང་ལམ་ཤར་གཏོང་བྱས་ཡོད་པས། དེ་ནི་རང་ཞིང་གི་རིག་གནས་དང་ལུས་རྩལ་མཉམ་ལས་གོང་སྤེལ་གྱི་ཞིང་གྲོང་ཡུལ་སྐོར་གྱི་རྣམ་པ་གསར་བས་དབུལ་ཕོངས་སྡེ་བ་ཕྱུག་འགྱུར་གྱི་ལམ་ལ་སྐུལ་འཁྲིད་བྱེད་པའི་ལྗོངས་ཁུལ་གཅིག་པུའང་ཡིན།
༢༠༡༦ལོའི་ཟླ༡༢པར་དཔྱད་ཞིབ་རྩིས་ལེན་བྱས་པ་བརྒྱུད། ཁ་གཡང་སྡེ་བ་དེ་དབུལ་ཕོངས་སྡེ་བ་ལས་ཐར། སྡེ་མི་ཀྲང་ཝན་ཧུའུ་ཡིས་དབུལ་ཐར་གྱི་གཟི་བརྗིད་དཔང་ཡིག་ལག་ཏུ་བཟུང་ནས་ཡིད་འགུལ་ཆེན་པོས་བཤད་རྒྱུར། བདེ་སྐྱིད་ཀྱི་འཚོ་བ་རང་གི་མིག་མདུན་དུ་ཡོད་པ་སེམས་ལ་ཡང་དྲན་མ་མྱོང་ཟེར། ད་ལྟ་སྡེ་བ་ཡོངས་ཀྱི་འཚོ་བར་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད། དབུལ་སྐྱོར་ཡུལ་སྐོར་གཞུང་ལམ་སྒོ་ནང་དུ་ཐོན་ཡོད་པས། ཁྱིམ་ཚང་རེ་རེས་ཞིང་གྲོང་གི་ཡུལ་སྐོར་ཐོན་ལས་གཉེར་བཞིན་ཡོད།
སྡེ་མི་རྣམས་གཅིག་ཏུ་འདུས་དུས་ཁ་གཡང་སྡེ་བར་དཔྱིད་ཀ་སྔོན་ལ་སླེབས་སོང་ཞེས་ཕན་ཚུན་ལ་བཤད་ཅིང་། དེ་ནི་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དཔེ་མཚོན་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།
བཞི།སྔར་ལས་འབྱོར་ཕྱུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཇེ་དྲག་ཏུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་རྣམས་ལ་འགན་སྲུང་ཡོད་ཅིང་། སྤུས་ཚད་མཐོ་བ། བདེ་སྐྱིད་ལྡན་པ་བཅས་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་རེད། དེ་བས་ང་ཚོས་དཔལ་འབྱོར་གྱི་སྒྲིག་གཞི་ལེགས་སྒྱུར་དང་རིམ་སྤར་བྱེད་པ་དང་། རྒྱལ་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱ་བ་དེ་འཕེལ་རྒྱས་ཀྱི་གནད་སར་བཞག་སྟེ། བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་དེ་བས་ཇེ་མཐོར་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་དགེ་མཚན་གཟེངས་སུ་བཏེགས་ནས་ལྗང་མདོག་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་ལ་སླེབས་པར་བྱས་ནས། དཔལ་འབྱོར་གྱི་སྡོམ་གྲངས་དེ་སྒོར་དུང་ཕྱུར་ཡན་ལ་བསླེབས་པར་བྱེད་པ་དང་། དབུལ་ཕོངས་མི་གྲངས་དུས་ལྟར་དབུལ་ཕོངས་ལས་ཐར་བ། མངའ་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་དེ་ཐག་གཅོད་ལེགས་པོ་བྱས་ནས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཐོག གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་ཐུབ་པར་བྱེད་དགོས།
དཔལ་ཡོན་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན། སྔོན་ཐོན་དང་དགེ་ལས་ལ་དགའ་བ། མཐུན་སྒྲིལ་དང་མཛའ་བརྩེ་ཟབ་པ། ཡིད་རྟོན་དང་རོགས་རེས་ལ་འབད་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་སུ་འགྱུར་དགོས། དེ་བས་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་དཀྱིལ་སྙིང་རིན་ཐང་ལྟ་བ་དེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཤིང་། མི་རྣམས་ཚན་རིག་ལ་གོང་བཀུར་དང་། གཞུང་དྲང་ཡིད་རྟོན། ལས་བརྩོན་ཁྲིམས་སྲུང་། མཐུན་སྒྲིལ་འཆམ་མཐུན་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཡོངས་དཔལ་ཡོན་གྱི་ཆུ་ཚད་མཐོ་ཤོས་ལ་སྙེག་པར་བརྩོན་ལེན་བྱེད་རྒྱུ་དེ་རེད། དེའི་སྐབས་སུ། རིག་གནས་ཀྱི་སྟོབས་ཤུགས་མངོན་གསལ་ཡིན་ལ། རིག་གནས་ཀྱི་ཞབས་ཞུ་སྒྲིག་ཆས་དང་དྲ་རྒྱའི་བརྡ་འཕྲིན་གྱི་ཁེབས་རྒྱ་དེ་གྲོང་ཁྱེར་དང་གྲོང་གསེབ་ལ་བསྐྱེད་ཐུབ་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་དེ་ཕུན་སུམ་ཚོགས་པོར་འགྱུར་ཐུབ་པར་མ་ཟད། མི་དམངས་ཀྱི་དམངས་གཙོ་ལམ་ལུགས་དེ་སྔར་ལས་འཐུས་སྒོ་ཚང་ཞིང་། ཁྲིམས་བསྟར་ཞིང་ཆེན་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་འཛིན་ལ་ཀུན་ཀྱིས་ཡིད་ཆེས་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་འགྲོ་སྲིད།
སྔར་ལས་འཆམ་མཐུན་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན། སྤྱི་ཚོགས་ཀྱི་ཁ་འཆམ་ཞིང་། མི་རིགས་བར་ཞེ་མཐུན་པ། ཆོས་ལུགས་བར་ཞི་འཇམ་པ། མི་དང་རང་བྱུང་བར་འདྲིས་སྙོམས་པ་ཞིག་ཡོང་དགོས། དེ་བས་ང་ཚོས་ཕྱོགས་སོ་སོ་དང་རིམ་པ་ཁག་གི་ཕན་ཁེའི་འདོད་བློ་ཡར་ཞུ་དང་མཐུན་སྦྱོར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དང་ནུས་པ་དེ་དེང་རབས་ཅན་གྱི་ཆུ་ཚད་དུ་བསླེབས་པའི་ཕྱོགས་སུ་འབད་འཐབ་བྱས་ན། རིགས་སོ་སོའི་མང་ཚོགས་མཉམ་སྡོད་མཉམ་གནས་དང་། མཉམ་སློབ་མཉམ་གྲོས་ཀྱི་རྣམ་པ་ཆགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་འཛུགས་བསྐྲུན་བྱེད་ཐུབ་ལ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ནུས་པ་མཐོ་ཞིང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་ཡོང་བ་བྱེད་ཐུབ་པ་མ་ཟད། ལྷད་མེད་འཛད་སྤྱོད་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་སུ་ཡང་འགྱུར་ཐུབ།
སྔར་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན། རི་ཆུ་མི་གསུམ་གྱི་མཛེས་པ་དེ་མཛེས་པའི་ཀྲུང་གོའི་འོད་དུ་འཚེར་བའི་མིང་བྱང་དུ་འགྱུར་དགོས། དེ་བས་ང་ཚོས་གཞི་རྩའི་སྟེང་བྱེད་ནུས་ཁུལ་གཙོ་བོའི་སྒྲིག་བཀོད་ཆགས་སུ་བཅུག་ཏེ། ཁོར་ཡུག་སྲུང་སྐྱོབ་དེ་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་དེ་བས་འཐུས་ཚང་དུ་བཏང་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་ཐུབ་པར་བརྩོན་ལེན་བྱས་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་དགོས། དེའི་སྐབས་སུ་སྲུང་ཡོལ་གཅིག་དང་རྒྱུད་གཉིས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གྱུར་ནས། རྒྱལ་དབང་ས་ཞིང་ལྗང་སྒྱུར་ལ་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་ལ་སླེབས་པར་བྱེད་ཐུབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་འགན་ཡང་ཁྱོན་ཀུན་ནས་ཡོངས་འགྲུབ་བྱེད་ཐུབ་པས། ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་དེ་འཚོ་སྡོད་དང་ལས་གཉེར་ལ་འཚམ་པ་མ་ཟད། མཛེས་སྡུག་ལྡན་པའི་ཞིང་གྲོང་སྐར་ཚོམ་བཞིན་བཀྲ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་བ་ཞིག་ཀྱང་གཞི་ནས་མངོན་ཐུབ།
ལྔ།དམིགས་འབེན་དེས་མི་སེམས་ལ་སྤོབས་པ་བསྩལ་ཞིང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་འོད་སྣང་གིས་ཡོངས་སུ་ཁེངས།
ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་འགྲེང་ཏེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གལ་ཆེན་ལག་ལེན་མཐའ་འཁྱོལ་བྱེད་དགོས། དགོངས་དོན་དེ་ནི་དེང་གི་ཀྲུང་གོ་བདེ་བླག་དང་སྐྱོན་བྲལ་ངང་མདུན་དུ་བསྐྱོད་པའི་ལམ་སྟོན་ལྟ་བུ་ཡིན། ང་ཚོས་ངེས་པར་དུ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་འབད་བརྩོན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཁྲོད་དུ་ཁ་ཕྱོགས་ལ་ཡང་དག་པས་ངོས་འཛིན་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་གནད་དོན་སེལ་དགྲོད་བྱས་ནས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དེ་གྲུབ་འབྲས་གསར་བ་ལེན་པར་འབད་པ་ཆེན་པོ་བྱེད་དགོས།
ངེས་པར་དུ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས། དེ་ནི་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དར་ཆ་ལྟ་བུ་ཡིན། ང་ཚོས་ངེས་པར་དུ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་སྐྱོན་བྲལ་གོང་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་འགན་སྲུང་ལེགས་བཅོས། ཏང་ནང་ཁུལ་གྱི་འཚོ་བ་ཚད་ལྡན་དམ་འཛིན་བཅས་ལ་སྐུལ་འདེད་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ། བྱ་གཞག་ཡོངས་ལ་ཡར་ཐོན་ཆེན་པོ་ཡོང་བར་བརྩོན་ལེན་བྱེད་དགོས།
ངེས་པར་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། དཔལ་འབྱོར་གྱི་ནུས་ཤུགས་ཞན་པའི་ནུབ་རྒྱུད་དུ་ཆགས་པའི་མཚོ་སྔོན་ལ་མཚོན་ན། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་གནད་འགག་གི་མངའ་ཁོངས་དང་གནད་འགག་གི་མཚམས་སུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ལམ་ལུགས་ཀྱི་ནང་རྐྱེན་གནད་དོན་ཐག་གཅོད་དང་། བསམ་བློ་བཅིངས་འགྲོལ་དང་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན་དགོས།
ངེས་པར་དུ་ཁྲིམས་བསྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་བྱེད་དགོས། ཁྲིམས་སྐྱོང་ནི་མཚོ་སྔོན་སྐྱོང་ཐབས་ཀྱི་གཞི་མ་ཡིན། ང་ཚོས་ངེས་པར་དུ་ཁྲིམས་སྐྱོང་མཚོ་སྔོན་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་ཕུང་བོ་བཅས་གཞི་གཅིག་ཏུ་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་དེ་གཙོ་གནད་དུ་འཛིན་པའི་དུས་མཚུངས་སུ། ས་གནས་ཀྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་ནས་ཁྲིམས་འཛིན་ལ་ཡིད་རྟོན་བྱེད་ཚད་ཇེ་མང་དང་དམངས་ཡོངས་ཀྱི་ཁྲིམས་སྐྱོང་གི་ལྟ་བ་དང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྤྱི་ཚོགས་དྲང་གཞག་འདྲ་མཉམ་ལ་སྐུལ་འདེད་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་བསྐྲུན་དགོས།
ངེས་པར་དུ་མི་དམངས་ལ་བློ་གཅིག་སེམས་གཅིག་གིས་བདེ་སྐྱིད་བསྐྲུན་དགོས། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་སྨོན་པའི་རེ་འདུན་ནི་ང་ཚོའི་འབད་བྱའི་དམིགས་འབེན་དེ་ཡིན། ང་ཚོས་ངེས་པར་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མ་སྐུལ་དང་ལེན་གྱིས་ལག་བསྟར་བྱེད་དགོས་པ་དང་། བསམ་བློ་གཏོང་བ་དང་དོན་དག་སྒྲུབ་དུས་ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས། ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ཕྱུག་པོར་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་མི་དམངས་ཀྱི་བདེ་རྩར་ཐུག་པའི་གནད་དོན་དག་ཐག་གཅོད་ལེགས་པོ་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱིས་རང་གི་རྩོལ་བ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ཁྲིད་སྟོན་ཡག་པོ་བྱེད་དགོས།
ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བའི་བྱ་བ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས། མཚོ་སྔོན་གྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས་ན་གནད་འགག་ནི་ཏང་གི་མགོ་ཁྲིད་ལ་རག་ལས། ང་ཚོས་ངེས་པར་དུ་ཏང་གཟབ་ནན་སྒོས་སྐྱོང་བ་དང་གཟབ་ནན་སྒོས་འཛིན་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ཏེ། ཏང་གི་མགོ་ཁྲིད་གཟེངས་ཐོན་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་དེ་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་བྱེད་པའི་སྣེ་འཁྲིད་གཙོ་བོར་བཞག་ནས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས།
འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བཞག་པའི་དམ་བཅའ་འམ་ཁས་ལེན་ཡིན་ཞིང་། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཡོངས་ཀྱི་འགན་འཁྲི་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་བསྡུས། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཀྱི་ལས་དབང་བསྒྱུར་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་གསར་བ་ དང་འགྱུར་མེད་དམ་བཅའ་བཅས་ཀྱི་འབད་བྱའི་དམིགས་འབེན་དེ་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་གལ་ཆེན་སྟེང་གཅིག་གྱུར་བྱས་ནས་འཐབ་ཇུས་ཀྱི་དམིགས་འབེན་རྒྱུན་འཁྱོངས་དང་། སྤོབས་པ་ཆེར་བསྐྱེད། བདེན་འཚོལ་དོན་གཉེར། དཀའ་སྤྱད་ལས་བརྩོན་གྱི་སྒོ་ནས་སྐབས་རེས་མོས་ཀྱི་མགོ་ཁྲིད་ནས་གཅིག་ལ་གཅིག་བརྒྱུད་དེ། བྱ་བའི་འཆར་འགོད་ཆེན་པོའི་རྒྱུན་ལེགས་པོར་བསྐྱང་ནས་རླབས་ཆེ་བའི་དམིགས་འབེན་དེ་ངེས་པར་དུ་དོན་དངོས་སུ་འགྱུར་དགོས།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།