ལུང་བའི་ཕུགས་ཀྱི་བསིལ་འཇམ་རླུང་བུ།
2017.08.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ལའེ་ཧྥུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་།དང་བླངས་ཞབས་ཞུ་རུ་ཁག་གིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གནས་པའི་རྒན་གསོ་ཁང་ཞེས་པའི་དངོས་བྲིས་བརྗོད་དོན་བྱ་འགུལ་སྤེལ།

ཚ་བ་ཆེ་བའི་སྤྱི་ཟླ་བརྒྱད་པའི་ནང་དུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ལའེ་ཧུྥན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་རུ་ཁག་གི་མི་ཞེ་དྲུག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་རྒན་གསོ་ཁང་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གནས། རྒན་ལ་བཀུར་ཞིང་རྒན་ལ་བྱམས་པའི་སྲོལ་བཟང་དར་སྤེལ་གཏོང་ཞེས་པའི་དང་བླངས་རུ་ཁག་གིས་བྱ་འགུལ་སྤེལ། དང་བླངས་པ་ཚོས་རྒན་པ་རྣམས་ལ་ལྭ་བ་དང་། སྐེ་དཀྲིས། སིལ་ཏོག་སོགས་བྱིན་པ་དང་མཉམ་དུ་རྒན་པ་རྣམས་ལ་འདུག་རོགས་བྱས་ནས་སྤྲོ་སྣང་དང་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རོལ་བར་བྱས་ནས་དབྱར་ཁའི་རྒན་བཀུར་ཁང་དུ་ལའེ་ཧྥུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་བཞིན་པའི་དང་བླངས་པ་ཚོས་བསྐྱལ་ཡོང་བའི་བརྩེ་བ་རོལ་ཐུབ་སོང་།

དང་བླངས་པ་ཚོ་རྒན་བཀུར་ཁང་དུ་ཐོན་པ་ན། རྒན་པ་ཚོ་དང་མཉམ་དུ་དུས་རྒྱུན་འཚོ་བའི་སྐོར་གྱི་རྒྱུན་ཤེས་ཁ་བརྡ་བྱེད་པ་དང་། རྒན་པ་རྣམས་ཀྱི་ལུས་ཕུང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། དང་བླངས་པ་ཚོས་རུ་ཁག་བགོས་ཏེ་རྒན་པ་ཚོའི་ཁང་བའི་ནང་དུ་གཙང་དག་དང་དག་སྒྲིག་བྱེད་པ་དང་། ལོ་ལོན་གྱི་སྐྲ་འཁྲུད་པ་དང་སྐྲ་བཞར་བ། ལོ་ལོན་གྱི་སེན་མོ་འབྲེག་པ་དང་རྒྱབ་རྡུང་བ། ཁྲག་ཤེད་ལ་ལྟ་བ། སྐྲ་ཤད་པ་སོགས་བྱས་ནས་ལོ་ལོན་རྒན་པར་ཞབས་ཞུ་ཕུན་སུམ་ཚོགས་པ་སྒྲུབ། ལྷད་མེད་ཀྱི་བརྩེ་སེམས་དང་བརྩེ་བའི་གཏམ་གྱིས་ལོ་ལོན་རྒན་པ་ཚོ་དགའ་སྤྲོར་རོལ་ཞིང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གནས་པའི་མཐུན་སྒྲིལ་གྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན།

ལྭ་བ་གསར་བ་ངོ་མ་ཡག་གི་ཁྱེད་རང་ཚོར་དངོས་ནས་བཀའ་དྲིན་ཆེ་ཞེས་ལོ་ལོན་རྒན་པོ་ཞིག་གི་དགའ་སྤྲོས་ངང་དེ་ལྟར་བཤད་བྱུང་།ལོ་ན་རེ་བརྒྱད་ལ་སོན་པའི་ཨ་མ་རྒན་མོ་ཚེ་རིང་སྐྱིད་དང་ལོ་ན་རེ་བཞི་ལ་སོན་པའི་ཨ་མ་རྒན་མོ་རྡོ་མཚོ་གཉིས་ཀྱིས་དང་བླངས་པ་བཀྲ་ཤིས་སྐྱབས་དང་སུང་ཅཱ་གཉིས་ཀྱི་རོགས་རམ་འོག་ཏུ་མཚོན་མདངས་རྣམ་པར་བཀྲ་བའི་ལྭ་བ་གོན་ནས་དགའ་སྤྲོའི་ངང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ལའེ་ཧྭྥན་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་དང་བླངས་བའི་ཞབས་ཞུ་རུ་ཁག་གིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གནས་པའི་རྒན་གསོ་ཁང་ཞེས་པའི་དངོས་བྲིས་བརྗོད་དོན་བྱ་འགུལ་སྤེལ།

ལྭ་བ་གསར་བ་ངོ་མ་ཡག་གི་ཁྱེད་རང་ཚོར་དངོས་ནས་བཀའ་དྲིན་ཆེ་ཞེས་ལོ་ལོན་རྒན་པོ་ཞིག་གི་དགའ་སྤྲོས་ངང་དེ་ལྟར་བཤད་བྱུང་།ལོ་ན་རེ་བརྒྱད་ལ་སོན་པའི་ཨ་མ་རྒན་མོ་ཚེ་རིང་སྐྱིད་དང་ལོ་ན་རེ་བཞི་ལ་སོན་པའི་ཨ་མ་རྒན་མོ་རྡོ་མཚོ་གཉིས་ཀྱིས་དང་བླངས་བ་བཀྲ་ཤིས་སྐྱབས་དང་སུང་ཅ་གཉིས་ཀྱི་རོགས་རམ་འོག་ཏུ་མཚོན་མདངས་རྣམ་པར་བཀྲ་བའི་ལྭ་བ་གོན་ནས་དགའ་སྤྲོའི་འཛུམ་མདངས་ཁྲོད་དུ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

སྐྱེས་སྐར་རོལ་ཚར་རྗེས། རྒན་གསོ་ཁང་གི་འགན་ཁུར་ལས་བྱེད་མི་སྣས་སྒྲ་སྒམ་བླངས་ནས་དང་བླངས་པ་དང་ལྭ་བ་གསར་བ་གོན་པའི་ལོ་ལོན་རྣམས་དང་ལྷན་དུ་སྐྱིད་པའི་སྐོར་བྲོ་འཁྲབ་ནས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཞིག་རང་བཞིན་གྱི་མངོན་ཡོང་། ཡ་ལ་སོ་ཟེར་བའི་སྒྲའི་ཁྲོད་དུ་བདེ་སྐྱིད་ཀྱིས་ཕྱུག་པའི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་སྟངས་སྟབས་མངོན་ཡོད་པ་དང་། བྱ་འགུལ་ཡང་ཆེས་རིན་ཐང་ལྡན་པ་དང་སྤྲོ་སྐྱིད་ཀྱི་རྩེ་མོར་སླེབས་འདུག

རྗེས་སུ་ཞིང་ཆེན་ནོར་སྲིད་ཐིན་གྱི་དང་བླངས་པ་དང་རྒན་གསོ་ཁང་གི་ལས་བྱེད་མི་སྣ་དག་གིས་མཉམ་དུ་ལོ་ལོན་ཚོར་ཆུ་མོག་བཟོས་པ་ཡིན། དེར་མ་ཟད་ར་སྐོར་ཕར་ཚུར་གྱང་ལས་མེད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དྭ་ཕྲུག་བྱིས་གཉོར་ཁང་དུ། བྱིས་པ་བཞི་བརྒྱ་ལྷག་ལ་རྩེད་ཆས་དང་ཟས་རིགས་སོགས་བྱིན། ད་དུང་བྱིས་པ་ཚོ་ལ་མཛའ་མཐུན་སྒོས་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཀྱང་སྤེལ།

ཧོ་ཅི་ནན། སོང་ཅཱ། ཀྲང་ཏོང་བེ་སོགས་དང་བླངས་པས་དྭ་ཕྲུག་ཁང་གི་བྱིས་པ་དག་ལ་ལང་ཚོའི་སྟོབས་ཤུགས་འདོན་སའི«ལག་རྩེད་གཅེས་ཕྲུག»ཅེས་པའི་རྩལ་སྦྱང་གི་བྱ་འགུལ་སྤེལ། དགའ་སྤྲོའི་དུས་ཡུན་ནི་ཧ་ཅང་ཐུང་ངུ་ཞིག་རེད། མིག་རྡེབ་དབང་ཙམ་གྱིས་འགྲོ་རན་འདུག ང་ཚོ་འགྲོ་ཁར་ལོ་ལོན་ཚོ་སྒོར་ཡོང་ནས་ང་ཚོ་ལ་བསྐྱལ་མ་བྱེད་པ་དང་། དང་བླངས་པའི་ལག་པར་འཇུ་ཞོར། ཁྱེད་རང་ཚོ་ཐེངས་རྗེ་མར་ཡང་ཤོག་ར། ང་ཚོའི་འདི་ན་ཟ་མ་བཟང་བོ་ཡོད་ལ། འདུག་ས་ཡང་བཟང་། ད་དུང་ཁྱེད་ཚོ་ལྟ་བུའི་མི་བཟང་བོ་དག་ང་ཚོར་བལྟ་རུ་ཡོང་མཁན་ཡང་ཡོད་ཅེས་ལོ་ལོན་ཚོས་དེ་ལྟར་བཤད།

ད་ནི་བྱ་འགུལ་ཡོངས་སུ་དེ་ལྟར་མཇུག་རྫོགས། དང་བླངས་པས་ཧ་ཅང་སེམས་འགུལ་ཐེབས་པའི་ངང་ནས་། རྗེས་ཕྱོགས་ང་ཚོ་དང་རྒན་གསོ་ཁང་གི་མཛའ་བརྩེ་སྔར་ལས་ཇེ་བཟང་ཏུ་བཏང་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་དང་། འཚོ་བའི་ཕྱོགས་ནས་རོགས་རམ་བྱེད་རྒྱུ་ཡིན་ལ། ལོ་ལོན་ལ་བརྩི་བཀུར་བྱེད་པ་དང་། ལོ་ལོན་ལ་གཅེས་པའི་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་བཏང་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཚོ་སྔོན་གྱི་མཐོ་སྒང་དུ་བཞད་དུ་འཇུག་དགོས་ཟེར།

ལོ་ཙཱ་བ། སྐར་མ་མཚོ།