ཁྱིམ་གཞི་གསར་བར་གནས་སྤར་བ་ནི་བདེ་སྐྱིད་ཅིག་རེད།
2019.02.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་བརྡལ་གྱི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ལ་ཁྱད་དུ་འཕགས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བསྐྲུན་དེ་གངས་རིའི་པང་བ་རུ་ཕན་ཚུན་བརྒྱན་འདུག    ལམ་དྲང་ལ་ཁོད་ཡངས་བའི་ཨར་འདམ་གྱི་གཞུང་ལམ་རེ་རེ་དང་། རིམ་པར་ལྟར་ཆགས་ཡོད་པའི་ར་སྐོར་རེ་རེ། སེམས་ཞིབ་མོའི་བྲིས་ཡོད་པའི་དམངས་སྲོལ་དཔེ་རིས་ཀྱི་གྱང་ངོས་རེ་རེ་ཡོད། ཡིན་ནའང་གནས་འདི་ནི་གསར་དུ་བཙུགས་པའི་གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་ས་ཡིན་པ་ལས་གཞན། ལྷག་པར་ཏུ་འབྲོག་པ་མང་ཚོགས་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་ཡི་ཁྱིམ་གཞི་གསར་བ་ཡང་རེད།
ཨ་མདོ་དམངས་སྲོལ་རིག་གནས་སྡེ་བར་འབོད་པའི་གནས་སྤོའི་བཀོད་སྒྲིག་བྱེད་ས་དེ་ནི་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་བརྡལ་ཤིང་རྩེ་ལམ་གྱི་བྱང་ཕྱོགས་སུ་ཡོད་ལ།སའི་རྒྱ་ཁྱོན་ལ་སྤྱི་ཆིངས་བརྒྱ་ཡོད་ལ།རྩི་ཀོར་ཐང་གྲོང་བརྡལ་དང་། ཆུ་སྔོན་གྲོང་བརྡལ།ཐང་ནག་གྲོང་བརྡལ།ཆུ་ཁོལ་ཞང་། ལུང་བཟང་ཞང་བཅས་ཞང་དང་གྲོང་བརྡལ་ལྔ་ཡོད། དེ་དག་ནི་ཞིན་ཧེ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཐ་ཐོར་ཡིན་པར་ཁ་གཏད་ནས། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བའི་གནས་ཚུལ་དངོས་ཀྱིས་སྐུལ་འདེད་བཏང་བའི་ཡུལ་གཞན་དུ་གནས་སྤོ་བའི་གཞི་གྲངས་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་ནང་དུ་འཛུགས་སྐྲུན་བྱས་ནས་ལས་འགོ་ཚུགས།
ད་སྐབས། དེང་རབས་ཅན་གྱི་དམངས་སྲོལ་རིག་གནས་སྡེ་བ་འཛུགས་སྐྲུན་བྱས་ནས་ཕལ་ཆེར་གྲུབ་འདུག    འཛུགས་སྐྲུན་བྱས་པ་ནི་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་གསར་བ་ཡིན་ལ། དེ་བས་ཀྱང་ཞིན་ཧེ་རྫོང་གི་དབུལ་ཐར་མཁྲེགས་གཏོར་ལམ་བུ་སྟེང་གི་རེ་བའི་ལེའུ་ཡིན།

རིན་ཆེན་ཐར་ཚང་ནི་ཞིན་ཧེ་རྫོང་ཆུ་ཁོལ་ཞང་གསེར་ཐང་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར། སྐབས་དང་པོའི་གནས་སྤོར་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས།ཁྱིམ་ཚང་གི་བཟའ་མི་ལྔ་བོ་རྫོང་མཁར་དང་སྤྱི་ལེ་གཉིས་མ་གཏོགས་མེད་པའི་ཨ་མདོའི་དམངས་སྲོལ་རིག་གནས་སྡེ་བར་གནས་སྤར་ནས། རྨིད་གྲུ་བཞི་མ་བརྒྱད་ཅུ་ཡོད་པའི་ཁང་གསར་ནང་དུ་བསྡད་པ་དང་། སྔོན་ཆད་ཀྱི་དགུན་དུས་རླུང་འགོག་མི་ཐུབ་པ་དང་དབྱར་དུས་ཆར་ཆུ་འགོག་མི་ཐུབ་པའི་ས་ཁང་དང་ཁ་བྲལ་བ་རེད། གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འདི་གླེང་སྐབས་རིན་ཆེན་ཐར་གྱིས་མཐེ་བོང་སྒྲེང་ནས་ཏང་གི་སྲིད་ཇུས་བཟང་བོར་བཀའ་དྲིན་ཞུ།

“ ང་ཚོ་སྔོན་ཆད་བསྡད་ཡོད་པའི་ཁང་བ་དག་ནི་ས་ཁང་དག་དག་རེད། ཆ་རྐྱེན་ཞན་པར་མ་ཟད་སྡོད་སའི་གནས་ས་མཐའ་ཡིན་ལ། རྫོང་མཁར་དུ་བྱ་བ་སྒྲུབ་དུ་ཡོང་དུས་ཉིན་ཕྱེད་ཀའི་དུས་ཚོད་བཀོལ་དགོས་པ་རེད། ནད་རྟགས་ལ་བལྟ་བ་དང་སློབ་གྲྭར་འགྲོ་བ་སོགས་ཚང་མ་ལས་དཀའ་མོ་ཞིག་རེད། ད་ལྟ་སྐར་མ་ཉི་ཤུ་ནང་རྫོང་ཐོག་ཏུ་ཐོན་ཐུབ། འདི་འདྲའི་ཁོད་ཡངས་པའི་ཁང་བ་གསར་བའི་ནང་དུ་སྤོར་ཐུབ་བྱུང་བ་སྔོན་ཆད་བློ་ཡིད་ལའང་འཆར་དཀའ་བ་ཞིག་རེད། ད་ནི་ས་ཆ་འདི་འདྲའི་མཛེས་སྡུག་ལྡན་པ་ཞིག་གི་ནང་དུ་སྡོད་ཐུབ་བྱུང་བས་ཚང་མ་ཧ་ཅང་སྐྱིད་པོ་རེད།

རིན་ཆེན་ཐར་གྱི་བཤད་ཀྱིན་པའི་མཛེས་སྡུག་གི་ས་ཆ་དེ་ནི་རིང་ཐུང་མེད་ལ་མཁྲུག་ཆ་དོད་པའི་ཁྱད་འཕགས་ཅན་གྱི་ར་སྐོར་ཁྲོད་དུ་མཚོན་ཡོད་པར་མ་ཟད། ག་ས་གང་དུ་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྣང་ཚུལ་ཞིག་གིས་ཁེངས་འདུག   ཞིན་ཧེ་རྫོང་དབུལ་ཐར་གསར་སྤེལ་ཅུའུ་ཡི་ལས་བྱེད་མི་སྣ་ལེང་ཙུང་ཞའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་འདིས་སྡོད་ཁང་དང་ལུས་རྩལ་ར་བ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་སོགས་མི་རིགས་སྲོལ་རྒྱུན་གྱི་ལག་བཟོས་ཐོན་རྫས་ཚོང་ཁང་བཅས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་སྐབས། གཙོ་བོ་བོད་མི་རིགས་ཀྱི་དམངས་ཁྲོད་ཡུལ་སྲོལ་འབུར་དུ་ཐོན་པར་བྱས་པ་དང་། སྲོལ་རྒྱུན་དམངས་སྲོལ་དང་དེང་རབས་ཐོན་ཁུངས་གཉིས་མཉམ་འབྲེལ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས། དབུལ་ཕོངས་མང་ཚོགས་ཡུལ་གཞན་དུ་གནས་སྤོར་རྗེས་ཀྱི་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་ལ་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱས།

ཞིན་ཧེ་རྫོང་ལུང་བཟང་ཞང་རྔ་རྡུང་སྡེ་བའི་བསོད་ནམ་རྒྱ་མཚོ་ནི་སྡེ་བ་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་ཐོག་དང་པོའི་གསར་གཏོད་མཁན་རེད།ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བའི་ཟླ་སྨད་དུ་ཁོས་སྡེ་བའི་ནང་གི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བཅུ་གཅིག་དང་མཉམ་འབྲེལ་བྱས་ནས་དངུལ་བུན་གྱི་མ་དངུལ་རུབ་བསྡུས་བྱས་ནས་གསར་དུ་བཙུགས་པའི་ཚོང་ཁང་འགན་གཙང་ལེན་བྱེད་པ་བརྒྱུད་ནས།  མཉམ་དུ་ཁང་བ་རྒྱན་སྤྲས་དང་མཛེས་སྤྲས་དེ་མིན་ལས་སྣོན་དང་རང་འདེམས་ཚོང་ཁང་གཉེར་ལ། རང་ཉིད་ཀྱི་ལས་སྒོ་གསར་གཏོད་བྱས་པ་བརྒྱུད་ནས་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས།

ང་ཚོ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བའི་ནང་གནས་སྤར་ནས་ཡོང་བ་ཡིན་ལ། ཚོང་ཁང་སྒོ་ཕྱེས་ནས་གཟའ་འཁོར་གཉིས་ལས་འགོར་མེད། སྲིད་གཞུང་གིས་ང་ཚོའི་ཆེད་དུ་ལོ་གཉིས་ཀྱི་རིང་ལ་ཁང་གླ་མ་བླངས་པར་མ་ཟད། ད་དུང་ང་ཚོར་རྗེས་ཕྱོགས་སུ་ཅི་ལྟར་བདག་གཉེར་བྱེད་དགོས་པའི་ཐད་ལ་མཛུབ་སྟོན་གནང་བས། ང་ཚོས་ཀྱང་ཧུར་བརྩོན་བྱེད་དགོས། རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཟེར། རྗེས་ཕྱོགས་ཀྱི་འཆར་གཞིའི་ཐད་ནས་བཤད་སྐབས་བསོད་ནམ་རྒྱ་མཚོའི་སྐད་ཆའི་ནང་དུ་ཡིད་ཆེས་ཀྱིས་ཁེངས་འདུག

མི་སེམས་དགའ་བའི་འགྱུར་ལྡོག་དེ་ལས་མི་ཚད་དེ། ཨ་མདོ་དམངས་སྲོལ་རིག་གནས་དོ་དམ་འཛིན་གྲྭའི་འཛིན་གཙོ་གཡང་འཛོམས་ཐར་གྱི་མཚམས་སྦྱོར་བྱས་པ་ལྟར་ན།ཞིང་སྡེའི་བུད་མེད་ཚོ་རང་ཁྱིམ་གྱི་སྒོ་ཁ་ན་ལས་རྐང་ལ་ཞུགས་པ་མངོན་འགྱུར་འབྱུང་བའི་ཆེད་དུ། སྡེ་བའི་ནང་དུ་གཙང་དག་བྱེད་མཁན་གྱི་མི་སྣ་བཅུ་བཀོད་སྒྲིག་བྱས་ནས་སྡེ་བ་ཡོངས་ཀྱི་ཁོར་ཡུག་གཙང་དག་དང་གད་སྙིགས་གཙང་སེལ་བྱས། ད་ལྟ་ཁོ་མོ་ཚོར་ཟླ་བ་རེ་རེར་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་ཡི་ཡོང་སྒོ་ཡོངད་པ་རེད། གནས་སྤོར་ནི་ལག་ལེན་བྱེད་ཐབས་ཤིག་ཡིན་ལ། དབུལ་ཐར་བྱེད་རྒྱུ་ནི་ད་གཟོད་དམིགས་ཡུལ་ངོ་མ་དེ་ཡིན། ཐེངས་རྗེས་མའི་ནང་དུ་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་མི་འགྱངས་བར་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཐག་གཅོད་བཀོད་སྒྲིག་བྱས་ནས་སྔར་ལས་མང་བའི་དབུལ་ཕོངས་ཁྱིམ་ཚང་གི་ལས་རྐང་གནད་དོན་ཐག་གཅོད་བྱས།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཟླ་སྨད་དུ། སྡེ་བ་གསར་བའི་ནང་དུ་གནས་སྤར་བའི་འབྲོག་པ་མང་ཚོགས་ཕལ་ཆེར་ཁྱིམ་ཚང་བརྒྱད་བརྒྱ་དང་ང་གསུམ་ལ་སླེབས་འདུག ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ཡང་ཁང་བ་གསར་བའི་ནང་དུ་སྡོད་ཐུབ་པ་དང་མ་དངུལ་བཏང་ནས་སྐྱེལ་འདྲེན་བྱེད་ཐུབ་པ་མི་འགྱངས་པར་ཡོངས་སུ་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་འབྱུང་བ་མངོན་འགྱུར་བྱུང་། དགུན་གྱི་འཁྱགས་རླུང་རིང་མོའི་ཁྲོད་ཞིན་ཧེ་རྫོང་གི་ཁྱིམ་ཚང་སྟོང་ཕྲག་འགའི་མང་ཚོགས་རྣམས་ཀྱིས་ཡུལ་གཞན་དུ་གནས་སྤར་བའི་གཞི་གྲངས་བརྒྱུད་ནས་སྡེ་བ་གསར་བ་དང་རྫོང་མཁར་དུ་གནས་སྤར་བ་རེད། ཐེངས་འདིའི་ཡུལ་གཞན་དུ་གནས་སྤར་བ་འདི་ནི་བདེ་སྐྱིད་ལྡན་པའི་འཚོ་བར་གནས་སྤར་བ་ཞིག་ཡིན་པར་མ་ཟད། ལྷག་པར་ཏུ་ཞིན་ཧེ་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བ་ལེའུ་གསར་བ་ཞིག་ཡིན་པར་མཚོན་ཡོད།
                                                                                                                          ཡིག་བསྒྱུར་བ། སྐར་མ་མཚོ།