མདོ་དབུས་མཐོ་སྒང་གི་གྲོང་གསེབ་ཀྱི་དབུལ་ཐར་ལམ་བུ།
2018.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་བའི་ལོ་འདི་འགར། ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་། རི་མཐོ་ལུང་ཟབ་ཀྱི་མཚོ་སྔོན་བོད་ཁུལ་ཏུ་མཁའ་ལམ་རེ་རེ་རྒྱང་རིང་གི་ས་ཆར་འཐེན་ཡོད་པ་དེས་ས་གནས་དེའི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཏུ་སྐྱོད་པར་ཆ་རྐྱེན་བཟང་པོ་བསྐྲུན།

ལོ་ན་ཞེ་བདུན་ལ་སོན་པའི་དབུལ་ཕོངས་འབྲོག་མི་དཀོན་བཀྲ་ཚང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དྭངས་ལག་ཞང་ཁྲ་ཚང་གོང་མ་སྡེ་བ་ན་གཞིས་ཆགས་ཡོད་ལ། ས་ཆ་དེ་ནི་རྒྱང་རིང་མཐའ་འཁོབ་ཡིན་ལ་འགྲིམ་འགྲུལ་སྟབས་མི་བདེ་པས། སྡེ་བ་དེ་ས་ཁྲའི་སྟེང་འཚོལ་མི་ཐུབ་པ་དང་ཚགས་པར་སྟེང་མཐོང་མི་ཐུབ། མི་གཞན་པས་ཀྱང་ཤེས་ཐབས་བྲལ་བའི་སྡེ་བ་ཆ་མེད་ཞིག་ཏུ་སྣང་།

དྭངས་ལག་ཞང་གི་ཆ་སྙོམས་ཀྱི་མཐོ་ཚད་ནི་རྨིད་སྟོང་བཞིའི་ཡན་ཡིན་པས།ས་བབས་མཐོ་ལ་ནམ་ཟླ་གྲངས་ངར་ཧ་ཅང་ཆེ། རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་ས་དེའི་ནོར་ནག་གི་སྐྱེ་འཕེལ་ཅུང་དལ་ལ། ཆེས་ཉུང་ནའང་ལོ་ལྔའི་སྟེང་དུ་ད་གཟོད་གསོ་ཁ་ནས་འབུད་ཐུབ། ལོ་ངོ་དུ་མའི་རིང་ལ་དཀོན་བཀྲ་ཚང་གི་ཁྱིམ་མི་གང་བོས་གནམ་ལ་བལྟས་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། འབྲོག་པའི་ལས་རིགས་ནི་ཡོང་སྒོའི་ཐོན་ཁུངས་ཉག་གཅིག་ཡིན།

དཀོན་བཀྲ་ཡིས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་འདི་འགའི་རིང་ལ་སྣུམ་ལམ་ཞིང་གྲོང་ཆགས་སའི་གནས་དེར་བླུགས་ཡོད་ལ། ཉིས་སྟོང་བཅུ་དྲུག་གི་ལོར་ཨར་འདམས་ཀྱི་ལམ་ཡང་སྡེ་བ་སོ་སོའི་ནང་དུ་ལས་ཡོད་པ་དང་། དུས་དེ་ནས་བཟུང་སྡེ་མི་རྣམས་ཀྱི་འཚོ་བ་ལ་ཡང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་།

སྔོན་ཆད་། དབྱར་ས་ནས་ཞིང་ཐོག་ཏུ་འགྲོ་དགོས་ཚེ་མ་མཐར་ཡང་རྟར་ཞོན་ནས་དུས་ཚོད་གཉིས་ལྷག་ལ་འགྲོ་དགོས་པ་དང་།  ཞིང་ཐོག་ནས་རྫོང་མཁར་ཏུ་འགྲོ་དགོས་ཚེ་ཉིན་ཕྱེད་ཙམ་དགོས་པ་རེད། ལམ་ལས་རྗེས་ཁྲ་ཚང་གོང་མ་སྡེ་བ་ནས་རྨ་ཆེན་རྫོང་གི་བར་དུ་དུས་ཚོད་གསུམ་མ་གཏོགས་མི་དགོས་པ་དང་། ཕྱུགས་ལས་ཀྱི་ལས་ཀ་མེད་དུས་དཀོན་བཀྲ་རྒྱུན་པར་རྫོང་ཐོག་ཏུ་སོང་ནས་ཨར་ལས་ཡོད་ས་ནས་ཞོར་ལས་གཉེར་བཞིན་ཡོད་ལ། ཉིན་རེར་ཆེས་ཉུང་ནའང་སྒོར་བརྒྱའི་ཡོང་སྒོ་བཙལ་ཐུབ།

ད་ལྟ་སྒོ་ཕྱི་གང་ལ་འགྲོ་དགོས་རུང་སྐྲག་དོན་རྩ་བ་ནས་མེད་པར་རང་ཁྱིམ་དུ་དོན་དག་ཚབས་བྱུང་མ་ཐག་དུས་ལྟར་ཕྱིར་རང་ཡུལ་ཏུ་ལོག་ཐུབ། དཀོན་བཀྲས་གསར་འགོད་པར་དེ་ལྟར་བཤད་བྱུང་།  ཕྱུགས་ཟོག་མེད་པམ་ཡང་ན་ཕྱུགས་ཟོག་ཉུང་བའི་སྡེ་མི་རྣམས་ཀྱིས་རྫོང་ཐོག་ཏུ་ཁང་བ་གླས་ཏེ། བདེ་སྲུང་བ་དང་གཙང་ཕྱག་པ། ཚོང་ཟོག་འཚོང་མཁན་སོགས་ཀྱི་ལས་གནས་བཙལ་ནས་ཟླ་རེ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གཉིས་ལྷག་བཙལ་བཞིན་ཡོད།

ཁྲ་ཚང་གོང་མ་སྡེ་བའི་བ་བྷོ་ལ་ཕ་ཡུལ་དུ་ལམ་ལས་རྗེས་འགྱུར་ལྡོག་ཆེན་པོ་བྱུང་བར་མྱོང་ཚོར་ཟབ་མོ་ཡོད། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། དྭངས་ལག་ཞང་དུ་ཕྱི་ནས་ཡོང་བའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བ་བྷོ་ཡིས་གོ་སྐབས་དེ་དམ་འཛིན་བྱས་ནས། དབུལ་སྐྱོར་བསྐྱི་དངུལ་ལ་བསྟེན་ནས་ཞང་སྲིད་གཞུང་གི་ཉེ་འགྲམ་ནས་སྟབས་བདེ་ཚོང་ཁང་ཞིག་སྒོ་ཕྱེས་པ་དང་། ལོ་དེར་སྒོར་ཁྲི་གཉིས་ལྷག་གི་ཁེ་སྤོག་ཐོབ།ད་ལོར་ཡང་བ་བྷོ་ཡིས་ཚོང་ལས་གཉེར་ན་ཡོང་སྒོ་བཟང་བ་གཞི་ནས་ཤེས་སྟེ་གཞུང་ལམ་འགྲམ་གྱི་རང་ཁྱིམ་གྱི་ཁང་བ་དེར་རྒྱན་སྤྲས་བྱས་རྗེས་སྤྲོ་ཁྱིམ་གླིང་ཀ་ཞིག་གཉེར་ནས་ཡར་མར་འགྲོ་འོང་གི་ཡུལ་སྐོར་པར་སྟབས་བདེའི་ཟས་རིགས་དང་འདུག་ཁང་འདོན་སྤྲོད་བྱེད་རྩིས་ཡོད།

ལམ་ཤར་གཏོང་བྱས་རྗེས་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་ཚད་སྣ་མང་དུ་གྱུར་པ་ནས་བཟུང་། འབྲོག་པ་མང་པོར་ཕྱུག་འགྱུར་གྱི་བསམ་ཕྱོགས་ལའང་འགྱུར་ལྡོག་མང་པོ་བྱུང་།དྭངས་ལག་ཞང་ཁྲ་ཚང་གོང་མ་སྡེ་བའི་འབྲོག་མི་ལྷ་ལུང་གིས་གསར་འགོད་པར་བཤད་རྒྱུར། ད་ལོའི་དབྱར་ཁར་ལྗོངས་རྒྱུའི་ལྟ་སྐོར་བ་མང་པོའི་དུས་སུ། ཁོ་མོས་ལམ་འགྲམ་དུ་ས་དེར་སྐྱེས་པའི་ཤ་མོ་དང་གྲོ་མ་སོགས་ཁྱད་ཐོན་དངོས་རྫས་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཉིན་རེར་ཆེས་མང་ནའང་སྒོར་སུམ་བརྒྱའི་ཡོང་སྒོ་བཙལ་ཐུབ། ལྷ་ལུང་གིས་ལམ་བར་གྱི་མགྲོན་པོ་ཁ་ཤས་དང་ཁ་བརྡ་བྱེད་སྐབས། མགོ་ལོག་ཁུལ་གྱི་མཛོ་རྒན་ར་བར་ནས་དྭངས་ལག་བརྒྱུད་དེ་རྨ་ཆེན་རྫོང་དུ་འགྲོ་དགོས་པ་དང་། ལམ་ཐག་ཅུང་རིང་བའི་ཁར་ལམ་འགྲོ་པ་ཧ་ཅང་ཉུང་བའི་གནས་ཚུལ་གསལ་བོར་ཤེས་རྗེས་སྡེ་མི་འགའ་དང་མཉམ་འབྲེལ་བྱས་དེ་ལམ་སྐེད་དུ་སྒེར་གཉེར་གྱི་སྣུམ་སྣོན་ས་ཚིགས་ཤིག་འཛུགས་རྒྱུའི་འཆར་གཞི་བཀོད།

དྭངས་ལག་ཞང་གི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་བརྟན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་གཉིས་ཀྱི་ནང་དུ། ཞང་ཡོངས་སུ་གཞུང་ལམ་ཤར་གཏོང་བྱེད་ཐུབ་པ་དང་བསྟུན་ནས། ས་གནས་མང་ཚོགས་ཀྱི་ལས་ཞུགས་སྤོ་སྒྱུར་དང་། གསར་སྐྲུན་ཕྱུག་འགྱུར་གྱི་སྤྲོ་སེམས་ཀྱང་ཇེ་ཆེར་སོང་ཡོད། ཉིས་སྟོང་བཅུ་དྲུག་ལོར་དྭངས་ལག་ཞང་གི་འབྲོག་ཁྱིམ་རེ་དྲུག་དབུལ་ཐར་བྱས་ཟིན་པ་དང་། ན་ནིང་ལོར་ཡང་འབྲོག་མི་གྱ་གསུམ་དབུལ་ཐར་བྱས་ཟིན། ད་ལོ་ནས་བཟུང་། མང་པོ་ལྷག་མེད་པའི་དབུལ་ཁྱིམ་ཚང་མའང་རིམ་བཞིན་དབུལ་ཐར་བྱེད་རྒྱུ་ཡིན་ཟེར།

“ད་ལྟ་འགྲིམ་འགྲུལ་ཟོག་འགྲེམས་སྟབས་ཇེ་བདེར་སོང་ཡོད་ལ། སྔོན་ཆད་སྐུལ་འདེད་གཏོང་དཀའ་བའི་དབུལ་ཐར་ཐོན་ལས་ལའང་འཕེལ་རྒྱས་ཀྱི་ཆ་རྐྱེན་འཛོམས་ཡོད། ས་གནས་ཀྱི་རང་བྱུང་ས་ཁམས་ཁོར་ཡུག་ལ་ཟུང་འབྲེལ་བྱས་ནས། ང་ཚོས་འབད་བརྩོན་གྱིས་ཕྱུགས་ཟོག་མཉམ་དུ་བསྡུས་ནས་ཕན་ནུས་མཐོ་བའི་གསོ་སྤེལ་དང་། གཟན་རྩྭ་འདེབས་འཛུགས། ལྕི་ལུད་ལས་སྣོན་བཅས་གཞི་གཅིག་ཅན་གྱི་དེང་རབས་ཞིང་ཕྱུགས་དབུལ་སྐྱོར་ཐོན་ལས་མ་ལག་འཛུགས་པ་དང་། ལས་ཞུགས་བསྡུ་ལེན་ལ་བརྟེན་ནས་ཁེ་སྤོག་བགོ་བ་མཐོར་འདེགས་སུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་གཏན་འཇགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་”ཞེས་བཀྲ་ཤིས་ཚེ་བརྟན་གྱིས་དེ་ལྟར་བཤད།

ཕྱུག་པོར་འགྱུར་འདོད་ན་སྔོན་ལ་ལམ་ལས་དགོས། ཉེ་བའི་ལོ་འདི་འགར། “ས་ཆ་གསུམ་དང་ཁུལ་གསུམ་གྱི”་ནང་དུ་བཅུག་ཡོད་པའི་ཧ་ཅང་དབུལ་བོའི་ས་ཁུལ་སྟེ་མཚོ་སྔོན་བོད་ཁུལ་དུ་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་མྱུར་སྒོས་ཇེ་ཆེར་ཕྱིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་མདོན་སྤྲོད་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར། ཞིང་ཆེན་དེའི་ཐག་རིང་བའི་ཞིང་ཕྱུགས་ས་ཁུལ་གྱི་གཞུང་ལམ་སྤྱི་ལེ་སྟོང་བདུན་ལྷག་དང་། སྡེ་བ་ཉིས་བརྒྱ་དང་རེ་བདུན་ལ་ལམ་ཡོད་པར་གྱུར་པ་དང་། དབུལ་ཕོངས་སྡེ་བ་བཞི་བརྒྱ་དང་བརྒྱད་ལ་ཨར་འདམ་ལམ་ཡོངས་སུ་འགྲུབ་པར་བྱས། ཉིས་སྟོང་བཅུ་བདུན་ལོར། མཚོ་སྔོན་གྱི་ཞིང་སྡེའི་གཞུང་ལམ་ལམ་ཚད་སྤྱི་ལེ་ས་ཡ་དྲུག་དང་འབུམ་གཅིག་ཁྲི་ལྔ་ལ་སླེབས་ཡོད། ཞང་དང་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆའི་གོ་བརྒྱད་ལས་བརྒལ་ཟིན། སྲིད་འཛིན་སྡེ་བར་ཤར་གཏོང་ཐུབ་ཚད་བརྒྱ་ཆའི་བརྒྱད་བཅུ་ལས་བརྒལ་འདུག

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བང་ཞོ་ལེས་ཀྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་”སྐབས་སུ་ཞིང་ཆེན་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་གཏན་འཇགས་ཀྱི་རྒྱུ་ནོར་མ་དངུལ་དུང་ཕྱུར་གཉིས་ལྷག་བརྒལ་བ་དང་། ཉིས་སྟོང་ཉི་ཤུ་ལོར་ཐོན་རྗེས་མཚོ་སྔོན་གྱི་ཞིང་དང་གྲོང་རྡལ་ཡོད་ཚད་ལ་ཨར་འདམ་གཞུང་ལམ་ཡོད་ཞིང་། སྒྲིག་གཞི་ཚང་བའི་སྡེ་བ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱེད་དགོས་པ་དང་། གསར་དུ་བསྣན་པའི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་གཅིག་ལ་སླེབས་ཡོད།

ལོ་ཙཱ་བ། སྐར་མ་འཚོ།