ཡུས་ཧྲུའུ་གསར་བ་དང་། མི་རིགས་གྱོན་གོས་ཐོན་ལས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རོགས་རམ་དང་ནུས་པ་བཏོན།
2018.08.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 65

བོད་མི་རིགས་ཀྱི་གྱོན་གོས་ནི་མཚོ་བོད་མཐོ་སྒང་སྟེང་གི་བཀྲགས་མདངས་ལྡན་པའི་ཡུལ་ལྗོངས་ཤིག་ཡིན་ལ། བཟོ་རྩལ་གྱི་ཐད་ནས་བཤད་ན། བོད་མི་རིགས་ཀྱི་གྱོན་གོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་དེ། ཚོན་མདོག་རྣམ་པར་བཀྲ་བའི་འཇའ་ཚོན་ཞིག་དང་གཉིས་སུ་མ་མཆིས། ཡུས་ཧྲུའུ་གྲོང་ཁྱེར་གྱི་སྲང་མདོ་ཀུན་དུ་བོད་ལ་གྲལ་དག་གྱོན་པའི་མི་རྣམས་མཐོང་ཐུབ་ལ། ལྷག་པར་དུ་བོད་རིགས་བུད་མེད་ཀྱི་གྱོན་གོས་ལ་ཚོན་མདོག་ཕུན་སུམ་ཚོགས་ལ། མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

ཉེ་བའི་ལོ་འདི་འགར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་གྱོན་གོས་དང་རྒྱན་ཆའི་ཐོན་ལས་དེ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་། སྲོལ་རྒྱུན་བོད་ལྭ་ཡིས་མུ་མཐུད་དུ་དེང་རབས་གྱི་ཁྱད་ཆོས་ལྡན་པའི་རྒྱུ་ཆ་གཙོ་བོ་ནང་འདྲེན་བྱས་པ་དང་། གོ་རིམ་མང་པོ་བརྒྱུད་ནས་བཅོས་བསྒྱུར་བྱས་པའི་བོད་ལྭ་གསར་བར་ས་གནས་མང་ཚོགས་དང་ཕྱི་ཡུལ་ནས་ཡོང་བའི་ལྟ་སྐོར་བ་རྣམས་ཀྱིས་དགའ་བསུ་མི་ཉུང་བ་ཞིག་ཐོབ་དང་ཐོབ་བཞིན་ཡོད། ད་སྐབས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུས་ཧྲུའུ་གྲོང་ཁྱེར་ན། བོད་ལྭ་ཐོན་སྐྱེད་ཁེ་ལས་ཀྱིས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་བཟང་ཆ་ལ་བསྟེན་ནས། ལག་རྩལ་གསབ་སྦྱོང་འཛིན་གྲྭ་བརྒྱུད་ནས་ས་གནས་མང་ཚོགས་ལ་ལག་རྩལ་སློབ་དུ་བཅུགས་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་མཚུངས་སུ།མཐོ་སྒང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་ཆའི་ཐོན་རྫས་ཀྱིས་ས་གནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྔོན་འགྲོའི་ཆ་རྐྱེན་བསྐྲུན།

ཟླ་བདུན་པའི་ཡུས་ཧྲུའུ་ནི། རྩྭ་ཐང་སྔོ་ཞིང་ལྗང་ལ། རི་བོ་མེ་ཏོག་གི་བརྒྱན་ཡོད་ལ། ག་ས་གང་དུ་ནོར་ལུག་གི་ཁྱུ་དང་ཁྱུ་བྱས་ནས་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་འདིར།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ནོར་བུ་གླིང་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟིའི་ལས་བཟོ་བ་ཚང་མས་ལས་སྣོན་འཁོར་ཁང་དུ་ཐང་ཆད་པའང་མ་ཤེས་པར་ལས་ལ་བྲེལ་བཞིན་འདུག  རྟ་རྒྱུགས་དུས་ཆེན་གྱི་སྐབས་སུ། བོད་ལྭ་བཟོ་རུ་ཡོང་མཁན་གྱི་མགྲོན་པོའང་ཧ་ཅང་མང་། ཉིན་རེར་ཕྱིར་འཚོང་དྲ་གནས་ཉིས་བརྒྱ་ལྷག་གིས་རང་ཉིད་ལ་དགའ་བའི་རས་འདེམས་པ་དང་། དེ་ནས་ལུས་ཚད་དང་བསྟུན་ནས་ལྭ་བ་བཟོ་པས་ཕྱིར་འཚོང་བྱས་པ་ཧ་ཅང་བཟང་ཞེས་བཤད།

ནོར་བུ་གླིང་མི་རིགས་གྱོན་གོས་ཚད་ཡོད་གུང་ཟིའི་གསར་གཏོད་མཁན་དཔལ་ལྡན་རྒྱལ་མཚན་གྱིས་ལོ་ན་ཆུང་དུས་ནས་བཟུང་ཕ་མའི་ལག་བཟོའི་བོད་ལྭ་དང་། སྐེ་རགས། མགོ་རྒྱན། ཞྭ་མོ་སོགས་རྒྱན་ཆ་རྣམ་པ་སྣ་ཚོགས་ཀྱིས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དཔལ་ལྡན་རྒྱལ་མཚན་གྱིས་བཤད་རྒྱུར། ང་ཚོའི་བོད་ལྭ་ནི་ལུས་སྟེང་དུ་གྱོན་པའི་རིག་གནས་ཤིག་ཡིན་ལ། ལྷག་པར་དུ་རིག་གནས་རྒྱུན་འཛིན་བྱས་པ་ཞིག་རེད།

དེ་མ་ཐག  གསར་འགོད་པ་དང་དཔལ་ལྡན་རྒྱལ་མཚན་གཉིས་མཉམ་དུ་ཀུང་ཟི་ཡོད་སའི་གནས་སྟེ། ཡུས་ཧྲུའུ་གྲོང་ཁྱེར་དབུལ་སྐྱོར་ཐོན་ལས་ར་བ་རུ་ཐོན། གསར་འགོད་པས་ཀུང་ཟི་ནང་དུ་མི་བརྒྱ་དང་སུམ་བཅུ་ལྷག་ཤོང་བའི་ཁྱབ་རྒྱ་ཆེ་བའི་མི་རིགས་གྱོན་གོས་ཀྱི་ཐོན་སྐྱེད་འཁོར་ཁང་ཡོད་པར་མ་ཟད།  ལས་བཟོ་བའི་གསོ་སྦྱོང་འཛིན་གྲྭའི་སློབ་ཁང་དང་། ཟ་ཁང་། ད་དུང་ཐོན་སྐྱེད་ལག་རྩལ་གྱི་ཇུས་འགོད་ཁང་དང་། ཐོན་རྫས་བཤམས་སྟོན་ཁང་བཅས་ཡོད། ཆེད་ལས་ཅན་དང་གནད་འཁེལ་ཅན།  ཚད་གཞི་ཅན་གྱི་ལས་ཀ་དེ་ཁེ་ལས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།  དེ་ཡིན་པའི་རྐྱེན་གྱིས། ཁེ་ལས་བདག་གཉེར་གྱི་གཞི་ཁྱོན་ཡང་སྔོན་ཆད་ཀྱི་སྲོལ་རྒྱུན་ལས་ཁྱིམ་ཚང་གི་སྣ་གཅིག་གི་འཚེམ་བཟོ་རྣམ་པའི་བོད་རིགས་གྱོན་གོས་ཀྱི་ལས་སྣོན་ཕྱིར་འཚོང་དེ་འཕེལ་རྒྱས་སུ་སོང་ནས་མི་རིགས་གྱོན་གོས་ལས་སྣོན་དང་། མི་རིགས་ཀྱི་མཁོ་ཆས་ལས་སྣོན་དང་ཕྱིར་འཚོང་གཞི་གཅིག་ཡིན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཁ་གཏད་པ་དང་། མི་དམངས་ལ་ཁ་གཏད་པ་བཅས་བྱས་ནས། གྱོན་གོས་ཇུས་འགོད་དེང་རབས་ཅན་དང་། གསར་བ་ཅན་དུ་བཏང་།   

ཁེ་ལས་ཀྱི་འཕེལ་རྒྱས་དང་བསྟུན་ནས། ཚད་ངེས་ཅན་ཞིག་གི་སྟེང་དུ་ས་གནས་དབུལ་ཕོངས་ཁྱིམ་ཚང་གི་མང་ཚོགས་ཀྱི་ལས་རྐང་གི་གནོན་ཤུགས་ཇེ་ཡངས་སུ་བཏང་།རིག་གནས་མེད་པ་དང་། ལག་རྩལ་ཡང་མེད་པའི་དབུལ་ཕོངས་འབྲོག་པ་མང་ཚོགས་ཀུང་ཟིས་གསབ་སྦྱོང་བྱས་པ་བརྒྱུད་ནས་མི་རིགས་གྱོན་གོས་ལས་སྣོན་གྱི་འཇོན་ཐང་མི་སྣར་གྱུར་འདུག  ང་ཚོ་མི་རིགས་གྱོན་གོས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རོགས་ཤུགས་བཏོན་ཞེས་དཔལ་ལྡན་རྒྱ་ཚན་གྱིས་དེ་ལྟར་བཤད། དེ་དང་བསྟུན་ནས། ནོར་བུ་གླིང་མི་རིགས་གྱོན་གོས་ཚད་ཡོད་ཀུང་ཟིས་ཧུར་ཐག་གིས་དྲ་རྒྱའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་བཏང། མིག་སྔར་གནས་མཆོག་ཡུས་ཧྲུའུ་དང་། སྒྲོལ་མའི་ཚོང་རའི་གློག་རྡུལ་ཚོང་དོན་གྱི་གར་སྟེགས་སུ་ཞུགས། མི་འགྱངས་པར་ཐོན་རྫས་དེས་མུ་མཐུད་དུ་དྲ་རྒྱའི་ཕྱིར་འཚོང་རྒྱུ་ལམ་དུ་བཅུག  ནོར་བུ་གླིང་མི་རིགས་གྱོན་གོས་ཚད་ཡོད་ཀུང་ཟིས་འཕེལ་རྒྱས་ཁྲོད། ཤིང་ཝུའུ་ཐུང་འཛུགས་པ་དང་། གསེར་གྱི་ཁྱུང་ཆེན་འགུག་པའི་འཕེལ་རྒྱས་འདུ་ཤེས་བཙུགས་པར་མ་ཟད། ཐོན་སྐྱེད་སྒྲིག་ཆས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ལག་བཟོའི་བཟོ་རྩལ་གཙོ་བོ་ཡིན་པའི་སྔོན་འགྲོའི་འོག རང་འགུལ་ཅན་གྱི་སྒྲིག་ཆས་ནང་འདྲེན་བྱས་པ་དང་། ངལ་རྩོལ་ནུས་ཤུགས་ཇེ་ཡང་དུ་གཏོང་བ་དང་མཉམ་དུ། ཐོན་རྫས་ཀྱི་ཞིབ་ཚགས་རང་བཞིན་དང་མཛེས་པའི་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་།  ཉེ་བའི་ལོ་འདི་འགར། མི་རིགས་གྱོན་གོས་ཀྱི་ཐོན་ལས་འཕེལ་རྒྱས་དང་བསྟུན་ནས། ཡུས་ཧྲུའུ་ཡི་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་སྟོང་གཅིག་དང་ཉིས་བརྒྱ་ལྷག་དབུལ་ཐར་བྱས་ནས་ཕྱུག་བསྒྱུར་གྱི་ལམ་དུ་ཁྲིད། དེའི་ནང་དུ་དབུལ་ཕོངས་མང་ཚོགས་བརྒྱ་དང་བཅུ་གསུམ་གྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གསུམ་ལྷག་ལ་སླེབས་ཡོད་པ་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཡང་ཇེ་མང་དུ་སོང་ལ། ལྷག་པར་དུ་ཡུས་ཧྲུའུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

ཡིག་བསྒྱུར་བ། སྐར་མ་མཚོ།