རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས།
2017.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་མཚོ་སྔོན་དུ་ཕེབས་ཏེ་ལྟ་ཞིབ་བྱ་བ་སྤེལ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་དང་འགུལ་སྐྱོད་དངོས་ཡིན་ལ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཕྱོགས་ཡོངས་ནས་གཟིགས་ཞིབ་ཐེངས་ཤིག་བྱས་པ་རེད། འདི་ནི“ཆབ་སྲིད་ཀྱི་ཉམས་ལེན”ཐེངས་ཤིག་དང་། ཁོར་སྲུང་དང་སྲིད་གཞུང་ལ་ལྟ་སྐུལ་ཐེངས་ཤིག གཟབ་ནན་གྱིས་ཚད་བསྡུར་བྱེད་པ་ཐེངས་ཤིག་ཡིན་པས། ཤུགས་གང་ཡོད་བཏོན་ནས་ཁོར་སྲུང་ལྟ་ཞིབ་བྱ་བར་རྒྱབ་སྐྱོར་དང་རམ་འདེགས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ནན་མོ་ཞིག་ཏུ་བརྩིས་ཏེ་ལེགས་འཛིན་དམ་འཛིན་བྱེད་དགོས་པའི་ངོས་ཟིན་ཟབ་མོ་ཡོད་དགོས།

ཆབ་སྲིད་ལས་འགན་དེ་ཆབ་སྲིད་ལ་དོ་སྣང་བྱེད་པའི་མཐོ་ཚད་ནས་ངོས་ཟིན་དགོས། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་ཆེན་པོ་དང་སྐུ་དངོས་ཀྱིས་སྐུལ་འདེད་བྱེད་པའི་དོན་བྱ་གལ་ཆེན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པར་སྒྲུབ་པའི་འཛིན་ལུང་ནུས་ལྡན་ཡང་རེད། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་བྱ་བའི་ལྟ་ཞིབ་ཡིན་པར་མ་ཟད། ང་ཚོས“འདུ་ཤེས་བཞི”ལག་བསྟར་བྱེད་པ་བརྟན་མིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་མཐོ་མིན་དང་། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་སྤྱོད་ཚུལ་བསྒྱུར་བ་དོན་དངོས་ཡིན་མིན། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་བྱས་པ་བཟང་མིན་བཅས་ལ་ཞིབ་དཔྱད་ཅིག་རེད། ཁོར་ཡུག་གི་གནད་དོན་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་ཞིང་། ཁོར་སྲུང་ལྟ་ཞིབ་བྱ་བས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྐྲུན་བཞིན་པའི་སྒང་ཡིན་ལ། མི་དམངས་ཁྲི་སྟོང་མང་པོར་བདེ་སྐྱིད་སྐྲུན་པ་དང་། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་བཞིན་པའི་སྒང་རེད།

ཆབ་སྲིད་ལས་འགན་ནི་ཆབ་སྲིད་ལ་དོ་སྣང་བྱེད་པའི་མཐོ་ཚད་ནས་དམ་འཛིན་ལེགས་འཛིན་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་ཤེས་པ་དང་། ཆབ་སྲིད་ཀྱི་རྣམ་འགྱུར་བརྟན་པོར་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་བཅས་ཀྱིས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཏང་གཤིས་རྩ་དོན་བརྟན་པོ་དང་ཆབ་སྲིད་ཀྱི་རྣམ་འགྱུར་གསལ་པོར་བརྟེན་པ། བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་བཅས་ཀྱི་ཚད་མཐོན་པོས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་རང་རྟོགས་སྒོས་ལེགས་པར་སྒྲུབ་པར་རམ་འདེགས་བྱས་ཏེ། ཆབ་སྲིད་ལས་འགན་ཏེ་ཤུགས་གང་ཡོད་བཏོན་ནས་ལེགས་འགྲུབ་བྱེད་དགོས། རང་འགུལ་གྱིས་ཞིབ་བཤེར་དང་ལེན་དང་། ཁེངས་སྐྱུང་སྒོས་ཡོ་བསྲང་དང་ལེན། ཧུར་ཐག་གིས་གནད་དོན་ཐག་གཅོད་བཅས་བྱས་ཏེ། ལྟ་ཞིབ་ཐད་ཀྱི་བླང་བྱ་ཇི་བཞིན་དུ་དངོས་འབེབས་བྱེད་པ་དང་། བྱ་བ་སོ་སོའི་བཀོད་སྒྲིག་ཇི་བཞིན་དུ་དངོས་འབེབས་དམ་འཛིན་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཏང་སྲིད་འགན་གཅིག་དང་། ལས་རྐང་གཅིག་ལ་འགན་འཁྲི་གཉིས”དངོས་འབེབས་དང་ས་གནས་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ། ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཡུན་ཕན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་ཡུན་རིང་བྱས་རྗེས་འབུལ་དགོས། “འདུ་ཤེས་བཞི”དང་། བྱ་བའི་རྣམ་འགྱུར། བྱ་བའི་སྤྱོད་ཚུལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་དང་། དཔྱད་ཞིབ་འགན་འཁྲི་ལག་བསྟར་བྱེད་པ་སོགས་ཀྱི་ཕྱོགས་ནས་རང་ཉིད་ལ་གནས་པའི་གནད་དོན་རང་འགུལ་གྱིས་ཞིབ་བཤེར་ཐེར་འདོན་བྱེད་དགོས། རང་འགུལ་གྱིས་ལྟ་ཞིབ་བྱེད་པ་དེ་སློབ་གསོ་དང་ལེན་བྱེད་པའི་གོ་རིམ་དང་བྱ་བར་སྐུལ་འདེད་བྱེད་པའི་གོ་རིམ། སྤྱོད་ཚུལ་བསྒྱུར་བའི་གོ་རིམ་དང་ནུས་པ་མཐོར་འདེགས་བྱེད་པའི་གོ་རིམ་དུ་བསྒྱུར་དགོས།

ཆབ་སྲིད་ལས་འགན་འཁྲི་ལེགས་འགྲུབ་བྱེད་ན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གི་བྱ་བར་རམ་འདེགས་གང་ནུས་བྱེད་དགོས། ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པ་དང་། ཀྲུང་དབྱང་ལྟ་ཞིབ་ཚན་ཁག་གི་བཀོད་སྒྲིག་དང་བླང་བྱ་མཐའ་གཅིག་ཏུ་དང་ལེན་བྱས་ཏེ། རང་རྟོགས་སྒོས་ལྟ་ཞིབ་དང་ལེན་དང་རང་འགུལ་སྒོས་ལྟ་ཞིབ་ལ་རམ་འདེགས། ནུས་ཤུགས་གང་ཡོད་ཀྱིས་ལྟ་ཞིབ་ལ་རྒྱབ་སྐྱོར་བཅས་བྱེད་དགོས། བསམ་བློའི་ངོས་འཛིན་དང་འགན་འཁྲིའི་ལས་བགོས། ཆ་འཕྲིན་དང་དཔྱད་གཞིའི་ཡིག་ཆ། ཞབས་ཞུ་འགན་སྲུང་། གླེང་ཕྱོགས་དྲིལ་སྒྲོག་བཅས་ཀྱི་ཕྱོགས་ནས་དམ་འཛིན་བྱས་ཏེ། བྱ་བའི་འགན་འཁྲི་དོན་འཁྱོལ་དང་དག་ཐེར་དངོས་འབེབས་ལེགས་འཛིན། སྒྲིག་ཁྲིམས་ནན་མོས་འགན་འདྲི། གླེང་ཕྱོགས་ཀྱི་སྐུལ་ཁྲིད་ལེགས་པར་སྒྲུབ་པ་བཅས་ཀྱིས། འགན་འཁྲི་དང་དུས་ཚད་གསལ་པོར་བྱེད་པ་དང་། དག་ཐེར་དངོས་འབེབས་ཁྱོན་ཡོངས་དང་ལག་ལེན་མཐར་ཕྱིན་པར་བྱས་ནས། བྱ་བ་རེ་རེ་དམིགས་སར་འབྱོར་བ་དང་དོན་དག་རེ་རེར་ཚུར་སྣང་ཡོད་པར་ཁག་ཐེག་ནན་ཏན་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་ལ་ཉེ་སྐབས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་བསམ་བློ་གལ་ཆེན་གྱི་འདུ་ཤེས་དམ་འཛིན་བྱས་ཏེ། ཆུ་བོ་དྭངས་ཤིང་རི་བོ་ལྗང་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དྲག་པོར་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡི་གོམ་སྟབས་དང་ཏང་ཀྲུང་དབྱང་གི་དབྱངས་འགྲོས་དང་བསྡོངས་ནས། རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་ལས་འགན་ཕྲག་ཏུ་ལེན་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གི་བྱ་བར་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་དང་རམ་འདེགས་ལེགས་པོ་བྱེད་པ། ལྟ་ཞིབ་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་ཞིག་ཧུར་ཐག་གིས་འབྲི་དགོས།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།