ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་དགོས།
2018.04.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ལེགས་ཆ་ཡང་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་ན། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་སྟེང་དུ་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་གྱི་སྟེང་དུ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པའི་སྟེང་དུ་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་ཡིན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་གལ་ཆེན་དང་བཀོད་སྒྲིག་ཅི་ཡོད་ལག་ལེན་དངོས་འབེབས་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས་པ་དང་། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན།  མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་རླབས་པོ་ཆེ་བདེ་བླག་ངང་སྐུལ་འདེད་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།

 

ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་སྟེང་དུ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ན། དཔལ་འབྱོར་བྱ་བའི་ལམ་ལུགས་ཅན་འཛུགས་སྐྲུན་དང་། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད། ཆེད་ལས་ཅན་གྱི་ནུས་པ་བཅས་ཀྱི་ཕྱོགས་ནས་རྙིང་འབུད་གསར་འདོན་བྱས་ཏེ། མཚོ་སྔོན་དཔལ་འབྱོར་གྱི་འཕེལ་ཚུལ་བཟང་པོར་སྐུལ་འདེད་བྱེད་དགོས་ཤིང་། ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པ་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཁ་ལོ་བསྒྱུར་བའི་ནུས་པ་དངོས་གནས་ཁ་མིན་དོན་གྱིས་ཇེ་མཐོར་གཏོང་དགོས།

 

འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། གཉེན་འབྲེལ་སྲིད་ཚོང་གི་འབྲེལ་བ་གཙང་མ་བཟོ་བ་དང་། ཏང་གི་རྩ་འཛུགས་དང་ཏང་གི་བྱ་བ་དེ་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་ལ་ཡོངས་སུ་ཁེབས་ཐུབ་པར་སྐུལ་འདེད་བྱེད་དགོས། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་རྒྱུ་དེ་མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་གྱི་སྟེང་དུ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་བརྒྱད་ཀྱི་སྲིད་སྐྱོང་འཇོན་ཐང་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་དགོས།

 

ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པའི་སྟེང་དུ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་ཡིན་ལ། བསམ་བློའི་ཏང་འཛུགས་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་བཅོས་སྐྱོང་བྱེད་པ་དེ་གཏིང་ཟབ་སར་འཁྲིད་དགོས་ལ། མི་འགྱངས་པར་སྤེལ་རྩིས་ཡོད་པའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང་བ”ཅེས་པའི་བརྗོད་གཞི་གཙོ་བོ་ཡིན་པའི་སློབ་གསོ་དེ་འགག་རྩའི་གོ་སྐབས་སུ་བཟུང་ནས། རིམ་པ་མང་བ་དང་ཟུར་ཚད་མང་བའི་སྒོ་ནས་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་ལས་བྱེད་པ་དང་མང་ཚོགས་ཀྱི་རྩ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཤིང་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་སྤྱི་དམངས་ཤིག་བྱེད་དགོས།

 

ང་ཚོས་ཕྱོགས་ཡོངས་ནས་གོ་བ་ལོན་པ་དང་ཡང་དག་པར་ཁོང་དུ་ཆུད་པ།བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་རྒྱུ་དེ་རང་ཞིང་གི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཁོངས་སོ་སོའི་ནང་དུ་དངོས་འབེབས་དོན་འཁྱོལ་བྱས་ནས། “བསྒྱུར་བ་བཞི”ལ་བརྟེན་ནས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་ཞིག་བསྐྲུན་པར་འགྱུར་མེད་བརྟན་པོའི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། སྐར་མ་འཚོ།