སྔོན་ཐོན་གྱི་བོད་སྨན་རང་འགུལ་ཅན་གྱི་ཐོན་སྐྱེད་གོ་རིམ།
“ ནད་པ་ཞིག་སྨན་སྣ་འཛོམས་པའི་འཁྲུས་གཞོང་ནང་དུ་བསྡད་ཚེ། ལུས་སེམས་གཉིས་ལ་བདེ་བའི་ཚོར་བ་སྐྱིད་པོ་ཞིག་སྟེར་ཞིང་། དེ་ནས་ཡུན་རིང་མ་འགོར་བར། ནུས་ལྡན་སྨན་གྱི་གྲུབ་ཆ་ཕུང་གྲུབ་དང་དབང་བོ་རྣམས་ཀྱི་བྱེད་སྒོ་དང་འཁོར་སྐྱོད་བརྒྱུད་དེ་དེ་གར་གནས་པའི་ལུས་ཀྱི་ནད་དང་། ནད་དུག་བ་སྤུའི་བུ་ག་ལས་ཕྱིར་ཕུད་ངེས། སྐབས་དེ་དུས་ནད་པ་ལ་བདེ་བའི་ཚོར་བ་སྐྱིད་པོ་ཞིག་སྟེར་ཐུབ།”
འདི་ནི་ཨོ་སི་ཁྲུ་ལི་ཡའི་ཁམས་གསོ་ཚོགས་པའི་ཁོངས་མི་ཨོ་ལོ་ཡིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྨན་ལུམས་སྨན་བཅོས་དང་ལེན་བྱེད་སྐབས་སུ་བཤད་པའི་རང་ཉིད་ཀྱི་མྱོང་ཚོར་རེད། ཨོ་ལོ་ལ་རེངས་གཤིས་སྒལ་ཚིགས་ཚ་ནད་ཕོག་ཡོད་པ་དང་། དུས་ཡུན་རིང་པོར་ན་ཟུག་གིས་ཁོ་ལ་སྡུག་བསྔལ་ཚད་མེད་བསྐྱེད་ཡོད། ཁོས་ཀྲུང་གོའི་བོད་ལུགས་གསོ་རིག་གི་སྨན་བཅོས་ནུས་པ་ངོ་མཚར་བ་ཐོས་མྱོང་པས། ཁོ་ཆེད་དུ་ཁམས་གསོ་ཚོགས་པར་ཞུགས་ནས་མཚོ་སྔོན་ཞིང་ཆེན་དུ་ཡོང་བ་ཡིན། སྨན་ལུམས་སྨན་བཅོས་ཀྱི་གོ་རིམ་ཆ་ཚང་གཅིག་བརྒྱུད་མཐར། ཨོ་ལོ་ཡི་ན་ཟུག་འབྱུང་བའི་ནད་རྟགས་མངོན་གསལ་གྱིས་ཇེ་ཡང་དུ་སོང་བས། ཁོས་ཚོགས་པའི་ལོ་ཙཱ་བརྒྱུད་དེ་ང་ཚོར་བཤད་རྒྱུར། བོད་ལུགས་གསོ་རིག་གི་སྨན་ལུམས་དངོས་ནས་ཡ་མཚན་རེད། ང་ཚོའི་རྒྱལ་ཁབ་ནས་བཅོས་ཐབས་མེད་པའི་ནད་འདི་ས་འདིར་བཅོས་ཐུབ་བྱུང་བས། རང་ཉིད་ཀྱི་བློ་ཡིད་ཚིམས་ཡོད”ཅེས་བཤད།
2018ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་སྲིད་གཞུང་གི་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུའི་སྟེང་། ཀྲུང་གོས་སྙན་ཞུ་ཕུལ་བའི“བོད་ལུགས་གསོ་རིག་གི་སྨན་ལུམས་བཅོས་ཐབས་སྟེ། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་ཡམས་འགོག་བཅོས་སྐོར་གྱི་ཤེས་བྱ་དང་ལག་ལེན” ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་གྱི་མིང་མཛོད་དུ་བཞག
བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་བྱེད་པ།
སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་ཚབ་མཚོན་རང་བཞིན་གྱི་ལག་རྩལ་ཤིག་ཡིན་པའི་ཆ་ནས། བོད་ལུགས་གསོ་རིག་གི་ལུམས་བཅོས་བྱེད་སྟངས་དེ་གཟུགས་འདས་ཤུལ་བཞག་རིག་གནས་སུ་ཚུད་ཐུབ་པ་ནི་མཚོ་སྔོན་གྱི་བྱས་རྗེས་ཆེན་པོ་ཞིག་རེད། 2008 གྱི་ལོར། རང་རྒྱལ་གྱིས་ཞིང་ཆེན་བོད་སྨན་ཁང་ནི་རྒྱལ་ཁབ་རིམ་པའི་ཆེས་ཐོག་མའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས་ཀྱི“བོད་ལུགས་གསོ་རིག་སྨན་ལུམས་བཅོས་ཐབས”དེ་སྲུང་སྐྱོབ་ལས་ཁུངས་སུ་གཏན་འཁེལ་བྱས་ཤིང་། ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་ཀླུ་བྱམས་རྒྱལ་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་རེད། ལོ་ངོ་མང་པོའི་རིང་། ཞིང་ཆེན་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྨན་ལུམས་བཟོ་རྩལ་དང་། ནད་པར་ནད་གཡོག་སོགས་ཀྱི་ཐད་དམིགས་བསལ་གྱི་ནད་བརྟག་སྨན་བཅོས་བྱེད་ཐབས་ཤིག་ཆགས་ཡོད་པས་རྒྱ་ཆེའི་ནད་པས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་བྱ་གཞག་ནི་མེ་ཏོག་སྣ་བརྒྱ་བཞད་པ་ལྟ་བུའི་རྣམ་པ་གསར་པ་ཞིག་ལ་སླེབས་ཡོད་པ་དང་། ད་ལྟ་དེ་ནི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཁྲོད་རྐང་ཚུགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཀྲུང་བོད་ལུགས་གསོ་རིག་ལ་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་ཡོད་ལ། སྲོལ་རྒྱུན་གྱི་སྨན་བཅོས་བྱེད་སྟངས་ཀྱང་རིམ་བཞིན“ སྔོན་འགོག སྨན་བཅོས། ཁམས་གསོ” བྱེད་སྟངས་ཀྱི་ཕྱོགས་སུ་བསྒྱུར་ཏེ་འཛམ་གླིང་དུ་ཁྱབ་བཞིན་ཡོད།
མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཚོར་བ་མུ་མཐུད་དུ་ཇེ་མཐོར་གཏོང་བཞིན་ཡོད།
ནངས་སྔ་མོ་ནས་ཞིང་ཆེན་བོད་སྨན་ཁང་གི་གནམ་ལྷ་མཁར་གྱི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་མཁས་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང་དང་། སངས་རྒྱས་ཀྱི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་མཁས་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང་། བློ་བྷ་ཡི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་མཁས་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང་། པད་མ་དབང་གྲགས་ཀྱི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་མཁས་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང་དང་། པད་མ་ཐར་གྱི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་མཁས་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང་བཅས་ཀྱི་སྒོ་ཁ་རུ་ནད་པ་མང་པོ་གྲལ་རིང་བོ་བསྒྲིགས་ནས་འདུག ནད་པ་དག་ནི་རྒྱལ་ཡོངས་ཀྱི་བོད་ཁུལ་དང་། ཐ་ན་ནང་ལོག་ས་ཁུལ་གྱི་རྒྱ་རིགས་ནད་པ་མང་པོ་ཡང་ནད་བཅོས་བྱེད་དུ་ཐོན་ཡོད་པ་རེད།
མཚོ་སྔོན་ནི་བོད་ལུགས་གསོ་རིག་གི་འབྱུང་ཡུལ་དང་ཁྱབ་སྤེལ་ཀྱི་ས་གནས་གཙོ་བོ་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་། ནད་ཡམས་སྔོན་འགོག་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་གི་བརྒྱུད་རིམ་ཁྲོད། བརྩོན་འགྲུས་ཆེ་ཞིང་བློ་གྲོས་ལྡན་པའི་མཚོ་སྔོན་མི་དམངས་ཀྱིས་སྲོལ་རྒྱུན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བང་མཛོད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
ལོ་ངོ་མང་པོའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་དོན་ཆེན་དུ་བཟུང་ནས་སྐུལ་སྤེལ་དམ་འཛིན་བྱས་པ་དང་། ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཁབ་ཀྱིས་སྐྱེ་དངོས་སྨན་རྫས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱེད་པ་དང་། སྒུལ་ཤུགས་གསར་སྤེལ་དང་འཇོན་མིའི་སྒུལ་ཤུགས་ལ་བརྟེན་ནས་མུ་མཐུད་དུ་སྲིད་ཇུས་དང་མ་དངུལ་གྱི་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཤུགས་ཆེན་པོས་ཕུལ་བྱུང་ཐོན་ཁུངས་སྤོ་བསྒྱུར་ལག་བསྟར་བྱེད་པ་དང་། ཀྲུང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་དེ་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་དང“ བདེ་ཐང་གི་མཚོ་སྔོན” འཛུགས་སྐྲུན་གྱི་ཁྲོད་མཉམ་འདྲེས་བྱེད་པར་སྐུལ་སྤེལ་བྱེད་པ་དང་། ཀྲུང་བོད་ལུགས་གསོ་རིག་གིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་བོད་ལུགས་གསོ་རིག་བྱ་གཞག་གི་སྤྱིའི་གཞི་ཁྱོན་དང་ཞབས་ཞུའི་ནུས་པ་མུ་མཐུད་དུ་རྒྱ་བསྐྱེད་དེ། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་དང་ཚན་རིག་ཞིབ་འཇུག་གི་ནུས་པ་ཆེ་བ། སློབ་གསོའི་ཆུ་ཚད་རིམ་སྤོར་བྱས་ཏེ་རིག་གནས་རྒྱུན་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས།
སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ལ་སྐུལ་འདེད་བྱེད་རྒྱུ་ནི་ཆེས་གནད་འགག་རེད།
དམངས་ཁྲོད་ཀྱི་ཁ་དཔེ་ལ“ལྷགས་དུས་གསོས་པའི་ལུས་ཕུང་དེ། སྟག་ལ་འཐབ་ཡང་འགྲན་ཡ་མེད”ཞེས་པ་ལྟར། བྱུགས་སྨན་ལ་བརྟེན་པ་ནི“མ་ངེས་པའི་ནད་བཅོས”ཀྱི་མཚོན་རྟགས་ཞིག་རེད། ན་ནིང་དགུན་དུས། ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་བྱུགས་སྨན་གྱི་སྒོ་བསྟེན་སྨན་བཅོས་བྱེད་འགོ་བརྩམས་པ་མ་ཟད། “མི་རེར་ཐུན་གཅིག ནད་ཐོག་སྨན་བཅོས”བྱས། སྒོ་ཕྱེ་ནས་ཉིན་འགའ་མ་ལོན་པར། “ཀྲུང་ལུགས་སྨན་བཅོས་ལ་དད་པའི་མི་མང་བོ་ཞིག” བྱུང་།
ཡུན་རིང་གི་ནད་ཡམས་ཀྱི་འཐབ་རྩོད་ཁྲོད། ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གསོ་རིག་གི་མ་ལག་བསྐྲུན་ཡོད་ལ། དེར་མ་ལག་ལྡན་པའི་གཞུང་ལུགས་དང་མངོན་གསལ་གྱི་ཕན་ནུས། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་སོགས་ནི་མིའི་རིགས་ཀྱི་གསོ་རིག་གི་རྩ་ཆེའི་རྒྱུ་ནོར་ཡིན་པ་དང་། ཚན་རིག་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་དེང་གི་དུས་སུ་སྔར་བཞིན་མིའི་རིགས་ཀྱི་བདེ་ཐང་སྲུང་སྐྱོབ་ལ་འགན་སྲུང་བྱེད་ཀྱིན་ཡོད།
2018ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་བོད་སྨན་སྨན་སྦྱོར་ཁང་གི་བཟོ་པ་རྣམས་ཀྱིས་སྨན་རིལ་བཟོ་བཞིན་པ།
ཕྱོགས་བསྡུས་ཀྱི་སྨན་བཅོས་བསྒྱུར་བཅོས་ཁྲོད། རང་རེའི་ཞིང་ཆེན་གྱིས་ཀྲུང་ལུགས་སྨན་བཅོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་པ་དང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་སྣེ་ཁྲིད་དེ་སྨན་བཅོས་ལས་ཁུངས་ཉེར་བཞི་ཡིས་གྲུབ་པའི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཡོད། (དེའི་ནང་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་ཁང་བཅུ་བཞི་དང་། ཕྱོགས་བསྡུས་སྨན་ཁང་གཅིག འདུས་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་གཅིག་དང་ལྟེ་བའི་འཕྲོད་བསྟེན་ཁང་བརྒྱད་འདུས།) ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཀྱང་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་ཐད་ཀྱི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེང་སྐབས་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་ཀྲུང་བོད་སོག་སྨན་ཁང་ཞེ་གཉིས་ཡོད་པ་དེས། ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གི་སྤྱི་འབོར་གྱི་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་གསུམ་ཟིན་པ་དང་། ཞིང་ཆེན་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་བཞི་བརྒྱ་སོ་བདུན་ཡོད་པ་དང་། ལས་གཞིའི་ཁེབས་ཚད་ཀྱིས་བརྒྱ་ཆའི་བརྒྱ་ཟིན་ཡོད། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་དེ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལས་གྲྭའི་རྣམ་གྲངས་ཁྲོད་ཚུད་པ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱི་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་བརྒྱ་ཆའི་བརྒྱ་དང་། ཞང་གྲོང་གི་འཕྲོད་བསྟེན་ཁང་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་ལྔ་དྲུག སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱི་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་ཐིག་དྲུག བརྒྱ་ཆའི་དོན་དྲུག་དང་གྲུངས་ཆུང་དགུ་བཞི་ཡི་སྡེ་བའི་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུ་མཁོ་འདོན་བྱེད་ཐུབ།
མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལག་རྩལ་རྐང་འཛིན་པ་སྟོང་ལྷག་གསོ་སྐྱོང་བྱས་ཡོད་ལ། རྒྱལ་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་མིང་གྲགས་དང་ལོ་རྒྱུས་ལྡན་པའི་རྒྱུན་འཛིན་ལས་དོན་ཁང་ཉེར་གཅིག་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་མཁས་ཅན་རྒན་པ་དང་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་གྱི་ལས་དོན་ལག་བསྟར་དང་། ཤུལ་འཛིན་པ་མི་དགུ་བཅུ་གསོ་སྐྱོང་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ལྡན་པའི་ཀྲུང་བོད་སོག་སྨན་པ”ཉི་ཤུ་དཔྱད་འདེམས་བྱས་ཡོད་ལ། ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་སྒྲིག་འཛུགས་དང་ལག་ཏུ་བསྟར་བའི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང“མཚོ་སྔོན་ཞིང་ཆེན་བོད་སྨན་གསར་སྤེལ་ཚོད་ལྟ་ཁང” ཞེས་པར་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་ཕུལ་བྱུང་གཙོ་གནད་ཚོད་ལྟ་ཁང་དུ་དཔྱད་འདེམས་བྱས་ཡོད།
འཕེལ་རྒྱས་རིམ་སྤོར་གྱི་དུས་སྐབས་བཟང་བོ།
2020ལོར་སླེབས་ཚེ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུའི་ཡན་གྱི་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཞང་གྲོང་འཕྲོད་བསྟེན་ཁང་ལ་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་འཛུགས་དགོས་པ་དང་། 2025ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་ད་ཡོད་གཞུང་གཉེར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་རྒྱ་སྐྱེད་བཟོ་བཅོས་བྱེད་རྒྱུའི་ལས་འགན་སྒྲུབ་སྟེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་འཛུགས་རྒྱུ། 2025 ལོར་སླེབས་སྐབས། བརྒྱ་ཆའི་གྱ་ལྔ་ཡན་གྱི་རྫོང་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་ཨང་རིམ་གཉིས་པའི་ཚད་རིམ་དང་པོར་སླེབས་དགོས་ལ། མི་རིགས་གསོ་རིག་སྨན་ཁང་གི་ཚད་གཞི་ལ་སླེབས་དགོས། ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《 མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་རྒྱབ་སྐྱོར་སྐུལ་འདེད་གཏོང་བའི་བྱེད་ཐབས》ནང་བསྟན་དོན། སྨན་བཅོས་ཞབས་ཞུའི་དྲ་བ་མྱུར་དུ་འཛུགས་སྐྲུན་དང་། སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས། ལུས་གསོའི་འཕྲོད་སྦྱོར་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ། ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། རིག་གནས་འཛུགས་སྐྲུན་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་ཞིབ་ཕྲའི་བྱེད་ཐབས་ཉེར་ལྔ་བཏོན་ཡོད།
འདིས་མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་མདུན་སྐྱོད་བྱེད་བཞིན་ཡོད་པ་མཚོན།
2018ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྡེབ་མཁན་ལྷ་མོ་སྒྲོལ་མས་ནད་པར་སྨན་སྟེར་བཞིན་པ།
གསར་འགོད་པས་བཅར་འདྲིའི་ཁྲོད་རྒྱུས་ལོན་པ་ལྟར་ན། བོད་ལུགས་སྨན་ལུམས་འཛམ་གླིང་གི་ཤུལ་བཞག་རིག་གནས་གྲས་སུ་ཚུད་པ་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སོགས་རྣམ་གྲངས་འགན་སྲུང་ལས་ཁུངས་དག་གིས་ཞིབ་འཇུག་སྡེ་ཁག་འཛུགས་པ་དང་བོད་ཀྱི་གསོ་རིག་གཞི་གྲངས་མཛོད་འཛུགས་སྐྲུན་བྱེད་པ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་མྱུར་སྐྱོབ་དང་འཚོལ་བསྡུ་བྱེད་པར་ཤུགས་སྣོན་པ་བཅས《བོད་ཀྱི་གསོ་རིག་ཚིག་མཛོད་ཆེན་མོ》དང《བོད་ལུགས་སྨན་ལུམས་ཀྱི་དམངས་ཁྲོད་གསོ་བཅོས》སོགས་གནའ་དཔེ་སྲུང་སྐྱོང་ལེགས་སྒྲིག་གི་བྱ་བ་ལེགས་པོ་བསྒྲུབ་པ་མ་ཟད། བོད་ལུགས་སྨན་ལུམས་ཐད་ཀྱི་རིག་གཞུང་བགྲོ་གླེང་ལ་ཤུགས་བསྣན་པ་དང་སྲུང་སྐྱོང་འགན་སྲུང་ཕྱོགས་ལ་ཕན་འབྲས་ལྡན་པའི་རིག་གཞུང་གི་འགན་སྲུང་འདོན་སྤྲོད་བྱས། ཧུའུ་ཀྲུའུ་བྱང་རི་སོགས་རང་བྱུང་སྲུང་སྐྱོབ་ཁུལ་དུ་སོང་ནས་བོད་སྨན་གྱི་རྩྭ་སྨན་རྒྱུ་ཆ་འདེབས་པའི་ཚོད་ལྟའི་བྱ་བ་སྒྲུབ་པ་དང་། བོད་སྨན་རྒྱུ་ཆའི་ཐོན་ཁུངས་མུ་མཐུད་དུ་བེད་སྤྱོད་བྱས་ཏེ། གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞི་མང་ཚོགས་དང་འཚོ་བའི་ཁྲོད་དུ་ཞུགས་ནས། དངོས་གནས་མི་རིགས་ཀྱི་རྒྱུད་འཛིན་བྱ་བ་ལེགས་པོར་སྒྲུབ་ཏེ། འཚོ་བ་གསར་བ་བསྐྲུན་དགོས།
རྗེས་ཕྱོགས་ང་ཚོས་མི་དམངས་ཀྱི་བདེ་ཐང་གཙོ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ཀྲུང་ལུགས་བོད་སྨན་དང་ནུབ་ལུགས་གསོ་རིག་མཉམ་གཅིག་ཏུ་དར་སྤེལ་བྱེད་པའི་བྱ་བའི་འཐབ་ཇུས་སོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ལུགས་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཚན་རིག་གི་སྒོ་ནས་ཀྲུང་ལུགས་བོད་སྨན་གྱི་དར་སྤེལ་ལ་ཤུགས་སྣོན་པ། སྐྱེ་ཁམས་ཀྱི་འདུ་ཤེས་སྤྱད་དེ་ཀྲུང་ལུགས་བོད་སྨན་གསོ་སྤེལ་བྱེད་པ། དགོས་མཁོ་དང་བསྟུན་ནས་ཀྲུང་ལུགས་བོད་སྨན་འཕེལ་རྒྱས་སུ་གཏོང་བ། གསར་གཏོད་ཀྱི་འདུ་ཤེས་སྤྱད་ནས་ཀྲུང་ལུགས་བོད་སྨན་དར་སྤེལ་བྱེད་པ། མིང་གྲགས་ཐོན་རྫས་ཀྱི་འདུ་ཤེས་སྤྱད་ནས་ཀྲུང་ལུགས་བོད་སྨན་མཐོར་འདེགས་སུ་གཏོང་དགོས་ཞེས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བུའུ་ཅེ་ཡིས་གསར་འགོད་པ་དེ་ལྟར་བཤད།
ཀྲུང་ལུགས་བོད་སྨན་གྱི་རྒྱུན་འཛིན་གསར་གཏོད་བྱེད་པ་དང་། ཀྲུང་ལུགས་བོད་སྨན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས་ཏེ། མགྱོགས་མྱུར་སྒོས་ཀྲུང་ལུགས་བོད་སྨན་ཀྱི་ཐོན་ལས་འཕེལ་རྒྱས་དང་མཐུན་སྦྱོར་མཉམ་ལས། རྩ་འཛུགས་འགོ་ཁྲིད་བཅས་ལ་སྐུལ་འདེད་གཏོང་དགོས།
སྲིད་གཞུང་དང་སྤྱི་ཚོགས། ཚོང་ར་བཅས་ཀྱིས་ནུས་ཤུགས་གཅིག་བསྡུས་བྱས་ཏེ། དེང་རབས་ཅན་གྱི་ཀྲུང་ལུགས་བོད་སྨན་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཀྲུང་ལུགས་བོད་སྨན་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདུད་བྱེད་པ་དང་། ཀྲུང་ལུགས་བོད་སྨན་གྱི་ཞིང་ཆེན་སྟོབས་ལྡན་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
ཀྲུང་ལུགས་བོད་སྨན་དར་སྤེལ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ལས། ང་ཚོའི་མཚོ་སྔོན་གྱིས་ཀྲུང་ལུགས་བོད་སྨན་འཕེལ་རྒྱས་སུ་འགྲོ་བའི་དུས་རབས་གསར་བ་ཞིག་བསུ་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།