མཚོ་སྔོན་གྱིས་སྲིད་གཙང་སྤྱོད་གཙང་གི་དཔོན་རིགས་སྐྱོང་བར་བྱེད་ཐབས་སྣ་མང་སྤྱད་པ།
2017.09.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ཆེད་དོན་བཅོས་སྐྱོང་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་ལས་བྱེད་པའི་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་གསར་གཏོད་བྱེད་ཐབས་ཤིག་ཡིན་ལ། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཆེ་ཕྱོགས་ལག་བསྟར་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན་པས། ལས་བྱེད་པར་ལྟ་སྐུལ་བྱེད་པའི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་ཀྲུང་དབྱང་གི་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་དགོས་པའི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ། “ནན་མོ”རྒྱུན་འཁྱོངས་དང“ནན་ཏན”འབུར་ཐོན། “གནད་འགག”ལ་དམིགས་པ་བཅས་ཀྱིས་ཀྲུང་དབྱང་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བཀོད་སྒྲིག་ལྟར། གོ་གནས་ཀྱི་གྲངས་ཀ་དང་ཚད་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་གནད་དོན་དང་། ལས་བྱེད་པའི་མི་དོན་ཡིག་ཚགས་ལ་ཆེད་དམིགས་ཞིབ་བཤེར། ཞིང་ཆེན་ཡོངས་ཀྱི་ལས་དོན་སྡེ་ཁག་གི་སྒྲིག་ཁྲིམས་དང་འགལ་ནས་མི་བཀོལ་མི་བསྡུ། སྲིད་འཛིན་ལས་ཁུངས་དང་ལས་དོན་སྡེ་ཁག་གི“ཕོགས་སྟོང་ཟ་བ”ཡི་གནད་དོན། ཏང་སྲིད་མགོ་ཁྲིད་ལས་བྱེད་པས་ཁེ་ལས་ནང་གོ་གནས་གཅིག་ལྕོགས་སུ་ཁུར་པའི་གནད་དོན།ཁྲིམས་དང་འགལ་ནས་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བའི་དཔང་ཡིག་ལེན་པ། “བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ་དུ་གཞིས་ཆགས་ཡོད་པའི་དཔོན་རིགས”དག་ཐེར། མི་སྣ་འདེམ་བཀོལ་ཆེད་དམིགས་ཞིབ་བཤེར། “གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”ཡི་ཞིབ་བཤེར་བཅས་ཆེད་དམིགས་ཞིབ་བཤེར་བྱེད་སྒོ8སྤེལ་བ་བརྒྱུད། མཚོ་སྔོན་གྱི་དར་སྲོལ་བཟང་ཞིང་སྤྱོད་ཚུལ་གཙང་བའི་ཆབ་སྲིད་སྐྱེ་ཁམས་སྔར་ལས་སྲ་བརྟན་དུ་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་གནས་བབ་སྔར་ལས་ཇེ་ལེགས་སུ་འགྲོ་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།

གོ་གནས་ཀྱི་གྲངས་ཀ་དང་ཚད་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་ཁྱོན་ཡོངས་ནས་དག་ཐེར་དང་གཙང་སེལ་བྱས།

“མགོ་ཁྲིད་ལས་བྱེད་པའི་མིང་ཐོ་དང་སྒྲིག་བཅད། ཟླ་ཕོགས་ཞིབ་བཤེར་རེའུ་མིག ཟླ་ཕོགས་སྟེར་བའི་རེའིུ་མིག་བཅས་རེའུ་མིག་བཞི་ཚང་བ”ཡི་བླང་བྱ་ལྟར། ལོ་ཕྱེད་ཙམ་གྱི་ནང་མི་རེ་རེ་དང་ལས་རྐང་རེ་རེ། སྒྲིག་བཅད་རེ་རེ་བཅས་ཀྱི་ལྟར་བསྡུར་ཞིབ་བྱས་ཏེ། གོ་གནས་ཀྱི་གྲངས་ཀ་དང་ཚད་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱས། དུས་མཚུངས་སུ། གྲངས་ཀ་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་གནད་དོན་བསྐྱར་དུ་མི་འབྱུང་བ་དང་ས་གནས་ཀྱི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱ་ཆེད།«ལས་བྱེད་པ་འདེམ་སྒྲུག་དང་བསྐོ་གཞག་བྱེད་པའི“ཞིབ་དཔྱོད་ཐེངས་གསུམ་དང་ཞིབ་བཤེར་ཐེངས་གཉིས་དང་ཡར་ཞུ་ཐེངས་གཉིས”ཀྱི་བྱ་བའི་ལག་བསྟར་བྱེད་ཐབས(ཚོད་སྤྱོད)»གཏན་ལ་ཕབ་སྟེ། ལས་བྱེད་པ་འདེམ་སྒྲུག་དང་བསྐོ་གཞག་བྱེད་པའི་ཁྲོད་གོ་གནས་ཁུར་རྩིས་ཡོད་པའི་ལས་ཁུངས་ཀྱི་གོ་གནས་ཡོད་མེད་སོགས་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་གྲོང་ཁྱེར་དང་རྫོང་། ཞང་བཅས་རིམ་པ་གསུམ་གྱི་སྐབས་བརྗེ་སྐབས་སུ་གོ་གནས་གྲངས་ཀ་ལས་བརྒལ་ནས་བཀོད་སྒྲིག་དང་།གཙང་སེལ་བྱེད་ཞོར་དུ་གྲངས་ཀ་ལས་བརྒལ་ཏེ་བཀོད་སྒྲིག་བྱེད་པའི་གནད་དོན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་གཏན་འཁེལ་གསལ་པོ་བྱས་ཡོད། 2016ལོའི་ཟླ9པའི་ཟླ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་གྲངས་ཀ་ལས་བརྒལ་ཏེ་བཀོད་སྒྲིག་བྱས་པའི་རྫོང་རིམ་པ་ཡན་གྱི་གོ་གནས་ཚང་མ་གཙང་སེལ་བྱས་ཚར། ད་ལོར་ཞིང་ཆེན་ཡོངས་སུ་གོ་གནས་གྲངས་ཀའི་དོ་དམ་བྱེད་ཚུལ་ལ་ཞིབ་བཤེར་ཆེན་པོ་བྱས་པ་དང་སྦྲེལ་ཏེ། མིག་སྔའི་བར་ཁའོ་རིམ་པའི་གོ་གནས་ད་དུང་དག་ཐེར་བྱས་མ་ཚར་བའི་རྫོང་དང་གྲོང་ཁྱེར་ཁ་ཤས་ལ་གནད་སའི་སྐུལ་ཁྲིད་བྱས། ཟླ7པའི་ཟླ་མགོའི་བར། ཞིང་ཆེན་ཡོངས་ཀྱི་གྲངས་ཀ་ལས་བརྒལ་ཏེ་བཀོད་སྒྲིག་བྱས་པའི་ཁའོ་རིམ་པའི་གོ་གནས་ཚང་མ་དག་ཐེར་བྱས།

ཡིག་ཚགས་ལ་ཆེད་དུ་ཞིབ་བཤེར་དང་། སྒྲིག་ཁྲིམས་དང་འགལ་ནས་མི་སྣ་བསྡུ་ལེན་བྱེད་པའམ“ཕོགས་སྟོང་ཟ་བ”ཡི་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱས་པ།

«ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ཡིག་ཚགས་ལ་ཆེད་དུ་ཞིབ་བཤེར་བྱེད་པའི་ལག་བསྟར་བྱེད་ཐབས»གཏན་འཁེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ཡིག་ཚགས་ལ་ཆེད་དུ་ཞིབ་བཤེར་བྱེད་པའི་བྱ་བ་ནན་ཏན་གྱིས་སྤེལ་མགོ་བརྩམས་ཤིང་། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་ཡིག་ཚགས1081ལ་ཐོག་མའི་ཞིབ་བཤེར་དང་བསྐྱར་དུ་ཞིབ་བཤེར་བྱེད་པའི་བྱ་བ་ཡོངས་སུ་གྲུབ། ཞིབ་བཤེར་བྱས་པའི་མཇུག་འབྲས་ལྟར་ཉེ་བའི་ལོ་གཉིས་ནང་ཞིང་ཆེན་ཏང་ཨུར་ཞིབ་འཇུག་བྱེད་པར་སྤྲད་དེ་ཐིན་རིམ་པའི་གོ་གནས་སུ་སྤར་རྩིས་ཡོད་པའི་ལས་བྱེད་པ4ལོ་ཚོད་སོགས་ཀྱི་རྐྱེན་གྱིས་བསྐོ་གཞག་མི་བྱེད་པའི་ཐག་བཅད། ཞིང་ཆེན་ཡོངས་ཀྱི་ལས་དོན་སྡེ་ཁག་གི་མི་བཀོལ་བ་དང་མི་སྡུད་ལེན་བྱེད་པར་ཆེད་དུ་ཞིབ་བཤེར་དང་། སྲིད་འཛིན་ལས་ཁུངས་དང་ལས་དོན་སྡེ་ཁག་གི་ “ཕོགས་སྟོང་ཟ་བ”ཡི་གནད་དོན་ལ་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས། རྫོང་ཁ་ཤས་སུ་བྱུང་བའི་ལས་དོན་སྡེ་ཁག་གིས་སྒྲིག་ཁྲིམས་དང་འགལ་ནས་མི་བསྡུས་པའི་གནད་དོན་ལ་གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་གྱོད་དོན་ཐོ་འགོད་བྱས་ཏེ་བརྟག་ཞིབ་བྱས་ཤིང་། “ཕོགས་སྟོང་ཟ་བ”རྩད་ཆོད་པའི་མི37གྱི་གདན་ཞུས་བཀོལ་སྤྱོད་གན་རྒྱ་མེད་པར་བཏང་བའམ་ནད་ཀྱི་རྐྱེན་པས་ལས་ཀའི་དགོངས་ཞུ་བྱེད་པའི་ཟླ་ཕོགས།ཡང་ན་དུས་བཅད་ནང་ལས་རྐང་དུ་ལོག་པ། དེ་མིན་རྩ་འཛུགས་ཀྱི་ཐག་གཅོད་དང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་ལྟར་ཐག་གཅོད་བྱས།

ཏང་སྲིད་མགོ་ཁྲིད་ལས་བྱེད་པས་ཁེ་ལས་ནང་གོ་གནས་གཅིག་ལྕོགས་སུ་ཁུར་པའི་གནད་དོན་གཙང་སེལ་དང་ཚད་ལྡན་དུ་བཏང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པས་སྒྲིག་ཁྲིམས་དང་འགལ་ནས་ཁེ་ལས་ནང་གོ་གནས་གཅིག་ལྕོགས་སུ་ཁུར་པའི་གནད་དོན་ལ། “ཆོག་མཆན་འགོད་མཁན་གྱིས་ཡོ་བསྲང་བྱེད་དགོས་པ”ཡི་རྩ་དོན་ལྟར་མཐའ་གཅིག་ཏུ་གཙང་སེལ་དང་ཚད་ལྡན་དུ་བཏང་། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་བཏོན་པའི་ཐག་གཅོད་བསམ་འཆར་དེ་ཀྲུང་དབྱང་རྩ་འཛུགས་ཀྱི་ཡིག་ཆའི་དགོངས་དོན་དང་མི་མཐུན་ཚེ། ཐེངས་གཉིས་པར་གཙང་སེལ་བྱེད་དུ་བཅུག ཞིང་ཆེན་ཡོངས་སུ་ཁེ་ལས་ནང་གོ་གནས་གཅིག་ལྕོགས་སུ་ཁུར་པའི་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་བསྡོམས་པས80རྩད་ཆོད་པ་དང་། སྒྲིག་ཁྲིམས་དང་འགལ་ནས་ཁུར་པའི་གོ་གནས59ལས་ཁུར་བྱེད་སའི་ལས་ཁུངས་ལ་གོ་གནས་ནས་འཐེན་དུ་བཅུག་པའམ་ཡང་ན་རང་ཉིད་ལ་ལས་ཁུར་དགོངས་ཞུ་བྱེད་དུ་བཅུག ལས་རྐང་ཁེ་ལས་སུ་སྤར་བའམ་གཞུང་ཞབས་པའི་ཐོབ་ཐང་བསྐྱུར་མཁན9ཡོད། གོ་གནས་གཅིག་ལྕོགས་སུ་ཁུར་ཆོག་པའི་མགོ་ཁྲིད་ལས་བྱེད་པ12ཀྱིས་གོ་གནས་གཅིག་ལྕོགས་སུ་ཁུར་པའི་ཐོ་འགོད་འགྲོ་ལུགས་གསབ་སྒྲུབ་བྱས་པས། དག་ཐེར་བྱས་ཚད100%ལ་སླེབས།

ཁུལ་རིམ་པའི་རྩ་འཛུགས་སྡེ་ཁག་གི་འབྲེལ་ཡོད་བློ་མཐུན་གྱིས་གཞི་རིམ་གྱི་རྩ་འཛུགས་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱེད་པ།

མགོ་ཁྲིད་ལས་བྱེད་པས་སྒྲིག་ཁྲིམས་དང་འགལ་ནས་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག་བཅོས་སྐྱོང་བྱས་པ།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་མངའ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་དང་མཉམ་དུ་ལས་འགན་བགོས་པ་དང་བྱེད་ཐབས་དང་གོ་རིམ་ལྟར་གཞོགས་འདེགས་དམ་པོ་དང་མཐུན་སྦྱོར་གྲོས་མོལ་གང་ལེགས་བྱས་འོག ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ།སྒྲིག་ཁྲིམས་དང་འགལ་ནས་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག་སྒྲུབ་པའམ་ཕྱི་བསྐྱོད་ལམ་ཡིག་བླངས་ཡོད་པ་ལ། ཟླ་བ6རིང་བཅོས་སྐྱོང་བྱེད་པའི་ཁྲོད། དམིགས་བསལ་མེད་པར་དུས་ཐོག་ཏུ་བྱ་བའི་ཁྲོད་འཕྲད་པའི་བྱེ་བྲག་གི་གནད་དོན་རེ་རེ་ཐག་བཅད་ཅིང་། ཐོ་བཀོད་མི་སྣའི་ཆ་འཕྲིན་མཛོད་སྔར་ལས་འཐུས་ཚང་དུ་བཏང་བ་དང་།སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག་རྩིས་ལེན་བྱས་ཤིང་། མཆན་འགོད་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་ཐོ་འགོད་བྱེད་དགོས་པ་ཚང་མ་ཐོ་འགོད་བྱས་པ་དང་། རྩིས་ལེན་བྱེད་དགོས་པ་ཚང་མ་རྩིས་ལེན་བྱེད་པའི་དམིགས་འབེན་མངོན་འགྱུར་ཅི་ཐུབ་བྱས། མིག་སྔའི་བར། མངའ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་གིས་མི་སྣའི་ཆ་འཕྲིན་ཧ་ལམ་འབུམ་གཅིག་ལྷག་ཐོ་འགོད་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག312རྩིས་ལེན་བྱས། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་རྩ་འཛུགས་མི་དོན་སྡེ་ཁག་གིས་རྫོང་ཁྲུའུ་རིམ་པ་དང་ཁའོ་རིམ་པའི་ལས་བྱེད་པ་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག5629རྩིས་ལེན་བྱས་ཤིང་། སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག741ཐོ་ཁོངས་ནས་བསུབས་པའམ་ཡང་ན་མེད་པར་བཟོས། དེ་མིན།བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་བའི་ཆེད་དུ། «རྫོང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བར་ཆོག་མཆན་འགོད་པའི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དང«ཞིང་ཆེན་ཡོངས་ཀྱི་སློབ་ཁྲིད་ཚན་ཞིབ་མི་སྣ་གཞུང་དོན་དུ་སྐབས་ཐོག་ཕྱི་རྒྱལ་ལ་འགྲོ་བའི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར»སོགས་ལམ་ལུགས་དང་གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། ལམ་ལུགས་ཀྱི་ཚད་གཞི་སྔར་ལས་ཇེ་དྲག་ཏུ་བཏང་། དུས་མཚུངས་སུ། ལོ་རེར་མགོ་ཁྲིད་ལས་བྱེད་པས་སྒེར་གྱི་དོན་དག་ཡར་ཞུ་བྱས་པ་དང་སྦྲེལ་ཏེ།གསར་དུ་གོ་གནས་སྤར་བའི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་འགྲོ་བའི་ཕྱི་བསྐྱོད་ལམ་ཡིག་དེ་ལས་བྱེད་པའི་དོ་དམ་དབང་མཚམས་ལྟར་དུས་ཐོག་ཏུ་རྩིས་ལེན་བྱས། 2017ལོར་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཕྱི་བསྐྱོད་ལམ་ཡིག74རྩིས་ལེན་བྱས།

ཁྲུའུ་གཞོན་པ་རིམ་པ་ཡན་གྱི“བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ་དུ་གཞིས་ཆགས་ཡོད་པའི་དཔོན་རིགས”གྱི་ལས་རྐང་དག་ཐེར་ནན་ཏན་དང་ལེགས་སྒྲིག་བྱས་པ།

མགོ་ཁྲིད་ལས་བྱེད་པས་སྒེར་གྱི་དོན་དག་ཡར་ཞུ་བྱས་པ་དང་སྦྲེལ་ཏེ། ཡར་ཞུའི་དཔྱད་གཞིར་ཞིབ་བཤེར་ཐོ་འགོད་དང་སྤྱི་སྡོམ་བྱེད་པའི་དུས་མཚུངས་སུ། དུས་རྒྱུན་དུ་རྒྱུས་ལོན་པའི་གནས་ཚུལ་ལྟར་ཞིང་ཆེན་ཡོངས་ཀྱི་ཁྲུའུ་གཞོན་པ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་ཡར་ཞུ་བྱས་པའི་བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་གནས་སྤར་བའི་གནས་ཚུལ་དག་ཐེར་བྱས་ཤིང་། དག་ཐེར་བྱས་ནས་རྩད་ཆོད་པའི“བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ་དུ་གཞིས་ཆགས་ཡོད་པའི་དཔོན་རིགས”6ལ་སྲིད་ཇུས་ལྟར་རྩ་འཛུགས་ཀྱིས་ལེགས་སྒྲིག་དང་ཡང་ན་ཐག་གཅོད་བྱས །“བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ་དུ་གཞིས་ཆགས་ཡོད་པའི་དཔོན་རིགས ”1ལ་བཀག་སྡོམ་རང་བཞིན་གྱི་བྱེད་ཐབས་སྤྱད།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་སྦྲེལ་ཏེ་མི་སྣ་འདེམ་བཀོལ་ཐད་ཆེད་དམིགས་ཞིབ་བཤེར་བྱས་པ།

2015ལོའི་ཚུན་དུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བྱེད་ཐབས་དཔྱད་གཞིར་བཟུང་སྟེ། སྐོར་ཞིབ་བྱ་བ་དང་ཟུང་འབྲེལ་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་། སྔ་གཞུག་ཏུ་ཞིབ་བཤེར་ཚན་ཆུང7མངགས་པ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བ་དང་སྦྲེལ་ཏེ་སྐོར་ཞིབ་བྱེད་དགོས་པའི་རྫོང་དང་ཆུས། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། ཞིང་ཆེན་ལ་གཏོགས་པའི་མཐོ་རིམ་སློབ་གྲྭ་བཅས་ཀྱི་མི་སྣ་འདེམ་བཀོལ་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། སྐོར་ཞིབ་བྱས་པའི་ལས་ཁུངས་ལ་མི་སྣ་འདེམ་བཀོལ་ཕྱོགས་གནས་པའི་འབུར་ཐོན་གནད་དོན་གསལ་པོར་བསྟན་ལ། ད་དུང་དམིགས་ས་ཡོད་པའི་སྒོ་ནས་རང་ལས་ཁུངས་ཀྱི་ཁྱད་ཆོས་དང་མཐུན་པའི་དག་ཐེར་ལེགས་བཅོས་བྱེད་པའི་བསམ་འཆར་བཏོན། ཆེད་དམིགས་ཞིབ་བཤེར་ཁྲོད་ཤེས་པའི་གོ་གནས་ཁུར་པའི་ཐོབ་ཐང་ཆ་རྐྱེན་གྱི་འགག་སྒོ་ནན་འཛིན་མ་བྱས་པ་དང་། གོ་རིམ་གཟབ་ནན་མིན་པ་དང་ཚད་ལྡན་མིན་པ། ལས་བྱེད་པའི་ཡིག་ཚགས་སུབ་བཅོས་བྱས་པ། འབྲེལ་ཡོད་ལམ་ལུགས་ལག་བསྟར་བྱས་ཚུལ་ནན་ཏན་མིན་པ་སོགས་ཕྱོགས17གྱི་གནད་དོན410ལྷག་ཡོངས་བསྒྲགས་བྱས་པ་དང་། ཤེས་པའི་གནད་དོན་ཚང་མ་དུས་བཅད་ནང་དག་ཐེར་ལེགས་བཅོས་བྱེད་དགོས་ཤིང་། དག་ཐེར་ལེགས་བཅོས་བྱས་མིན་གྱི་གནས་ཚུལ་རྗེས་འདེད་བྱེད་པ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས་པའི་བླང་བྱ་བཏོན་ཏེ། སྐོར་ཞིབ་བྱས་པའི་ལས་ཁུངས་ཀྱི་མི་སྣ་འདེམ་བཀོལ་བྱ་བ་ཚད་ལྡན་ཅན་དུ་གོམ་པ་སྤོ་བར་སྐུལ་འདེད་བཏང་ཞིང་། ལས་བྱེད་པར་དོ་དམ་ནན་མོ་བྱེད་པའི་བྱ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།

“གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”ཡི་ལས་བྱེད་པར་ཞིབ་བཤེར་བྱས་པ།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཉེ་བའི་ལོ་བཞིའི་ནང“གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”ཡི་ལས་བྱེད་པ་འདེམ་སྒྲུག་བསྐོ་གཞག་བྱས་པའི་གོ་རིམ་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱས་པ་དང་། སྲིད་ཇུས་ལྟར་ཞིབ་བཤེར་བྱ་ཡུལ་གཏན་འཁེལ་བྱེད་རྒྱུར་ཞིབ་འཇུག་ཡང་ཡང་བྱས་ཏེ། ཞིབ་བཤེར་ཁྱབ་ཁོངས་དེ་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་ནས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་འབྲིང་རིམ་དོ་དམ་མི་སྣ་དང་། དེ་མིན་རྫོང་ཁྲུའུ་རིམ་པ། ཞང་ཁའོ་རིམ་པའི་མགོ་ཁྲིད་གོ་གནས་ཁུར་མེད་པའི་ཕྱོགས་སུ་རྒྱ་བསྐྱེད་པ་རེད། ཞིབ་བཤེར་ཁྲོད་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་གནས་ཚུལ་མ་རྙེད་ནའང་། རྟོག་ཞིབ་བྱ་བ་གཏིང་ཟབ་མིན་པ་དང་ཞིབ་ཚགས་མིན་པ། བྱེད་སྟངས་དང་བྱེད་ཐབས་ཉུང་བ། ལྷག་ཏུ་རྩ་འཛུགས་སྡེ་ཁག་གིས་ལས་བྱེད་པའི“དུས་ཚོད་བརྒྱད”ལས་འདས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མི་བཟང་བ་སོགས་ལེགས་བཅོས་བྱེད་དགོས་སར་དབྱེ་ཞིབ་དང་བསམ་གཞིག་ཟབ་མོ་བཏང་མཐར། དག་ཐེར་ལེགས་བཅོས་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་། “གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”སྔོན་འགོག་བྱེད་པའི་ཐད་དགེ་མཚན་ལྡན་པའི་ཉམས་མྱོང་བསགས། དུས་མཚུངས་སུ། ལས་བྱེད་པ་འདེམ་སྒྲུག་བསྐོ་གཞག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ ། “གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”དང“གནད་དོན་ཡོད་པ་ཤེས་བཞིན་དུ་ལས་རྐང་དུ་འཇོག་པར”སྔོན་འགོག་ནན་མོ་བྱེད་ཆེད། «མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ “གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”སྔོན་འགོག་བྱེད་པའི་ལག་བསྟར་བསམ་འཆར»གཏན་འཁེལ་འགྲེམ་སྤེལ་བྱས། ཞིབ་བཤེར་འགག་སྒོ་ དང་བསྐོ་གཞག་མ་བྱས་སྔོན་གྱི་བྱ་བ་དམ་འཛིན་བྱེད་པའི་ཆེད་དུ། ལས་བྱེད་པ་འདེམ་སྒྲུག་བསྐོ་གཞག་བྱེད་པའི་འགན་འཁྲིའི་གཙོ་འགན་གཏན་འཁེལ་གསལ་པོ་བྱས་ཏེ། “གནད་དོན་ཡོད་པ་ཤེས་བཞིན་དུ་གོ་གནས་སྤར་བ”སྔོན་འགོག་བྱེད་པའི་ལམ་ལུགས་ནན་མོ་བཙུགས། ཉེ་བའི་ལོ་འགའི་རིང་། “བསྐོ་གཞག་བྱེད་རྩིས་ཡོད་པའི་ལས་བྱེད་པར་འཛོམས་དགོས་པའི་ངེས་པར་བཞི”ཡི་བླང་བྱ་ལྟར། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་ནང་འཇོག་རྒྱུར་གཏན་འཁེལ་བྱས་པའི་འོས་མི8དང་། རྫོང་ཁྲུའུ་རིམ་པར་སྤར་རྩིས་ཡོད་པའི་ལས་བྱེད་པ54 ལ་ལྟ་ཞིབ་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།