རང་ཞིང་གི་ཡུལ་སྐོར་ཐོན་ལས་བརྟན་བརླིང་ངང་གོང་འཕེལ་སོང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ།
2018.10.15 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

2018ལོའི་ལོ་སྟོད་ཀྱི་ཟླ7རིང་ལ་ཡུལ་སྐོར་པ་སྣེ་ལེན་བྱས་པའི་སྤྱིའི་མི་གྲངས་དུས་མཉམ་ལས་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གཅིག་འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་དུས་མཉམ་ལས་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་བདུན་འཕར།

ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་ཞིང་གི་ཡུལ་སྐོར་ལས་རིགས་བསྟུད་མར་ཅུང་མགྱོགས་པོའི་འཕེལ་ཚུལ་རྒྱུན་འཁྱོངས་བྱས་པ་སྟེ། ཟླ་དང་པོ་ནས་ཟླ་བདུན་པའི་བར་བསྡོམས་པས་མི་གྲངས་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་གཉིས་ཁྲི་ལྔ་ལྷག་སྣེ་ལེན་བྱས་པས། དུས་མཉམ་ལས་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གཅིག་འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་ཉིས་བརྒྱ་དྲུག་ཅུ་ལྷག་བླངས་པས། དུས་མཉམ་ལས་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་བདུན་འཕར་ཡོད།

ད་ལོའི་ཚུན་དུ། རང་ཞིང་གི་ཡུལ་སྐོར་མ་ལག་གིས“གནས་ཐིག་གཏན་འཁེལ་གཅིག་དང་ཁ་ཕྱོགས་གཉིས། ལྔ་གསུམ་ཆགས་སྟངས། འབྲེལ་བ་བཅུ་གཅིག་ཐག་གཅོད་བཟང་པོ་བྱེད་པ”བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རིག་ལམ་གསར་པ་དང་དམ་པོར་སྦྲེལ་ནས། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་རྒྱབ་བཅོལ་བ་དང་། “གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསལ་བར་ཁོང་དུ་ཆུད་པ། ཡུལ་སྐོར་འཕེལ་རྒྱས་ཀྱི“ཡུལ་ཁོངས་ཡོངས་ཅན་དང་སྤུས་ཚགས་ཅན། ཤེས་རབ་ཅན”བཅས་མཛུབ་སྟོན་བྱས་པ། “མཐུན་སྦྱོར་འཕེལ་རྒྱས”ཀྱི་བརྗོད་གཞི་ལོའི་བྱ་འགུལ་སྤེལ་བ། “རབ་མཛེས་མཚོ་སྔོན”གྱི་ཚོང་རྟགས་མིང་གྲགས་ཤུགས་ཆེན་པོས་ཇེ་ཆེར་བཏང་བ་བཅས་ལས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བསྟུད་མར་མགྱོགས་མྱུར་དང་སྐྱོན་བྲལ་བའི་ངང་འཕེལ་བར་ཕན་འབྲས་ལྡན་པས་ཡར་སྐུལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཕྱོགས་སུ་བསྐྱོད།

རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱིས《མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ས་ཁུལ་རིམ་འཕར་དཔྱད་འདེམས་ཚད་གཞི།》དང《མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་འཆར་འགོད་བཟོ་བཅོས།》ཡོངས་འགྲུབ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད།》དང《མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་རིམ་འཕར་འཆར་འགོད།》གཉིས་ཀྱི་རྩོམ་སྒྲིག་བྱ་བ་སྤེལ་མགོ་བརྩམས། 《མཚོ་སྔོན་གྱི་ཁ་དབྱང(ཞང་ཆུས་ཞིང་ལས་ར་བ)ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ར་བའི་འཆར་འགོད།》ལ་མཐའ་མའི་ཞིབ་དཔྱད་བྱས། མིག་སྔར། ཞིང་ཆེན་ཡོངས་ནས་ཡུལ་སྐོར་འཆར་འགོད་ཐོབ་ཐང་ལྡན་པའི་ལས་ཁུངས་ལྔར་དཔྱད་འཇོག་བྱས་པ་དང་། ཡུལ་སྐོར་འཆར་འགོད་ཇུས་འགོད་ལས་ཁུངས་ག་བ་རིམ་པ་གཅིག་གི་ཐོབ་ཐང་མེད་པར་བཟོས། དུས་མཉམ་དུ།《མཚོ་སྔོན་ཞིང་ཆེན་གྱི་སྤྱོད་ཁང་གསར་བརྗེའི་ལོ་ངོ་གསུམ་གྱི་འགུལ་སྐྱོད་འཆར་གཞི།》གཏན་ལ་ཕབ་པ་དང་། 《ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།》འབྲི་མགོ་བརྩམས། 《མཚོ་སྔོན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་འགོད།》སོགས་བསྒྲིགས་ནས། བློ་གྲོས་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར། བཟོ་ལས་ཡུལ་སྐོར་སོགས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་བྱས།

ད་ལོར། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས“ཕྱིར་བསྐྱོད་པ་དང་ནང་དུ་འདྲེན་པའི”བྱེད་ཐབས་ཀྱིས“རབ་མཛེས་མཚོ་སྔོན་གྱི་ཡུལ་ལྗོངས་མང་པོ་གྲོང་ཁྱེར་མང་པོར་བསྐྱོད་པའི”ཡུལ་སྐོར་དྲིལ་སྒྲོག་གཙོ་བོ་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཡུལ་སྐོར་པའི་ཡོང་ཁུངས་གཙོ་བོ་བཅས་སུ་ཁ་གཏད་དེ་མཚམས་སྦྱོར་བྱེད་པའི་བྱ་འགུལ་སྤེལ་བར་སྐུལ་འདེད་བཏང། སྔ་རྗེས་སུ་ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧེ། ཧི་ནན་བཅས་སུ་མཚོ་སྔོན་ཡུལ་སྐོར་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་བ་དང་། “མཚོ་སྔོན་ཡུལ་སྐོར་ཚོང་རྟགས་གྲགས་ཅན་གྱི་དྲིལ་སྒྲོག་སྣང་བརྙན་ཁང”བཙུགས་ཤིང་། རྒྱལ་སྤྱི་དང་རྒྱལ་ནང་གི་བཤམས་སྟོན་ཚོགས་འདུ་སྣ་ཚོགས་ལ་ཞུགས་སྟེ། མཚོ་སྔོན་ཡུལ་སྐོར་ཐོན་ཁུངས་ཀྱི་ཐོན་རྫས་དང་ལམ་ཐིག་དྲིལ་སྒྲོག་བྱས། དེར་མ་ཟད། དུས་ཆེན་བྱ་འགུལ་ལ་བརྟེན་ནས། ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། “ གུང་གསེང་དཔལ་འབྱོར”གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

“དཔྱིད་སློང་བྱ་འགུལ”དང“རྣོ་གྲི་འགུལ་སྐྱོད”སོགས་ཡུལ་སྐོར་ཚོང་ཁྲོམ་གྱི་སྒྲིག་ལམ་རབ་དང་རིམ་པར་བཅོས་སྐྱོང་བྱེད་པའི་ཆེད་དམིགས་འགུལ་སྐྱོད་ཁྲོད་དུ། ཞིང་ཆེན་ཡོངས་ནས་འོས་འཚམ་མིན་པའི་རིན་གོང་དམའ་མོའི་ཡུལ་སྐོར་དང་ཁྲིམས་འགལ་གྱི “ཉིན་གཅིག་གི་ཡུལ་སྐོར” སོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་གཅིག་རྗེས་གཉིས་མཐུད་དུ་རྡུང་རྡེག་བཅོས་སྐྱོང་བྱས། “12301”དང་ཡུལ་སྐོར་ཞབས་ཞུ་རྒྱུ་སྤུས་ཐད་ཀྱི་སྤྱི་ཚོགས་ལྟ་ཞིབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་དཔེ་མཚོན་གྱོད་དོན་ཡོངས་བསྒྲགས་བྱས་ནས། ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་སྐྱེལ་བའི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱས་པ་དང་། ཕྱོགས་ཡོངས་ནས“རྒྱལ་ཡོངས་ཀྱི་ཡུལ་སྐོར་དོ་དམ་ཞབས་ཞུ་སྟེགས་བུའི”མ་ལག་བཀོལ་སྤྱོད་བྱེད་མགོ་བརྩམས་པས། དཔལ་ཡོན་ཡུལ་སྐོར་དང་ཡིད་རྟོན་ཚོང་གཉེར་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་ལ་སུ་འབབ་ཏུ་བཅུག

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།