གུང་ཧོ་རྫོང་གིས་གནད་ཕིགས་དབུལ་སྐྱོར་ཐད་ནུས་ཤུགས་བཏོན་ནས་དབུལ་སྐྱོར་བྱ་བར་སྐུལ་སྤེལ་བྱས་པ།
2017.06.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

 ཐང་སྐར་མ་གྲོང་རྡལ་གྱི་ཀྲི་ཏེ་སྡེ་བའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་མ་བྱས་པའི་སྔོན་ལ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གཉིས་ཀྱིས་མྱུར་དུ་འགུལ་སྐྱོད་བསླངས་ཏེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་མཉམ་དུ་ཞིབ་འཇུག་བརྟག་དཔྱད་ནན་མོ་བྱས་ཤིང་། མངགས་གཏོང་ལས་ཁུངས་དང་འབྲེལ་བ་གང་ལེགས་བྱས་ཏེ་མ་དངུལ་སྒོར་འབུམ་གཉིས་ལྷག་བརྩོན་ལེན་བྱས་པ་རེད། ས་གྲུ་བཞི་ཞང་བྲ་བདའ་སྡེ་བའི་ཧྲུའུ་ཅི་དང་པོས་དེང་རབས་འདེབས་འཛུགས་ལས་རིགས་ཀྱི་འཕེལ་ཕྱོགས་བཟང་བའི་དུས་བབ་ལ་དམིགས་ཏེ། ཧུར་བརྩོན་སྒོས་མདོ་དབུས་མཐོ་སྒང་གི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི་དང་ངོ་འཕྲད་གྲོས་བསྡུར་བྱས་པ་བརྒྱུད། བྲ་བདའ་སྡེ་བ་རུ་ལི་གྲོ་སྤྱི་ཆིང་གཅིག་དང་གྲངས་ཆུང་གསུམ་ཚོད་ལྟའི་འདེབས་འཛུགས་བྱས་ཤིང་། དབུལ་ཕོངས་དུད་ཁྱིམ་བཞི་བཅུ་ལྷག་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་གཅིག་དང་ཉིས་བརྒྱ་ཁ་སྣོན་ཅི་ཐུབ་བྱས། གནད་ཕིགས་དབུལ་སྐྱོར་གྱི་ལས་དོན་སྒྲུབ་པའི་ཁྲོད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་ཧུར་ཐག་འབད་ཐག་གིས123གྱི་ལས་དོན་ནང་རྐྱེན་དོན་འཁྱོལ་བྱས་ཏེ། སྲིད་ཇུས་དངོས་འབེབས་དང་དགོངས་དོན་འགྲེལ་བཤད་ལ་ཤུགས་འདོན་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ་བཅས་ཕྱོགས་བཞི་ནས་ནུས་པ་གལ་ཆེན་བཏོན།

བྱ་བ་སྒྲུབ་པའི་ཁྲོད། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་ཁག་གིས་དྲིལ་སྒྲོག་ཆེད་སྤྱོད་བྱང་བུ་དང་རྒྱང་བརྟེན་སློབ་གསོའི་ས་གནས་བཅས་ཐག་གཅོད་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་ཡོན་ཚོགས་ཆེན་དང་སྡེ་དམངས་ཀྱི་ཚོགས་ཆེན་བསྡུ་བ། རིག་རྩལ་བྱ་འགུལ་སྤེལ་བ་བཅས་ཀྱི་རྣམ་པ་སྣ་མང་སྤྱོད་པ་དང་། ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དང་། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ཁ་གསབ་མ་དངུལ། རྩྭ་ཐང་སྲུང་སྐྱོབ་ཐད་བྱ་དགའ་དང་ཁ་གསབ་གནང་བ། གནས་ཕིགས་དབུལ་སྐྱོར་བཅས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་སྲིད་ཇུས་དང་དགོངས་དོན་གལ་ཆེན་དྲིལ་སྒྲོག་རྒྱ་ཆེན་བྱས་ཏེ། ཞིང་ཕྱུགས་ལས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྲིད་ཇུས་ལ་གོ་བ་ཟབ་མོ་ལེན་དུ་བཅུག་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ནི་སྲིད་ཇུས་ཤེས་མཁན་དུ་བསྒྱུར། གཞི་རིམ་ཏང་རྩ་འཛུགས་ལ་ལའི་རྩ་འཛུགས་ནུས་པ་ཉམས་པའམ་སྒྲིག་ལམ་མེད་པ། ཏང་རྩ་འཛུགས་འཐུས་ཚང་མིན་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། གནད་དོན་དེ་དག་གི་འབྱུང་རྐྱེན་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་། ཧུར་ཐག་འབད་ཐག་སྒོས་ཞང་དང་གྲོང་རྡལ་གྱི་ཏང་ཨུས་སྤེལ་བའི་འཛུགས་སྐྲུན་དང་རོགས་རམ་ལས་དོན་ལ་གཞོགས་འདེགས་བྱས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་ཤུགས་འདོན་མཁན་བྱས་པ་རེད།

ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཉུང་བའི་གནད་དོན་ཐག་གཅོད་ཆེད། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་མངགས་གཏོང་ལས་ཁུངས་ཀྱི་དགེ་མཚན་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱེད་པ་བཅས་ཀྱི་བཟོ་འགོད་ལས་གཞི་ཐད་གནད་ཕིགས་ཧུར་ཐག་བྱས་པའི་དུས་མཉམ་དུ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་རང་སྡོད་སའི་སྡེ་བའི་དགེ་མཚན་ལ་བརྟེན་ཏེ་སྤུས་ལེགས་དང་གནད་ཁེལ། སྤྱོད་སྒོ་ཆེ་བ་བཅས་ཀྱི་ཐད་ཧུར་ཐག་བྱས། ཕན་ནུས་ཇི་ལྟར་བརྩོན་ལེན་གང་ཐུབ་བྱེད་དགོས་པའི་ཐད་བསམ་བློ་བཏང་ཞིང་ནུས་ཤུགས་བཏོན་ཏེ། ཧུར་ཐག་འབད་ཐག་སྒོས་དབུལ་ཐར་འགག་སྒྲོལ་བྱ་བ་དེ་ཕྱི་ནས་ཁྲག་འདྲེན་པ་ནས་ནང་ནས་ཁྲག་སྐྲུན་པ་ཡི་ཕྱོགས་སུ་བསྒྱུར་པ་རེད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།