ཐེམ་ཆེན་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས“1234”དམངས་དོན་ཞབས་ཞུའི་བཟོ་འགོད་བསྐྲུན་པ།
2017.06.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 49

ཐེམ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས153ཁྲོད་དུ“ཉིན་ཐོ་དེབ་གཅིག”ལེགས་པོར་བསྒྲུབས་པ་དང་།“ལམ་ལུགས་གཉིས”རྒྱུན་འཁྱོངས་བྱེད་པ།“ཞབས་ཞུ་རིགས་གསུམ”ཤུགས་ཆེ་རུ་གཏོང་བ།“ནང་རྐྱེན་བཞི”འཐུས་ཚང་དུ་གཏོང་བ་བཅས་ནང་དོན་གཙོ་བོ་ཡིན་པའི“1234”བཟོ་འགོད་ཁྱབ་སྤེལ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་བས། མང་ཚོགས་ཀྱི་སེམས་སུ་ཏང་ཡོན་གྱི་གཟུགས་བརྙན་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། མང་ཚོགས་ཀྱི་བློ་ལ་འབབ་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

ཤེས་ཡོན་གྲོང་རྡལ་གྱི་ལས་བྱེད་པ་གཅིག་གི«དམངས་དོན་ཉིན་ཐོ»ཡི་ནང་དུ་འདི་ལྟར་བྲིས་ཡོད་དེ། “ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ང་རང་བློ་ཐར་གྱི་ཁྱིམ་དུ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་། བཟའ་ཟླ་གཉིས་ཀར་བྱ་བ་མེད་ཅིང་། བྱིས་པ་གཉིས་ཡོད་པའི་གཅིག་ལ་ནད་བྱུང་ཡོད་པ་དང་གཅིག་ནི་ལོ་ན་ཆུང་། ན་ནིང་ལུག་བཙོངས་ཚར་བས་ཁྱིམ་ཚང་ལ་ཡོང་འབབ་ཅི་ཡང་མི་འདུག ཁོས་ནགས་སྲུང་བ་ཞིག་བྱེད་དུ་འཇུག་པའི་རོགས་སྐྱོར་ལ་རེ་བ་ཞུས་འདུག་པ་ཤེས་རྗེས། ངས་དེ་མ་ཉིད་དུ་གནས་ཚུལ་དེ་གྲོང་རྡལ་གྱི་ལས་འགན་ཁག་བགོས་མགོ་ཁྲིད་ལ་ཡར་ཞུ་བྱས་ཐོག ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་བཅས་དང་འབྲེལ་གཏུག་བྱས་ནས་བློ་ཐར་ལ་ནགས་སྲུང་མཁན་གྱི་བྱ་བ་བཙལ། ཟླ་རེ་ལ་གླ་ཕོགས་སྒོར་སྟོང་གཅིག་དང་དྲུག་བརྒྱ་ལྔ་བཅུ་ཡོད། ངས་མྱུར་དུ་བློ་ཐར་ལ་ཁ་པར་བཏང་ནས་གཏམ་བཟང་འདི་ཁོ་ལ་བཤད་པ་ཡིན།” ཐེམ་ཆེན་རྫོང་གིས“ཉིན་ཐོ་དེབ་གཅིག”གི་བྱ་བ་ཁྱབ་སྤེལ་དང་ལེགས་སྒྲུབ་བྱེད་ཆེད།«དམངས་དོན་ཉིན་ཐོ»གཅིག་གྱུར་གྱིས་དཔར་འགྲེམ་བྱས་ཏེ། ཏང་ཡོན་ལས་བྱེད་པ་མི་རེར་དེབ་གཅིག་རེ་བྱིན། དེའི་ཁྲོད་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་བྱ་བར་ཡོད་པའི་བསམ་འཆར་དང་གྲོས་གཞི། ཐོན་སྐྱེད་དང་འཚོ་བའི་དཀའ་ཁག་དང་གནད་དོན། ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱས་པའི་གནས་ཚུལ་སོགས་ཟིན་ཐོར་བཀོད་ཡོད། «དམངས་དོན་ཉིན་ཐོ»ཁྱབ་སྤེལ་དུ་བཏང་བ་ནས་བཟུང་། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་མཉམ་དུ«དམངས་དོན་ཉིན་ཐོ»དེབ་སྟོང་དགུ་དང་ལྔ་བརྒྱ་ལྷག་བྲིས་ཏེ་བསམ་འཆར་དང་གྲོས་གཞི་སྟོང་གཅིག་དང་བཞི་བརྒྱ་ཉེར་ལྔ་བསྡུ་ལེན་བྱས་པ་དང་། ཐོན་སྐྱེད་དང་འཚོ་བ། འགྲིམ་འགྲུལ། སྨན་བཅོས་སོགས་ཕྱོགས་ཀྱི་གནད་དོན་དགུ་བརྒྱ་བཅུ་དྲུག་ཟིན་བྲིས་སུ་བཀོད་ཅིང་། མིག་སྔའི་བར་གནད་དོན་བདུན་བརྒྱ་སོ་གསུམ་ཐག་བཅད་པ་རེད།

ཐེམ་ཆེན་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྡེ་བའི“ཨུ་ཡོན་ལྷན་ཁང་གསུམ”གྱི་ཚན་ཁག་གི་ཁོངས་མིས་ལས་རེས་བྱེད་པའི་ལམ་ལུགས་དང་།“སྡེ་དམངས་ལས་དོན་གྲོང་རྡལ་གྱི་ལས་བྱེད་པས་ཚབ་སྒྲུབ་ལམ་ལུགས”ཞེས་པའི“ལམ་ལུགས་གཉིས”རྒྱུན་འཁྱོངས་བྱས་ཏེ། དམངས་ཡོངས་ལ་ཁེབས་པའི་ཞབས་ཞུའི་དྲ་རྒྱ་ཞིག་བཙུགས། སྡེ་བའི“ཨུ་ཡོན་ལྷན་ཁང་གསུམ”གྱི་ཚན་ཁག་གི་ཁོངས་མིས་ལས་རེས་བྱེད་པའི་ལམ་ལུགས་ཁྱབ་སྤེལ་བྱས་རྗེས་སྡེ་བའི་ལས་བྱེད་པའི་གཙོ་གཞིའི་ནུས་པར་མངོན་གསལ་གྱིས་ཤུགས་སྣོན་ཐོབ་པས། སྡེ་བ་རིམ་པའི་ལས་དོན་འཁོར་སྐྱོད་ལས་ཆོད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། འབྲོག་ཁུལ་གྱི་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་སྔར་ལས་སྲ་བརྟན་དུ་བཏང་། བྱ་འགུལ་དེ་སྤེལ་མགོ་བརྩམས་པ་ནས་བཟུང་། བསྡོམས་པས་མང་ཚོགས་ལ་ཞབས་ཞུ་དོན་དག་སྟོང་གཅིག་བརྒྱད་བརྒྱ་བདུན་ཅུ་ཚབ་སྒྲུབ་བྱས་པ་དང་། རྩོད་གཞི་དོན་རྐྱེན་སྣ་ཚོགས་ཉིས་བརྒྱ་རེ་གསུམ་འདུམ་འགྲིག་བྱས་ལ། ཕྱུག་བསྒྱུར་ཆ་འཕྲིན་བདུན་བརྒྱ་བརྒྱད་ཅུ་ལྷག་མཁོ་འདོན་བྱས་པ་དང་། མང་ཚོགས་ཀྱི་བློ་འདྲི་མི་ཐེངས་སྟོང་གཅིག་དང་ཉིས་བརྒྱ་དྲུག་ཅུ་ལྷག་དང་ལེན་བྱས།

ཐེམ་ཆེན་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“ཞབས་ཞུ་རིགས་གསུམ”སྟེ། ཏང་ཡོན་ཞབས་ཞུའི་རྣམ་གྲངས་ལས་རྐང་ཅན་དུ་འགྱུར་བ་དང་།“བསམ་དོན་ཆུང་ངུ”ཡི་ཞབས་ཞུའི་བྱ་འགུལ་སྤེལ་བ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས“རོགས་སྐྱོར་གཉིས”ཀྱི་བྱ་བ་སྤེལ་བ་ནས་བཟུང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གྱུར།

ཐེམ་ཆེན་རྫོང་གིས་ད་དུང་དམིགས་འབེན་དོ་དམ་དང་། ཡོངས་གྲགས་ཁས་ལེན། མང་ཚོགས་ཀྱིས་དཔྱད་མོལ་བྱེད་པ། དཔྱད་ཞིབ་བྱས་རྗེས་བྱ་དགའ་དང་ཆད་གཅོད་བྱེད་པའི“ནང་རྐྱེན་བཞི”འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཞབས་ཞུ་བྱ་འགུལ་སྤེལ་བའི་བརྩོན་སེམས་སྐུལ་སློང་བྱས། དམིགས་འབེན་དོ་དམ་ནང་རྐྱེན་ཞེས་པ་ནི། ལོ་མགོར་བཞག་པའི་དམིགས་འབེན་འགན་འཁྲི་ཡི་གེ་དང་ཟུང་འབྲེལ་བྱས་འོག་ཏང་རྩ་འཛུགས་དང་ཏང་ཡོན་གནས་སའི་ལས་རིགས་དང་ལས་རྐང་ལྟར་ཞབས་ཞུའི་དམིགས་འབེན་སོ་སོ་གཏན་འབེབས་བྱས། ཡོངས་སུ་གྲགས་པའི་ཁས་ལེན་ནང་རྐྱེན་ཞེས་པ་ནི། ཏང་རྩ་འཛུགས་དང་ཏང་ཡོན་གྱི་ཞབས་ཞུའི་དམིགས་འབེན་དང་ཞབས་ཞུའི་ནང་དོན་དེ་ཏང་ཡོན་གྱིས་ཞབས་ཞུ་དང་ལེན་བྱས་ཚུལ་ལ་ཡོངས་བསྒྲགས་སྟེགས་བུ་སོགས་བརྒྱུད་དེ་ཡོངས་སུ་བསྒྲགས། མིག་སྔའི་བར། ཡོངས་སུ་བསྒྲགས་པའི་ཁས་ལེན་དོན་དག་བརྒྱ་དང་བདུན་ཅུའི་ཁྲོད་ཀྱི་དོན་དག་བརྒྱ་དང་ཞེ་བཞི་དོན་ཐོག་ཏུ་འཁྱོལ། མང་ཚོགས་དཔྱད་མོལ་ནང་རྐྱེན་ཞེས་པ་ནི། རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ལ་ཞབས་ཞུ་བྱ་ཡུལ་དང་།“འཐུས་མི་གཉིས་དང་ཨུ་ཡོན་གཅིག”བཅས་ཀྱིས་དཔྱད་མོལ་བྱེད་ཅིང་། ཞང་དང་གྲོང་རྡལ་ཏང་ཨུ་ལ་ཞང་གྲོང་ལས་བྱེད་པ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་བ། ཞང་གྲོང་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བ། ཏང་ཡོན་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་དཔྱད་མོལ་བྱེད་པ་དང་། དཔྱད་མོལ་བྱས་པའི་མཇུག་འབྲས་དེ་འགན་འཁྲི་འཁུར་མཁན་གཙོ་བོར་ཕྱིར་སློག་བྱས་པར་མ་ཟད། ཡིག་ཚགས་ཉར་ནས་དཔྱད་ཞིབ་ཀྱི་གཞི་འཛིན་ས་བྱས། དཔྱད་ཞིབ་བྱས་རྗེས་བྱ་དགའ་དང་ཆད་གཅོད་བྱེད་པའི་ནང་རྐྱེན་ཞེས་པ་ནི། གསར་སྐྲུན་གནས་ཚུལ་དེ་ལོ་འཁོར་གྱི་ཨང་རིམ་དཔྱད་ཞིབ་དང་སྔོན་ཐོན་འདེམ་པ། ལས་བྱེད་པ་བསྐོ་འཐེན་གྱི་གཞི་འཛིན་ས་གཙོ་བོ་བྱས་པ་རེད།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།