ཁྱད་ལྡན་ཐོན་ལས་ཀྱིས་རང་ཞིང་གི་སྐྱེ་ཁམས་ཕྱུགས་ལས་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ།
2017.07.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

བོད་ཀྱི་ས་ཁུལ་ཞེས་གླེང་ཚེ། མི་མང་པོ་ཞིག་གི་སེམས་སུ་འཆར་བ་ནི་སྔོ་ཞིང་བསངས་པའི་ནམ་མཁའ་དང་ལང་ལོང་དུ་འཁྲིགས་པའི་སྤྲིན་དཀར། གོས་ལྗང་ཐང་དུ་བཏིང་འདྲའི་རྩྭ་ཐང་། དྭངས་ཤིང་གཙང་བའི་ཆུ་བོ་བཅས་རེད། སྡོམ་རྩིས་བྱས་པའི་གྲངས་ཀ་ལྟར་ན། བོད་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་སྤྱིའི་རྒྱ་ཁྱོན་གྱིབརྒྱ་ཆའི་ཡན་ཟིན་པ་དང་།བོད་རིགས་མི་གྲངས་ཕལ་མོ་ཆེ་ཁུལ་དྲུག་ཏུ་ཁྱབ་ཡོད་ཅིང་། གཙོ་བོ་ཞིང་ཕྱུགས་ལས་ཐོན་སྐྱེད་གཉེར་བཞིན་ཡོད།གནས་ཚུལ་དེར་དམིགས་ནས་རང་ཞིང་གིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ཅི་ཐུབ་བྱས་ཏེ། སྐྱེ་ལྡན་ཕྱུགས་ར་ཉི་ཤུ་འཛུགས་རོགས་བྱས་པ་དང་ཚོད་ལྟའི་ཧྲེ་བརྒྱ་དང་བཅུའི་ནུས་པ་མཐོར་འདེགས་བྱས། བོད་ཁུལ་དུ་བདེན་དཔང་བྱས་པའི་སྐྱེ་ལྡན་ཕྱུགས་ལས་རྟེན་གཞི་སྤྱི་ཆིང་ཁྲི་བཞི་རྒྱ་ལ་སླེབས་པ་དང་། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཟོང་རྟགས་བརྒྱད་གསོ་སྐྱོང་བྱས་ཏེ། རྩྭ་སའི་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་ནུས་ལྡན་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་རང་ཞིང་གི་ཕྱུགས་ལས་ཐོན་སྐྱེད་ཀྱི་རྟེན་གཞི་དང་ཕྱུགས་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ་ཞིག་ཡིན་ལ། རང་ཞིང་གིས་སྐྲུན་ཅི་ཐུབ་བྱེད་བཞིན་པའི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ཁུལ་ཞིག་ཀྱང་རེད།

“ལྔ་བཅུ་གཉིས”སྐབས་སུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཧྲན་ཏུང་ཞིང་ཆེན་གྱིས་རོགས་རམ་ཆེན་པོ་བྱས་འོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་དམངས་འཚོ་ལེགས་སྒྱུར་གྱི་རྨང་གཞིར་བརྩིས་ཤིང་། ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་རང་སྐྱོང་ཁུལ་རང་སྟེང་གི་འཕེལ་རྒྱས་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས། རང་སྐྱོང་ཁུལ་དུ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བའི་ཐོན་ལས་ལེགས་ཆ་ཆགས་ཐབས་བྱས་པས། མཁར་གྲོང་གི་དཔལ་འབྱོར་ལ་ཕན་ཚུན་སྐུལ་འདེད་དང་མཐུན་སྦྱོར་ངང་གོང་དུ་འཕེལ་བའི་རྣམ་པ་མངོན་འགྱུར་བྱུང་།

ལོ་ལྔ་ཡི་རིང་ལ། “མཚོ་བྱང་ཁུལ་ལ་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ར་བ་དང་རྒྱལ་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་སྔོན་སྐྱོད་ར་བ། མཚོ་བོད་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་རྒྱལ་སྤྱིའི་བརྗེ་སྤེལ་ར་བ་དང་ཡུལ་སྐོར་ཉམས་སུ་མྱོང་བའི་ར་བ་བཅས་བསྐྲུན་པ”ཡི་དམིགས་འབེན་ལྟར། ཧྲན་ཏུང་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཚོ་སྔོན་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་སྟོང་བཞི་དང་བཞི་བརྒྱ་བཏང་བ་དང་། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་གཅིག་དང་གྲངས་ཆུང་གསུམ་ཧྲག་སྡེབ་བྱས་ཏེ། གཟན་རྩྭ་གཟན་ཆས་ལས་སྣོན་དང་ནོར་ལུག་རྒྱུད་སྤེལ། ཕྱུགས་ལས་ཐོན་རྫས་ལས་སྣོན། ཕྱུགས་ལས་ཐོན་རྫས་འགྲན་འཚོང་ཉོ་ཚོང་ལྟེ་གནས། བེད་མེད་དངོས་རོ་གནོད་པ་མེད་པའི་ངང་གཙང་སེལ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། ཕྱུགས་རྩྭ་འདེབས་པའི་ཚོད་ལྟ། ལྟ་སྐོར་ཉམས་སུ་མྱོང་བ་བཅས་དང་དེ་མིན་སྐྱེ་ཁམས་བཟང་བའི་ཕྱུགས་ཟོག་རེས་འཚོ་སོགས་ནུས་པ་སྣ་འཛོམས་ཀྱི་དཔེ་སྟོན་ར་བ་འཛུགས་སྐྲུན་བྱས།

ལས་གཞི་དེ་བཙུགས་པས་མཚོ་སྔོན་པོ་ས་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཕྱུགས་རྒྱུད་གསར་པ་གསོ་སྤེལ་དང་ས་བོན་བེད་སྤྱོད་དང་སྲུང་སྐྱོབ། ཕན་ནུས་མཐོ་བའི་གསོ་སྤེལ། ཚད་གཞི་ཅན་གྱི་ཐོན་སྐྱེད། རིམས་ནད་ཚབས་ཆེན་འགོག་བཅོས། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བཅས་དང་དེ་མིན་མཐོ་སྒང་གི་ལྟ་སྐོར་ཕྱུགས་ལས་སྤེལ་བ་སོགས་ཀྱི་ཕྱོགས་སུ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད།

ད་སྔ། མཚོ་བྱང་ཁུལ་དུ“ཁུལ་ལ་དཔེ་སྟོན་ར་བ་ཡོད་པ་དང་རྫོང་ལ་ཐོན་ལས་ར་བ་ཡོད་པ། ཞང་དང་གྲོང་རྡལ་དུ་རྒྱུད་ལེགས་གསོ་སྤེལ་རྟེན་གཞི་ཡོད་པ། སྡེ་བར་དཔེ་སྟོན་བྱེད་ས་ཡོད་པ”ཡི་འཕེལ་རྒྱས་མ་ལག་ཅིག་ཐོག་མར་ཆགས་པ་དང་། དཔེ་སྟོན་ར་བས་རྫོང་རིམ་པའི་ཐོན་ལས་ར་བ་དང་། ཞང་དང་གྲོང་རྡལ་གྱི་ཕྱུགས་རྒྱུད་བཟང་པོ་གསོ་སྤེལ་རྟེན་གཞི། སྡེ་བའི་དཔེ་སྟོན་བྱེད་ས།དེ་མིན་རིམ་པ་བཞིན་འབྲོག་ཁྱིམ་དུ་ཁྱབ་སྤེལ་དང་འཁོར་སྐྱོད་ཁྲོད་ཕན་ཚུན་སྐུལ་འདེད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཟིན།

ཕྱུགས་ལས་འཁོར་སྐྱོད་དཔལ་འབྱོར་སྤེལ་བའི་རིགས་ལམ་ལྟར། “སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་མཉམ་དུ་འཛིན་པ”རྒྱུན་འཁྱོངས་བྱས་ཏེ། རྩྭའི་ཐོན་ལས་ལས་སྣོན་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས། ཧྲན་ཏུང་ཞིང་ཆེན་གྱིས་ད་དུང་མཚོ་སྔོན་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་སྟོང་གཉིས་བཏང་ནས། རྐང་ཚ་རྫོང་དུ་ལོ་རེར་རྩྭ་འབྲུ་ཏུན་ཁྲི་གཅིག་ཐོན་སྐྱེད་བྱེད་པའི་རྩྭའི་ཐོན་ལས་ལས་སྣོན་བཟོ་གྲྭ་བཙུགས། ཁངས་གནོད་སོགས་རང་བྱུང་གནོད་སྐྱོན་ཐེབས་པའི་གནས་ཚུལ་འོག་ལུག་ཁྲི་བརྒྱ་གསོ་ཐུབ་ཅིང་། ཉིན་བདུན་ཡན་གནོད་འགོག་ཕྱུགས་སྲུང་བྱེད་ཐུབ་པས། མཚོ་སྐོར་ས་ཁུལ་གྱི་གནོད་འགོག་ཕྱུགས་སྲུང་གི་རྟེན་གཞི་ཆེས་ཆེན་པོར་གྱུར་ཡོད། དུས་མཚུངས་སུ་མཚོ་སྔོན་པོའི་མཐའ་འཁོར་གྱི་རོང་འབྲོག་པའི་ཡིད་སེམས་བཀུག་སྟེ་ཡུག་པོ་སྤྱི་ཆིང་བཞི་བརྒྱ་དང་རེ་དྲུག་གྲངས་ཆུང་དྲུག་བདུན་ལྷག་བཏབ་པ་དང་། རྨོ་བསྐྱུར་ནགས་གསོ་བྱས་ཏེ་ཕྱུགས་རྩྭ་སྤྱི་ཆིང་གསུམ་བརྒྱ་སོ་གསུམ་དང་གྲངས་ཆུང་གསུམ་ལྷག་བཏབ། མངག་ཉོ་ལྟར་གཟན་རྩྭ་སྤྱི་ཆིང་བརྒྱད་རྒྱ་བཏབ་པ་དང་། རོང་འབྲོག་པས་མ་དངུལ་རང་གྲབས་བྱས་ཏེ་གཟན་རྩྭ་སྤྱི་ཆིངསྟོང་གསུམ་གཉིས་བརྒྱ་བཏབ་པ་དེ་རེད།

ལས་གཞི་དེ་ལག་བསྟར་བྱས་རྗེས། མཚོ་བྱང་ཁུལ་གྱི་རང་བྱུང་གནོད་སྐྱོན་སེལ་བའི་ནུས་པ་ཇེ་མཐོར་བཏང་བར་མ་ཟད། ད་དུང་རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པས། “འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སྙེག་པ”མངོན་འགྱུར་བྱུང་།

གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བའི་ཁྲོད་དུ། ཕེན་ཨན་ཆུས་འབའ་གཙང་ལུང་པ་ཧོས་རིགས་ཞང་གིས་མ་དངུལ་སྒོར་ཁྲི་བརྒྱད་བརྒྱ་ལྷག་བཏང་སྟེ། “ཁྱིམ་ཚང་ཕྱུགས་ར”ཤུགས་ཡོད་རྒུས་གོང་འཕེལ་དུ་བཏང་། ཀའོ་ཨར་གོང་མ་སྡེ་བ་དང་ཀའོ་ཨར་ཞོལ་མ་སྡེ་བ། ཐང་སི་ཨར་སྡེ་བ་བཅས་ནས་ཕྱུགས་ར་བརྒྱ་དང་ཞེ་དྲུག་གིས་ནས་གསོ་སྤེལ་ལས་རིགས་ཤུགས་ཡོད་རྒུས་གོང་འཕེལ་དུ་བཏང་། མིག་སྔར། ཞང་ཡོངས་ཀྱི་ཡོང་སྒོའི་བརྒྱ་ཆའི་ཉེར་ལྔ་“ཁྱིམ་ཚང་ཕྱུགས་ར”ནས་ཡོང་བ་རེད།

རྩོམ་སྒྲིག་པ། སྐར་མ་མཚོ།