2017ལོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེས་གལ་ཆེ་བའི་གནད་འགག་གི་ལོ་ཞིག
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་རྫོང་གཡུ་དགེ་ཞང་དར་དམར་སྡེ་བའི་སྐྱེ་ཁམས་དོ་དམ་ལྟ་སྲུང་བ་ཐུབ་ཚེ་ཡིས་རང་སྟེང་ནས་མ་དངུལ་གསོག་ཏེ་གད་སྙིགས་ཟས་རིགས་ལ་བརྗེ་བའི་ཚོང་ཁང་ཞིག་བཙུགས་པ་དང་། སྐྱེ་ཁམས་དོ་དམ་ལྟ་སྲུང་བས་རང་ཉིད་ཀྱི་ཁོར་སྲུང་ས་ཁོངས་སུ་འཐུས་ཡོང་བའི་བཀོལ་སྤྱོད་བྱས་ཆོག་པའི་གད་སྙིགས་རྣམས་གནས་དེར་ཁྱེར་ཡོང་ནས་ཟས་རིགས་ལ་བརྗེ་བཞིན་ཡོད། 

ཆུ་དམར་ལེབ་རྫོང་ཆུ་དམར་ཞང་ངམ་ར་སྡེ་བའི་སྐྱེ་ཁམས་དོ་དམ་ལྟ་སྲུང་ཁུལ་གྱི་ཚན་གཙོ་ཆུང་བ་བཀྲ་ཤིས་ཚེ་རིང་གིས་ཟླ་གཉིས་རེའི་ནང་ལ་རང་ཁྱིམ་གྱི་རླངས་འཁོར་བསྐོར་ནས་རང་ཁྱིམ་དང་ཁྱིམ་མཚེས་ཀྱི་གད་སྙིགས་བསྡུ་རུ་འགྲོ་བཞིན་ཡོད་པ་དང་། གད་སྙིགས་དེ་དག་སྤྱི་ལེ་སུམ་བརྒྱའི་ཕྱི་རོལ་དུ་ཡོད་པའི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གད་སྙིགས་ཐག་གཅོད་བཟོ་གྲྭར་འདྲུད་བཞིན་ཡོད། 

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་སྟེང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་སྒྲིག་སྲོལ་ཚོད་ལྟའི་བྱེད་ཐབས་ལག་བསྟར་བྱེད་པའི་བསམ་འཆར་ལ་གྲོས་ཞིབ་ཆོག་མཆན་བཀོད་དེ། ལོ་གཅིག་གི་ནང་དུ་རྨང་གཞིའི་བྱ་བ་སྲ་བརྟན་དུ་གཏོང་བ་དང་། ལོ་གཉིས་ཀྱི་ནང་དུ་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པ། ལོ་ལྔའི་ནང་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་པ་དང་། ལོ་བཅུའི་ནང་དུ་སྲུང་སྐྱོབ་དཔེ་མཚོན་གྲུབ་པའི་བྱ་བའི་དམིགས་འབེན་བཏོན། 

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་བྱས་པ་བརྒྱུད། ཕྱོགས་ཡོངས་ཀྱི་ཤེས་ལྡན་མི་སྣ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་བའི་བཅོས་སྒྱུར་བཟོ་སྐྲུན་ལ་ཡར་སྐུལ་དང་། བྱ་བ་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། ལོ་གཅིག་གི་རྨང་གཞི་བྱ་བ་སྲ་བརྟན་དུ་གཏོང་བ་ལེགས་འགྲུབ་བྱུང་། 

ད་ལྟ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྒྲིག་སྲོལ་གསར་སྐྲུན་དང་། ནང་རྐྱེན་གྲུབ་པ། ལས་གཞི་ལག་བསྟར་བྱེད་པ། ལམ་ལུགས་འཛུགས་པ། མི་སྣ་གསོ་སྦྱོང་བྱེད་པ། དྲ་ཚིགས་གི་སྒོ་ཕྱེས་པ། མཚོན་རྟགས་སོགས་ཁྱབ་སྒྲོག་བྱས། 

སྡེ་ཁག་ཆེན་མོའི་ལམ་ལུགས་ལ་བརྟེན་ནས་ཁ་ཐོར་ངང་དོ་དམ་བྱེད་པ་མེད་པར་བཟོས་པ། 

གཙང་གསུམ་འབྱུང་ཡུལ་ནི་སའི་གོ་ལའི་སྣེ་གསུམ་པ་རུ་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་དཀྱིལ་སྙིང་ཁུལ་དུ་ཡོད་ལ། དེ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་གྱི་ཆུ་བོའི་མགོ་ཁུངས་ཡིན་པ་དང་། དེ་ནི་རང་རྒྱལ་དང་ཡ་གླིང་གི་ཆྭ་མེད་ཆུ་འདོན་སྤྲོད་བྱེད་ས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་རང་རྒྱལ་དང་ཐ་ན་ཡ་གླིང་གི་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་དང་འབྲེལ་ཡོད། དེ་བས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དེ་ཧ་ཅང་གལ་ཆེན་ཞིག་ཏུ་མངོན་ཡོད་པར་མ་ཟད། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་། ཆེས་ཆེ་བའི་སྦས་ཤུགས་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། ཆེས་ཆེ་བའི་འགན་ཁུར་ཡང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ཅིང་། ཆེས་ཆེ་བའི་དམངས་འཚོ་ཡང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད། 

གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བཟང་པོ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་པོ་བྱས་ཏེ། དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱེད་པ་དེ་ནི་རང་ཞིང་གི་ཕྲག་ཏུ་བབས་པའི་འོས་འགན་གལ་ཆེན་ཞིག་ཡིན་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་བ་སྤེལ་བ་དེས་སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པར་གོ་སྐབས་འདོན་སྤྲོད་བྱས་ཡོད་པ་རེད། 

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མཚེའུ་སྟོང་གི་རྫོང་ཞེས་པའི་མཚན་སྙན་ཐོགས་ཡོད་པའི་པདྨ་རྫོང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ཁུལ་འཛུགས་པའི་གོ་སྐབས་བཀོལ་སྤྱོད་བཟང་པོ་བྱས་ཏེ། སྔོན་ལ་ཁུལ་ཡོངས་ནས་སྡེ་ཁག་ཆེན་མོའི་ལམ་ལུགས་བཅོས་སྒྱུར་བྱེད་པ་མངོན་འགྱུར་བྱུང་། 

རྨ་སྟོད་རྫོང་གིས་སྔར་ཡོད་ཀྱི་རྒྱལ་ཁབ་ས་ཁོངས་དང་། ཁོར་སྲུང་། ཆུ་བེད། ནགས་ཚལ་སྤྱི་བདེ་སོགས་སྡེ་ཁག་རྣམས་གཅིག་གྱུར་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་གི་ནང་དུ་བཞག་སྟེ། དེའི་མངའ་འོག་ཏུ་གཅིག་གྱུར་སྒོས་སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་བཙུགས་པ་དང་།  དེ་ལས་རྨ་ཆུའི་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་དོ་དམ་དང་རྒྱལ་ཁོངས་བར་སྟོང་གི་བཀོལ་སྤྱོད་དོ་དམ་ལམ་ལུགས་ཀྱི“གཅིག་གྱུར་འགན་དབང་གཉིས”ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱས། 

རྨ་སྟོད་རྫོང་གི་འགྱུར་བ་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྲུང་སྐྱོབ་དོ་དམ་ལམ་ལུགས་གསར་སྐྲུན་གྱི་བསྡུས་གཟུགས་ཤིག་རེད། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས་པ་དེས་གཙང་གསུམ་མགོ་ཁུངས་སུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཚ་རླབས་ཤིག་བསླངས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་སྡེ་ཁག་ཆེན་མོའི་ལམ་ལུགས་ཞིག་བཙུགས་ཏེ་བཅོས་སྒྱུར་བྱས་པ་དེ་ནི་མྱོང་རོལ་གསར་བ་ཞིག་ཡིན་པ་དང་། དེ་ནི་སྔར་ཡོད་ཀྱི་སྡེ་ཁག་ཆེན་མོའི་བཅོས་སྒྱུར་གཅིག་གྱུར་གྱི་ཕྱོགས་སོ་སོའི་ནུས་པ་ལས་བརྒལ་ཡོད་པ་དང་། དོ་དམ་གྱི་ཟུར་ཚད་ནས་ཕན་འབྲས་ཇེ་མཐོ་དང་། སྡེ་ཁག་གི་ཁེ་ཕན་དང་འབྲེལ་བ་གཏན་འགོག་བྱས་ནས། སྔར་ལས་བཟང་པོའི་སྒོ་ནས་མཐུན་སྦྱོར་དང་བཅོས་སྒྱུར་ཁྱབ་ཁོངས་སུ་གཅིག་གྱུར་འཆར་འགོད་བྱས། 

ལེགས་སྒྲིག་ཇེ་བཟང་དུ་གཏོང་བ་དང་། གཅིག་གྱུར་ཚད་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་མི་བྱེད་པ་དང་། སྲིད་འཛིན་ལས་དོན་སྒྲིག་ལུགས་ཁ་སྣོན་མི་བྱེད་པ། དོ་དམ་མ་ལག་འཛུགས་པ། འགན་དབང་གཙོ་བོའི་དོ་དམ་འགན་འཁྲི་སོགས་ཀྱི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་སྔར་ཡོད་ཀྱི་སྒྲིག་སྲོལ་ལས་བརྒལ་ཏེ། སྲུང་སྐྱོབ་དོ་དམ་ལམ་ལུགས་ཀྱི་སྒྲིག་སྲོལ་གསར་སྐྲུན་བྱེད་པ་མངོན་འགྱུར་བྱུང་བ་དང་། དམ་བུར་གཏོང་བ། དོ་དམ་ཁ་འཐོར་ཡིན་པ། སོ་སོར་འཛིན་པའི་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་ཏེ། མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པ་དང་ལྟ་རྟོག་དོ་དམ་བྱ་བ་ཁ་འཐོར་ཡིན་པའི་གནད་དོན་རྩ་བ་ནས་ཐག་བཅད། 

ཞིང་ཆེན་དང་ཁུལ་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་ནས་ལས་བྱེད་པ་སུམ་བརྒྱ་དང་ང་བཞི་ཡིས་ཞིང་ཆེན་དང་ཁུལ་རྫོང་ཞང་དང་སྡེ་བ་རིམ་པ་ལྔའི་དོ་དམ་ལམ་ལུགས་བཙུགས་ཏེ། རིམ་པ་སོ་སོའི་དོ་དམ་ལམ་ལུགས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་ལས་སྤོར་འགན་ཁུར་དང་། ཞོར་དུ་འགན་ཁུར་བ། བརྗེ་རེས་བྱས་ནས་འགན་ཁུར་བ་སོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། ཞིང་ཆེན་རིམ་པའི་ངོས་ཐད་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཙུགས་ཏེ། ནང་ཁུལ་དུ་ཁྲུའུ་རིམ་པའི་གཞུང་ལས་ཁང་ལྔ་བཙུགས་པ་དང་། ཁུལ་རིམ་པ་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུའི་མགོ་ཁུངས་སུ་དོ་དམ་ཨུ་ཡོན་ལྷན་ཁང་དང་། འབྲི་ཆུའི་འབྱུང་ཡུལ་གྱི་ཆུ་དམར་ལེབ་དང་། འབྲི་སྟོད། ཨ་ཆེན་གངས་རྒྱབ་ནས་དོ་དམ་ས་ཚིགས་གསུམ་བཙུགས། དེ་དང་ཆབས་ཅིག་ཏུ། འབྲེལ་ཡོད་དོ་དམ་དང་ཁྲིམས་ལག་བསྟར་བྱེད་པའི་ལས་ཁུངས་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ཞང་སྲིད་གཞུང་བཅུ་གཉིས་ནས་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱི་བྱང་བུ་བཀལ་བས། འབྲེལ་ཡོད་སྲུང་སྐྱོབ་དང་དོ་དམ་འགན་ནུས་ཁ་སྣོན་བྱས་ཏེ། ཞང་གི་ཏང་ཨུ་ཧྲུའུ་ཅི་དང་ཞང་གཙོ་སོ་སོས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་དང་འགོ་གཙོ་གཞོན་པའི་འགན་ཁུར། 

སྐྱེ་ཁམས་དོ་དམ་ལྟ་སྲུང་སྒྲིག་གཞིས་འཆམ་མཐུན་མཉམ་གནས་ལ་ཡར་སྐུལ་བྱས། 

འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོའི་མཚན་སྙན་ཐོགས་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སོ་སྐྱ་ཞང་རྐྱང་ཆེན་སྡེ་བའི་རྩྭ་ཐང་དུ། ལོ་ཞེ་གཅིག་ལ་སོན་པའི་བཀྲ་ཤིས་དོན་འགྲུབ་དང་གྲོགས་པོ་གཉིས་བཅས་མཉམ་དུ་རྟ་ལ་ཞོན་ནས་དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་བརྒྱུད་དེ་སོང་ལ། ཁོ་ཚོ་ནི་ལོ་རབས་མང་པོར་གནས་འདིར་འཚོ་ཞིང་བཞེས་པའི་མེས་པོ་རྣམས་དང་འདྲ་བར་ཕྱུགས་འཚོ་བཞིན་མེད་པར་དེ་ལས་ལྡོག་སྟེ་གནས་འདིའི་གད་སྙིགས་འཐུ་བཞིན་ཡོད། ཁོ་ཚོའི་དཔུང་བའི་སྟེང་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དོ་དམ་ལྟ་རྟོག་པའི་དཔུང་རྟགས་ཞེས་དཔར་ཡོད་པའི་རས་དམར་པོ་ཞིག་གོན་ཡོད། 

གད་སྙིགས་འཐུ་བ་དང་། ནགས་ཚལ་ལ་དོ་དམ་བྱེད་པ། ནགས་ཚལ་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ངལ་གསོའི་གནས་ཚུལ་ལ་ལྟ་རྟོག་བྱས་ནས་ནགས་ཚལ་ནང་དུ་རྐུན་མ་འཛུལ་བར་བཀག་འགོག་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་དང་འབྲེལ་བ་ཡོད་པ་ཐམས་ཅད་ཁོ་ཚོའི་ལས་འགན་གྱི་ནང་དུ་འདུས་ཡོད། 

གནད་ཕིགས་དབུལ་སྐྱོར་གྱི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྔོན་ལ་ས་གནས་དེ་ག་ནས་ཡིག་ཚགས་འཛུགས་པ་དང་བྱང་བུ་བཟོས་བའི་དབུལ་ཕོངས་ཁྱིམ་ཚང་ནས་སྐྱེ་ཁམས་དོ་དམ་ལྟ་སྲུང་བ་བདམས་ནས་སྐྱེ་ཁམས་ལྟ་སྲུང་བའི་ངོས་ཐད་ནས་རྩྭ་ཐང་ལ་བདག་སྐྱོང་ལེགས་པོ་བྱས། 

ཚོད་ལྟ་བྱ་བའི་མགོ་བརྩམས་པ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་དོ་དམ་ལྟ་སྲུང་བའི་སྤྱི་ཕན་ལས་གནས་སྒྲིག་གཞིའི་ལག་བསྟར་བྱེད་ཐབས་དང་འབྲེལ་ཡོད་སྒྲིག་ཆས་གཏན་འཁེལ་གྱི་སྲིད་ཇུས་རབས་དང་རིམ་པ་བཏོན་ནས། ཕན་འབྲས་ལྡན་པའི་སྒོ་ནས་དོ་དམ་ལྟ་སྲུང་བའི་མ་ལག་འཛུགས་སྐྲུན་བྱས། 

ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་པ་དང་། མ་ལག་ཞིག་གསོ་བྱེད་པ། གཞི་གཅིག་ཅན་གྱི་དོ་དམ་རྩ་དོན་ལྟར། རྩ་འཛུགས་ཅན་གྱི་དོ་དམ་དང་། དྲ་རྒྱ་ཅན་གྱི་བསྐོར་བསྐྱོད་ལྟ་རྟོག་གི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དོ་དམ་ལྟ་སྲུང་བའི་ལམ་ལུགས་བཟོས་ཏེ། ཞང་དང་གྲོང་རྡལ་གྱི་དོ་དམ་ལྟ་སྲུང་ས་ཚིགས་དང་། སྡེ་བ་རིམ་པའི་དོ་དམ་ལྟ་སྲུང་བའི་རུ་ཁག  དོ་དམ་ལྟ་སྲུང་ཡན་ལག་རུ་ཁག་ཆུང་བའི་རིམ་པ་གསུམ་པའི་རྩ་འཛུགས་ཤིག་གྲུབ་པ་དང་། དེས་འབྲོག་པ་མང་ཚོགས་རྣམས་ནི་རྩྭ་ཐང་བཀོལ་སྤྱོད་བྱེད་མཁན་ནས་རྩྭ་ཐང་སྲུང་སྐྱོབ་པར་གྱུར་ཏེ། མིའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་འཆམ་མཐུན་མཉམ་གནས་ལ་ཡར་སྐུལ་བྱས། 

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་མི་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཞི་རྩའི་རྨང་གཞི་ཡིན་པ་དང་། དེ་ནི་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་པ་དང་། མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་པའི་རེ་བ་ཆེས་ཆེན་པོ་ཞིག་ཏུ་གྱུར་ཡོད། 

སྲུང་སྐྱོབ་དང་བཅོས་སྐྱོང་གི་སྙིང་བོ་ནི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཡིན། སྲུང་སྐྱོབ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ཐོན་སྐྱེད་ནི་རྨང་གཞི་ཡིན་ལ། འཚོ་བ་ནི་དམིགས་ཡུལ་དང་། ཆེས་མཐའ་མཇུག་གི་དམིགས་འབེན་ནི་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་སོགས་ལས་མཉམ་དུ་རྒྱལ་རྒྱུ་དེ་ཡིན། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྩྭ་ཐང་འགན་གཙང་ལེན་བྱེད་པའི་ལས་གཉེར་གྱི་རྨང་གཞིའི་དཔལ་འབྱོར་ལམ་ལུགས་བརྟན་འཇགས་སུ་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བ་དང་། དམིགས་བསལ་ལས་གཉེར་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བ་སོགས་བརྒྱུད་དེ། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རང་འགུལ་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། འབྲོག་པ་མང་ཚོགས་རྣམས་ཀྱིས་སྤྱི་གླིང་སྐྱེ་ཁམས་ཉམས་སུ་མྱོང་བ་དང་། ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གྱི་ངལ་རྩོལ་གླ་ཆ་དང་། སྐྱེ་ཁམས་ལྟ་རྟོག་སོགས་ཀྱི་བྱ་བར་རོགས་སྐྱོར་དང་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་གྱིས་ཞུགས། 

དེ་དང་ཆབས་ཅིག་ཏུ། མུ་མཐུད་དུ་སྐྱེ་ཁམས་གནས་སྤོ་ལ་ཡར་སྐུལ་བྱས་ཏེ། རྒན་པ་དང་བྱིས་པ་རྣམས་མཁར་གྲོང་དུ་གཅིག་འདུས་བྱེད་པར་སྐུལ་མ་བྱས་ནས་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་། རིམ་བཞིན་མི་ཕྱུགས་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། ལས་གནས་བརྗེ་བ་དང་། ལས་ཀ་བརྗེ་བ། ཐོན་སྐྱེད་བརྗེ་བའི་དམིགས་འབེན་ལ་ཐོན་པ་དང་། དེས་སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་བཅོས་སྒྱུར་གྱི་གྲུབ་འབྲས་དང་ར་བ་བསྐྲུན་པའི་གྲུབ་འབྲས་ཉམས་སུ་མྱངས་སྟེ། སྔར་གྱི་སྡོད་དམངས་སྔར་ལས་མང་པོར་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ཁྲོད་ཕན་པ་ཐོབ་པའི་སེམས་ཚོར་ཇེ་དྲག་ཏུ་བཏང་། སྔོན་ཆད་རྨ་སྟོད་རྫོང་གི་མཚོ་ངོས་ཇེ་ཆུང་དུ་སོང་བ་དང་། མཚེའུ་གྲངས་ཁ་ཇེ་ཉུང་དུ་སོང་ལ། ཆུ་རྒྱུན་མང་པོ་སྐམ་སྟེ། རྩྭ་ཐང་དུ་བྱེ་རྡུལ་འཚུབ་པའི་ཚད་ཇེ་ཆེར་གྱུར།   རི་སྐྱེས་སྲོག་ཆགས་ཀྱི་ལྷ་ཡུལ་སྟེ། ཨ་ཆེན་གངས་རྒྱབ་རུ་རི་དྭགས་གཙོད་ཀྱི་གྲངས་ཀ་མུ་མཐུད་དུ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་གནད་དོན་དེས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཉེན་བརྡ་བཏང་། 

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཀྱི་གནད་དོན་མི་འདྲ་བར་དམིགས་ནས་རྒྱལ་ཁབ་ཀྱིས་ཇུས་འགོད་བཟང་པོ་བྱས་པའི་འོག རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞི་གཞིར་བཟུང་ནས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་བར་ཁྱད་ཅན་དང་། ཕྱོགས་བསྡུས་ཅན་གྱི་སྒོ་ནས་སྲུང་སྐྱོབ་དང་བཅོས་སྐྱོང་བྱས། 

རྨ་ཆུའི་འབྱུང་ཡུལ་གྱི་འཁྱག་རོམ་གངས་རི་དང་། མཐོ་ངོས་ལས་མཐོ་བའི་ས་ཁུལ་གྱི་མཚེའུ་དང་བརླན་ས། གྲང་ངར་ཆེ་བའི་ས་ཁུལ་གྱི་རྩྭའི་སྐྱེ་ཁམས་མ་ལག སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ། ས་ནག་ཐང་དང་། བྱེ་འགྱུར་ས་ཁུལ། ས་ཆུ་ཤོར་བའི་ས་ཁུལ་སླར་གསོ་བྱེད་དགོས།  

འབྲི་ཆུའི་འབྱུང་ཡུལ་གྱི་འཁྱག་རོམ་གངས་རི་དང་། མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་གཙང་བོ་དང་བརླན་ས། རྩྭ་ཐང་། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་སོགས་ལ་སྲུང་སྐྱོབ་བྱས་ཏེ། ཚད་རིམ་འབྲིང་བའི་ཡན་དུ་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། བྱེ་འགྱུར། ས་ཆུ་ཤོར་བའི་ས་ཁུལ་ཞིག་གསོ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་གནས་མཆོག་ཅིག་བསྐྲུན་དགོས། 

རྫ་ཆུའི་འབྱུང་ཡུལ་གྱི་འཁྱག་རོམ་གངས་རི་དང་། གངས་ཞུ་སོང་བའི་ས། ས་མཐོ་སའི་གྲོག་རོང་གི་ནགས་ལ་སྲུང་སྐྱོབ་བྱས་ནས། སྐྱེ་དངོས་ལ་གནོད་པའི་ཕྱོགས་བསྡུས་འགོག་བཅོས་དང་རྩྭ་ས་ཞན་འགྱུར། ས་ཆུ་ཤོར་བའི་ཁུལ་ཞིག་གསོ་དང་། རི་དྭགས་གསའ་སོགས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། རྒྱལ་སྤྱིའི་ཆུ་རྒྱུན་འབྱུང་ཁུངས་ཀྱི་གནས་མཆོག་ཅིག་བསྐྲུན་དགོས། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་དང་དཔེ་སྟོན་གལ་ཆེན་ཞིག་དང་། ལྗང་མདོག་གི་ཀྲུང་གོ་འཛམ་གླིང་དུ་བསྐྱོད་པའི་སྣང་བརྙན་ཆེན་པོ་དང་། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བ་མངོན་འགྱུར་ཡོང་བར་ངེས་པར་བགྲོད་དགོས་པའི་ལམ་ཕྱོགས་ཤིག་རེད། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྒྲིག་སྲོལ་ཚོད་ལྟའི་དམིགས་འབེན་ལས་འགན་དང་སྤྱིའི་རེ་བར་དམ་པོར་འབྲེལ་ཏེ། ལས་འགན་གལ་ཆེན་སུམ་ཅུ་གཏིང་ཟབ་པོའི་སྒོ་ནས་དངོས་འབེབ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཆར་འགོད་ཀྱི་མ་ལག་དང་། སྲིད་ཇུས་མ་ལག ལམ་ལུགས་མ་ལག ཚད་གཞི་མ་ལག་སོགས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། སྒྲིག་སྲོལ་ཚོད་ལྟའི་བྱ་བ་སོ་སོར་བདེ་བླག་ངང་ཡར་སྐུལ་བྱས་པར་མ་ཟད་གྲུབ་འབྲས་ཀྱང་བླངས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་ཞིག་གསོའི་ཚོད་ལྟ་ཁུལ་དང་། གཙང་གསུམ་འབྱུང་ཡུལ་མཉམ་འཛུགས་མཉམ་སྤྱོད་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་བསྐྱོད་ཁུལ། མཚོ་བོད་མཐོ་སྒང་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་འགྲེམ་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུད་འཛིན་ཁུལ་བཅས་འཛུགས་སྐྲུན་བྱས་ནས། རིགས་སོ་སོའི་མང་ཚོགས་རྣམས་བཅོས་སྒྱུར་གྱི་གྲུབ་འབྲས་དང་ར་བ་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སུ་སྤྱད་ནས་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ཁྲོད་ཕན་ཁེ་ཐོབ་པའི་ཚད་ཇེ་དྲག་ཏུ་གཏོང་དགོས། 

ལོ་ཙཱ། ཚེ་རིང་སྒྲོལ་མ།