མགོ་ལོག་ཁུལ་གྱིས་ཏང་འཛུགས་བྱ་བར་དོ་དམ་བྱེད་པའི་ཐབས་ལམ་གསར་བ་བཏོད་པ།
2017.08.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

 ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས“སྐྱེ་ཁམས་སྲུང་སྐྱོབ་དང་། གནད་ཁེལ་དབུལ་སྐྱོར། སྤྱི་ཚོགས་བརྟན་འཇགས། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་མཐུན་སྦྱོར་དང་ཁྱོན་ཡོངས་ནས་སྤེལ་བ”ཡི“གནས་ལྔ་གཞི་གཅིག”གི་དྲ་མིག་ཕྱོགས་བསྡུས་ཅན་གྱིས་དོ་དམ་བྱེད་པའི་དཔེ་དབྱིབས་གསར་པ་བཏོད་དེ། ཏང་འཛུགས་བྱ་བའི་ཕན་ནུས་ཇེ་ཆེར་བཏང་ནས། ཁུལ་ཡོངས་ཀྱི་གཞི་རིམ་དུ་དྲ་མིག་ཅན་གྱི་དོ་དམ་ཡོངས་སུ་ཁེབས་པར་བྱས།

དྲ་མིག་ཅན་གྱིས་དོ་དམ་བྱེད་པའི་ཁྲོད་མགོ་ལོག་ཁུལ་གྱིས“ཁོངས་གཏོགས་ས་ཆས་དོ་དམ་དང་།རིམ་པ་ལྟར་འགན་ཁུར་པ།འགུལ་ཚུལ་ལྟར་ལྟ་སྐུལ་དོ་དམ་བྱེད་པ། གོང་འོག་མཉམ་སྒུལ”གྱི་རྩ་དོན་རྒྱུན་འཁྱོངས་བྱས་འོག “ཁུལ་ཨུ་དང་རྫོང་ཨུ།ཞང་དང་གྲོང་རྡལ།ཞིང་སྡེ་དང་སྡེ་ཁུལ།སྡེ་བའམ་ཧྲེ།དོ་དམ་པ”ཅེས་པའི་རིམ་པ་མང་བའི་དྲ་མིག་དོ་དམ་ནང་རྐྱེན་བཙུགས་པ་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཁེལ་དབུལ་སྐྱོར། སྤྱི་ཚོགས་བརྟན་འཇགས།མི་རིགས་མཐུན་སྒྲིལ།བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་བྱ་བ་རིམ་པ་བཞིན་དྲ་མིག་སོ་སོར་དངོས་འབེབས་བྱས་པ་དང་། “དྲ་མིག་ལས་དོན་ལ་ཏང་ཡོན་གྱིས་དོ་དམ་བྱེད་པ་དང་གཞི་རིམ་ལས་དོན་ཚང་མས་སྒྲུབ་པ”ཡི་ཉམས་སྣང་སྟུག་པོ་བཟོས་ནས། མི་རེ་རེ་དང་ཁྱིམ་ཚང་རེ་རེ། སྡེ་བ་རེ་རེ་ཚང་མར་དོ་དམ་བྱེད་མཁན་ཡོད་ཅིང་ཞབས་འདེགས་བཟང་པོ་བྱེད་ཐུབ་པར་ཁག་ཐེག་བྱས། དུས་མཚུངས་སུ་དྲ་མིག་པས་བྱ་བ་བསྒྲུབས་པ་བཟང་མིན་དེ་ཞིབ་བཤེར་གྱི་ནང་དོན་ནང་བཞག་ནས་ཞིབ་བཤེར་གྱི་ཚད་གཞི་གཏན་འཁེལ་གསལ་པོ་བྱས་ཏེ། འགན་དབང་གསལ་པོ་ཡིན་ཞིང་འགན་འཁྲི་མི་རེ་རེར་དངོས་འབེབས་བྱས་པས། དྲ་མིག་པའི་བརྩོན་སེམས་དང་གསར་སྐྲུན་རང་བཞིན་ཆེས་ཆེར་སྐུལ་སློང་དང་འདོན་སྤེལ་བྱས།
དྲ་མིག་པའི་དོ་དམ་ཞབས་ཞུ་དཔུང་སྡེ་ལ“གོང་ནས་འོག”ལྟ་བུའི་མགོ་ཁྲིད་པ་དང་པོས་འགན་ཁུར་པའི་དཔེ་དབྱིབས་སྤྱད་དེ། སྤྱིའི་དྲ་དཔོན(ཁུལ་ཨུའི་ཧྲུའུ་ཅི)་དང་རིམ་པ་དང་པོའི་དྲ་དཔོན(རྫོང་ཨུའི་ཧྲུའུ་ཅི)།རིམ་པ་གཉིས་པའི་དྲ་དཔོན(ཞང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི)།རིམ་པ་གསུམ་པའི་དྲ་དཔོན(སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི)།དྲ་མིག་དོ་དམ་པ(ཧྲེ་ཀྲང)།ཡན་ལག་དྲ་མིག་པ(གོ་གནས་ཁུར་མེད་པའི་ཏང་ཡོན་དང་སྐྱེ་ཁམས་བདག་སྐྱོང་པ།དབང་གྲགས་ངེས་ཅན་ལྡན་ཞིང་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་ནུས་པ་ངེས་ཅན་ལྡན་པའི་ཏང་ཡོན)བཅས་ཀྱི་རིམ་པ་མང་བའི་དྲ་མིག་དོ་དམ་ཞབས་ཞུ་དཔུང་སྡེ་བཙུགས་པར་མ་ཟད། ཞང(གྲོང་རྡལ)སྡེ་ཚན་བྱས་ཏེ་དུས་བཅད་ལྟར་མཉམ་འབྲེལ་ཚོགས་འདུ་བསྡུས་ནས་གནད་དོན་དང་དཀའ་ཁག་ཐག་གཅོད་བྱས།

དྲ་མིག་ཅན་གྱི་དོ་དམ་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་བཏང་བར་བསྟུན། ཞབས་ཞུའི་ནང་དོན་ཡང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པར་དམིགས་ཏེ། འགན་ཁུར་པ་ཚང་མས་རྨང་གཞིའི་དྲ་མིག་གི་ཁྱབ་ཁོངས་ནང་དུ་ནགས་ལས་དང་ཞིང་ཕྱུགས། ཁོར་ཡུག་སྲུང་སྐྱོབ།ཆུ་དོན་སོགས་ལས་ཁུངས་ལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་བྱེད་པར་མཐུན་སྦྱོར་དང་གཞོགས་འདེགས་ཅི་ཐུབ་བྱས་ཤིང་། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(སྡེ་སྡོད)རུ་ཁག་གིས་གནད་ཁེལ་དབུལ་སྐྱོར་དང་། ངལ་རྩོལ་ལས་ཞུགས།སྤྱི་ཚོགས་རོགས་སྐྱོབ།བཅའ་ཁྲིམས་བློ་འདྲི། རིག་གནས་ལུས་རྩལ། སྨན་བཅོས་འཕྲོད་བསྟེན། འཆར་ལྡན་བུ་སྐྱེ་སོགས་སྤྱི་པའི་དོ་དམ་ཞབས་ཞུ་སྒྲུབ་རོགས་བྱེད་པ་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་ཅི་ཐུབ་བྱེད་པ། མགོ་ཁུངས་ནས་སྔོན་འགོག་བྱེད་པ་རྨང་གཞི་བྱས་ཐོག་འགུལ་ཚུལ་ལྟར་དོ་དམ་བྱེད་པ་དང་བྲེལ་བསྟུན་ཐག་གཅོད་བྱེད་པ་ཟུང་དུ་འབྲེལ་བའི་སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་ཞི་ལྷོད་དུ་གཏོང་བའི་བྱ་བའི་ནང་རྐྱེན་བཙུགས་ཏེ། རྒྱུན་ཆད་མེད་པར་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གང་ཐུབ་བྱས་པས། ཏང་འཛུགས་ལ་བརྟེན་ནས་སྐྱེ་ཁམས་དང་དབུལ་སྐྱོར།བརྟན་འཇགས། མཐུན་སྒྲིལ། དཔལ་ཡོན་བཅས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་སོ་སོ་ནས་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་པའི་སྒང་རེད།

རྩོམ་སྒྲིག་པ། སྐར་མ་མཚོ།