མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཞང་ས་གྲུ་བཞི་སྡེ་བར་བསྐྱོད་པ་ན། མིག་ལམ་དུ་ཤར་ཡོང་བ་ནི་འཛུགས་སྐྲུན་བྱེད་བཞིན་པའི་ཁང་གསར་གྲལ་ཕྲེང་རེ་རེ་རེད།
“ཁང་པ་ན་ནིང་དབྱར་ཁར་ལས་མགོ་བརྩམས་པ་ཡིན། ཉིན་འདི་འགར་བདག་སྟབས་བདེ་ཞིག་བྱེད་འཆར་ཡོད། ཁང་གསར་ནང་དུ་གནས་སྤར་དགོས་པས་སེམས་དགའ་བ་ཞིག་རེད”ལོ་བཞི་བཅུ་ཡིན་པའི་ལི་པེན་ཆིང་གི་གདོང་ལ་སྤྲོ་འཛུམ་གྱིས་ཁེངས་འདུག སྔོན་ཆད། ཁོ་ཚོ་བཟའ་མི་བཞི་བོ་ད་རུང་ས་ཁང་རྙིང་པ་གྱན་འགའི་ནང་དུ་བསྡད་ཡོད་ལ། ཁང་གསར་ཞིག་འགེབས་རྒྱུ་ནི་རྨི་ལམ་ཙམ་ཡིན།
ས་གྲུ་བཞི་སྡེ་བ་ནི་ས་དེའི་དབུལ་ཕོངས་སྡེ་བ་ཞིག་ཡིན། སྡེ་བ་ཡོངས་སུ་ཁྱིམ་ཚང་སུམ་བརྒྱ་ཙམ་ཡོད་པའི་ནང་དབུལ་ཕོངས་ཁྱིམ་ཚང་གིས་བཞི་ཆའི་གཅིག་ཟིན་འདུག སྤྱི་ཆིང་གྱ་བདུན་ཡོད་པའི་རྨོ་ཞིང་ལས་གཞན། སྡེ་མི་མང་ཆེ་བའི་འཚོ་བ་ནི་ཕྱི་རོལ་ཏུ་ཞོར་ལས་ལ་འགྲོ་བར་བརྟེན་ཡོད། དབུལ་སྐྱོར་བྱ་བ་མགོ་བརྩམས་རྗེས། སྡེ་བས་ཕྱི་ཕྱོགས་སུ་འགྲོ་དཀའ་ཞིང་འཐུང་ཆུ་དཀོན་པའི་ཁྱིམ་ཚང་བརྒྱ་དང་སོ་བདུན་ས་གཞན་ལ་གནས་སྤར་ཏེ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས། དེར་མ་ཟད་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་གྱི་ལས་གཞི་ཧུར་ཐག་གིས་རེ་ཞུ་བྱས་ནས། ས་གནས་གཞན་གྱི་དབུལ་སྐྱོར་དང་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་འཆར་འགོད་བྱས། ད་ལྟ། སྡེ་མི་རྣམས་ཀྱི་སྡོད་གནས་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་ཅིང་། སྡེ་བ་ཡོངས་ཀྱི་རྣམ་པ་ཡང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་འདུག འདི་ནི་རང་ཞིང་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་ཀྱི་བསྡུས་རིས་ཤིག་རེད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་ལ། ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“ནོར་སྲིད་ཆུང་བས་དམངས་ཚིས་ཆེན་པོ་སྒྲུབ”པའི་ལམ་བུར་བསྐྱོད་ནས། མུ་མཐུད་དུ་དམངས་ཚིས་ཏེ་ནོར་སྲིད་འགན་སྲུང་གི་དམིགས་བསལ་ཁ་ཕྱོགས་དང་ནོར་སྲིད་བྱ་བའི་མགོ་རྩོམ་ས་དང་རྐང་ཚུགས་སར་བརྩིས་ཤིང་། རྒྱུན་ཆད་མེད་པར་འགྲོ་སོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་། དམངས་ཚིས་དངུལ་གཏོང་བརྟན་འཕར་གྱི་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། ལོ་རེར་ནོར་སྲིད་འགྲོ་སོང་གི་བརྒྱ་ཆའི་དོན་ལྔ་ཡན་ཆད་དམངས་ཚིས་ཁྱབ་ཁོངས་སུ་གཏོང་རྒྱུ་ཡིན་པ་དང་། གསར་འཕར་ལས་ཞུགས་བསྟུད་མར་འཕར་སྣོན་དང་། བོད་ཁུལ་གྱི་སློབ་མ་ཡོངས་རྫོགས་ལ་ལོ་བཅོ་ལྔའི་རིང་རིན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱས་ལ། མཁར་གྲོང་གི་མི་གྲངས་ཀྱི་སུམ་ཆའི་གཅིག་ཙམ་ལ་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱས་ཤིང་། དབུལ་ཕོངས་མི་གྲངས་ས་ཡ་གཅིག་ཙམ་ཇེ་ཉུང་དུ་བཏང་བ་དང་། སྡོད་དམངས་ཡོངས་ཀྱི་ཆ་སྙོམས་ཀྱི་སྤྱད་ཆོག་པའི་ཡོང་སྒོ་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་ལྔ་འཕར།
ད་ལོར་ལོ་བཞི་བཅུ་ལྷག་ཡིན་པའི་འབྲུག་ཐར་རྒྱལ་ཚང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་པོ་ཞང་མདའ་བཞི་བདེ་སྐྱིད་སྡེ་བ་རུ་ཡོད། ལོ་བདུན་བརྒྱད་ཀྱི་སྔོན་ལ་གཞན་དང་མཉམ་དུ་ཚོང་བརྒྱབ་ནས་ཕམ་ཁ་བྱུང་རྗེས། སྒོར་འབུམ་གསུམ་ལྷག་གི་བུ་ལོན་ཡོད་པས། ཁྱིམ་ཚང་གང་པོའི་འཚོ་བ་ལ་རེ་ཞིག་དཀའ་ཁག་ཆེན་པོ་བྱུང་། བུ་ལོན་འཇལ་བའི་ཆེད་དུ་འབྲུག་ཐར་རྒྱལ་གྱིས་རང་ཁྱིམ་གྱི་རྩྭ་ར་གཞན་ལ་འགན་གཙང་ལེན་བྱེད་དུ་བཅུག་པར་མ་ཟད། ད་དུང་གནས་གང་སར་སོང་ནས་ཞོར་ལས་གཉེར་བ་དང་། ཆུང་མས་ཁྱིམ་དུ་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་གཉིས་ལ་ལྟ་སྐྱོང་བྱས། ན་ནིང་གི་ཟླ་གཉིས་པར། སྡེ་བས་སྤོ་བསྒྱུར་ལས་ཞུགས་བྱས་པ་བརྒྱུད་ནས། འབྲུག་ཐར་རྒྱལ་གྱིས་བྱ་བ་ཞིག་ལག་ཏུ་རེག་བྱུང་ལ། ཟླ་བ་རེ་རེར་སྒོར་སྟོང་དྲུག་གི་བརྟན་འཇགས་ཟླ་ཕོག་ཡོད་པར་གྱུར།
དུས་ཡུན་རིང་པོ་ཞིག་ལ། ལས་ཞུགས་བྱ་བ་ལེགས་སྒྲུབ་བྱེད་རྒྱུ་ནི་མཚོ་བྱང་དམངས་ཚིས་འགན་སྲུང་མངོན་གསལ་སྒོས་ལེགས་བཅོས་བྱས་པའི་བྱ་བ་ཆེན་པོ་ཞིག་རེད། ད་ལོར་ལས་ཞུགས་ཡོང་སྤར་བྱ་བ་ལེགས་སྒྲུབ་བྱེད་པའི་ཆེད་དུ། མཚོ་བྱང་ཁུལ་གྱིས་རྒྱུན་ཆད་མེད་པར་ལས་ཞུགས་ལས་ཤོར་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་མགྱོགས་པོར་བཏང་ནས། དཀའ་ཁག་མི་སྣའི་ལས་ཞུགས་རོགས་སྐྱོར་མིང་བཀོད་ལམ་ལུགས་ཀྱི་གནས་ཚུལ་དོ་དམ་དང་རིགས་བགོས་རོགས་སྐྱོར་ལག་བསྟར་བྱས་ཤིང་། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་གནས་ཚུལ་མེད་པར་བྱས། ཁུལ་ལས་ཞུགས་ནུས་རྩལ་དངོས་སྦྱོང་རྟེན་གཞི་དང་ལས་སྐྲུན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ཞིང་བ་ལས་མི་དང་སློབ་ཆེན་པ། དམག་ཁོངས་ནས་ཕྱིར་ལོག་པ་སོགས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཕྱིར་རང་ཡུལ་དུ་ལོག་སྟེ་ལས་ཞུགས་ལས་སྐྲུན་བྱེད་དུ་བཅུག ངལ་རྩོལ་ནུས་རྩལ་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་ནས། ཁྱད་ཆོས་ལྡན་པའི་རྩོལ་ལས་གལ་ཆེན་བསྐྲུན་པ་ནན་འཛིན་བྱས་ཤིང་། ས་ཁོངས་དང་ཁེ་ལས་བར་གྱི་རྩོལ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་རོང་འབྲོག་པའི་ངལ་རྩོལ་ནུས་ཤུགས་གོ་རིམ་ལྡན་པར་སྤོ་བསྒྱུར་ལ་སྐུལ་ལྕག་ཁྲིད་སྟོན་བྱས།
གཞི་གྲངས་ལས་མངོན་པ་ལྟར་ན། 2015ལོ་ནས2016ལོའི་བར་དུ། ཧི་ནན་རྫོང་གིས་སྤྱི་ལེ་སྟོང་གཉིས་ལྷག་གི་བགྲོད་ལམ་ལས་རྒྱུ་ལག་བསྟར་བྱས་པ་དང་། ཧི་ནན་རྫོང་གི་བགྲོད་ལམ་མི་བདེ་བ་སོགས་ཀྱི་གནད་དོན་ལེགས་བཅོས་བྱས། ན་ནིང་ཁོ་ནར་རྫོང་ཡོངས་སུ་དབུལ་ཕོངས་སྡེ་བ་བཅུ་དྲུག་ལ་ཡོངས་སུ་ཁེབས་པའི་ཤར་བགྲོད་བཟོ་འགོད་ལག་བསྟར་བྱས། ཡིན་ན་ཡང་རྨ་ལྷོ་ཁུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྷག་ཏུ་དོ་སྣང་བྱེད་པའི་གནད་འགག་ས་ཁོངས་དང་ཉམས་ཞན་ས་ཁུལ་ཡིན་པས། རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱེད་པ་ཇེ་མགྱོགས་སུ་བཏང་ནས། འཕེལ་རྒྱས་ཀྱི་རྟིང་ཤུགས་གསོག་འཇོག་བྱེད་དགོས། ལོ་ཧྲིལ་པོར་གནད་འགག་གི་གཞུང་ལམ་ལས་གཞི་བཞི་དང་ས་གནས་ཀྱི་གཞུང་ལམ་ལས་གཞི་གྱ་དྲུག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། སྲིད་འཛིན་སྡེ་བའི་ཤར་བགྲོད་བཟོ་འགོད་གོ་གཉིས་ལག་བསྟར་བྱས་པས། མང་ཚོགས་ཕྱི་ཕྱོགས་སུ་འགྲོ་བར་སྔར་ལས་སྟབས་བདེ་བཟོས།
ད་ལོར་ལོ་བཞི་བཅུ་ལྷག་ཡིན་པའི་ཆི་ཚུང་རོས་ཚང་ནི་མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆན་ཧོ་ཞང་ཞ་ཝན་སྡེ་བ་རུ་ཡོད། ལོ་ཁ་ཤས་ཀྱི་སྔོན་ལ་བསམ་ཡུལ་འདས་པའི་ཆག་སྒོ་བྱུང་བའི་རྐྱེན་གྱིས་ལག་པ་ཡ་གཅིག་སྐྱོན་ཅན་དུ་གྱུར་པ་དང་། ཕྱི་རོལ་ཏུ་ཞོར་ལས་ལ་སོང་ན་རྒྱུན་དུ་གཞན་གྱིས་དང་ལེན་མི་བྱེད་པ་རེད།
2012ལོར། ཆི་ཚུང་རོས་ཡིས་ཅི་མི་སྙམ་པར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཞང་རྒྱང་ཆེན་སྡེ་བ་ལ་སླེབས། ཁོ་ཚང་གི་འཚོ་བའི་གནས་ཚུལ་ཤེས་རྗེས། ས་དེ་གའི་བོད་རིགས་སྡེ་མི་ཚོས་ཁོ་ལ་རིན་མ་བླངས་པར་དབྱར་རྩྭ་དགུན་འབུ་བརྐོ་རུ་བཅུག ཟླ་བ་འགར་འབད་འབུངས་བྱས་རྗེས་ཡོང་སྒོ་ཡང་མི་ཆོག་རྒྱུ་མེད། རྒྱང་ཆེན་སྡེ་བ་ལ་ས་གཞན་ནས་དབྱར་རྩྭ་དགུན་འབུ་བརྐོ་རུ་ཡོང་བའི་མི་ནི་ཆི་ཚུང་རོས་གཅིག་པུ་མིན། དོན་ངོ་མར། ཉེ་བའི་ལོ་འགའི་རིང་ལ། དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སླེབས་ཐེངས་རེ་རེར། དམིགས་བསལ་གྱི་མི་འགའ་རེ་གནས་དེར་ཡོང་ནས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་ཡོད་པ་དང་། དམིགས་བསལ་གྱི་མི་ཟེར་དོན་ཡང་ཁོ་ཚོ་ཚང་མ་དབང་པོ་སྐྱོན་ཅན་གྱི་མི་ཡིན་པས་རེད།
རྒྱང་ཆེན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རྒྱལ་གྱིས་བཤད་རྒྱུར། “2011ལོ་ནས་མགོ་བརྩམས་ཏེ། ང་ཚོའི་སྡེ་བའི་ནང་ཡུལ་སྲོལ་དམངས་ཆིངས་བཟོས་པ་ཡིན། དབང་པོ་སྐྱོན་ཅན་གྱི་མི་ཡིན་ན་ང་ཚོའི་སྡེ་བ་རུ་དབྱར་རྩྭ་དགུན་འབུ་བརྐོས་ཀྱང་རིན་སྐར་གང་ཡང་མི་ལེན་པ་ཡིན། སྐབས་དེར་སྡེ་མི་རྣམས་ཀྱིས་ཧ་ཅང་ངོ་རྒོལ་བྱེད་ཀྱང་། ངས་ད་དུང་འདི་ལྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས། གཞུག་ནས། མང་ཚོགས་རྣམས་ཀྱང་འཐད་པ་བྱུང་ནས་རིན་པ་མ་བླངས་པར་གཞན་ཡུལ་གྱི་མི་དེ་དག་དང་ལེན་བྱས”ཟེར།
ད་ལྟ། རྒྱང་ཆེན་སྡེ་བའི་དམིགས་བསལ་ལྟ་སྐྱོང་ཐོབ་པའི་དབང་པོ་སྐྱོན་ཅན་གྱི་མི་དེ་དག་ས་དེ་གའི་མི་རྣམས་དང་གྲོགས་པོ་རྙིང་པར་གྱུར་ཟིན། ལོ་རེར་དབྱར་རྩྭ་དགུན་འབུ་བརྐོས་ཚར་བའི་རྗེས་སུ། ཡོང་སྒོ་ཐོབ་ཆ་ཅི་འདྲ་ཡིན་ཡང་། ཚང་མས་འབྲི་ཆུ་ཞང་གིས་ལས་བྱེད་མི་སྣ་ལ་གོས་ཆེན་གྱི་དར་ཆ་འབུལ་དུ་ཡོང་སྲིད་ཅིང་། རེ་རེ་བཞིན་ཁ་གྱེས་ནས་བུད་འགྲོ། རྒྱང་ཆེན་སྡེ་བའི་སྡེ་མི་རྣམས་ཀྱིས་རང་འགུལ་གྱིས་ཁོ་ཚོར་ལམ་ཆས་རྡོག་ཁྲེས་སྡུད་གསོག་རྒྱག་རོགས་བྱེད་པ་དང་། ཁོ་ཚོར་ཁ་བཏགས་བཏང་ནས། ཁོ་ཚོའི་གྲོགས་པོ་རྣམས་བྱ་བ་ལམ་འགྲོ་ཡོང་བ་དང་འཚོ་བ་སྐྱིད་པོར་རོལ་ཐུབ་པའི་རེ་སྨོན་འཆང་བཞིན་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།