མཛེས་སྡུག་མཚོ་སྔོན་ང་ཡི་ཕ་ཡུལ་ཡིན། ཞིང་སྡེའི་གཙང་སྦྲར་ཀུན་གྱིས་དོ་སྣང་བྱེད།
2019.04.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 68

——ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམ་པ།

ད་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་ཀྱིན་པའི་སྒང་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཧུར་བརྩོན་གྱིས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་དུ་ཞུགས་ནས། ཞིང་སྡེའི་རྣམ་པ་རིམ་གྱིས་ལེགས་བཅོས་བྱེད་པ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་སྣང་བརྙན་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

མཚོ་སྔོན་ནི“གཙང་གསུམ་འབྱུང་ཡུལ”དུ་གནས་པས། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེན་ཡིན། མཛེས་སྡུག་མཚོ་སྔོན་གྱི་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་མདོག་གིས་ཁྱབ་ཡོད་པས། ཞིང་སྡེའི་འཕྲོད་བསྟེན་ལ་ཀུན་གྱིས་སྲུང་སྐྱོང་བྱེད་དགོས། མཚོ་སྔོན་མི་དམངས་ནི་སྤྲོ་སེམས་ལྡན་ཞིང་མགྲོན་པོར་དགའ་བས། མཛེས་སྡུག་གི་སྣང་བརྙན་ཚང་མས་མཉམ་དུ་རྒྱུན་སྲུང་བྱེད་དགོས། ནུས་ཤུགས་གཅིག་ཏུ་བསྡུས་ནས་ཞིང་སྡེའི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། ཞིང་སྡེའི་གཙང་སྦྲ་ཇེ་ལེགས་སུ་གཏོང་བའི་ཆེད་དུ། ཞིང་ཆེན་ཏང་ཨུའི་ཞིང་སྡེའི་ལས་དོན་གཞུང་ལས་ཁང་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱི་སྡེ་ཁག་བཅུ་དགུ་ཡིས་མཉམ་དུ“ཞིང་སྡེའི་སྡོད་གནས་ཁོར་ཡུག་དང་སྡེ་བས་གཙང་སྦྲ་བྱེད་པའི་བྱ་འགུལ”སྤེལ་བ་དང་། ང་ཚོས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པས་ཧུར་བརྩོན་གྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། རང་རྟོགས་སྒོས་སྡེ་བའི་གཙང་སྦྲ་བྱེད་པའི་བྱ་འགུལ་ལ་ཞུགས་དགོས་པའི་གྲོས་གཞི་བཏོན་ཡོད།

རང་རྟོགས་སྒོས་གཙང་སྦྲའི་བྱ་འགུལ་ནང་ཞུགས་པ། ཞིང་སྡེ་ནི་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་བྱེད་སའི་ཁྱིམ་གཞིས་ཡིན་ལ། ངལ་གསོ་བྱེད་སའི་ས་གཞི་དྲོན་མོའང་ཡིན། སྡེ་བ་གཙང་དག་ཡོང་བར་བྱེད་རྒྱུ་ནི་རོང་འབྲོག་མང་ཚོགས་ཡོངས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པ་དང་། ཞིང་སྡེའི་བགྲོད་ལམ་གཙང་སྦྲ་བྱེད་པ་དང་། མེ་ཏོག་འདེབས་པ་དང་སྡོང་བོ་འཛུགས་པ་ནི་རོང་འབྲོག་མང་ཚོགས་ཡོངས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱུན་སྲུང་བྱས་པའི་སྲོལ་རྒྱུན་གྱི་སྤྱོད་བཟང་རེད། ང་ཚོས་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ལ་བདག་པོའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་སྒྲུབ་པ་དང་། རང་རྟོགས་སྒོས་སྡེ་བའི་གཙང་སྦྲའི་བྱ་འགུལ་ནང་ཞུགས་དགོས་པའི་འབོད་སྐུལ་སྒྲོག་བཞིན་ཡོད།

“གཙང་སེལ་གསུམ”གྱི་བྱ་བ་ཁྱོན་ཡོངས་ནས་སྤེལ་དགོས། སྒོ་ཁར“ཁག་ཐེག་གསུམ”ཡོད་པར་བྱ་དགོས། འབུད་ཤིང་རྩྭ་རྩོབ་དང་འཚོ་བའི་གད་སྙིགས་སོགས་དུས་ཐོག་ཏུ་གཙང་སེལ་བྱེད་པ་དང་། སྡེ་བའི་ནང་གི་ཆུ་རྫིང་བྱེ་འདམ་དང་རྫོབ་ཆུ་དྲི་ངན་སོགས་དུས་ཐོག་ཏུ་གཙང་སེལ་བྱེད་པ། སྒོ་ཕྱུགས་ཀྱི་རྫིང་ལུད་སོགས་ཀྱི་ཞིང་ལས་ཐོན་སྐྱེད་སྙིགས་རོ་རྣམས་དུས་ཐོག་ཏུ་གཙང་སེལ་བྱས་ཏེ། རོང་འབྲོག་པའི་འཚོ་བར་ཤུགས་རྐྱེན་ཐེབས་པའི་སྡོད་གནས་ཀྱི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་དགོས།

འཚོ་བའི་གོམས་སྲོལ་ཧུར་ཐག་གིས་བསྒྱུར་དགོས། གཙང་སྦྲ་དང་འཕྲོད་བསྟེན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གད་སྙིགས་གང་སར་འཕེན་པ་དང་འབུད་ཤིང་རྩྭ་རྩོབ་གང་སར་སྤོང་བ། ཞིང་ལས་འཕྲུལ་ཆས་གང་སར་འཇོག་པ། བཙོག་ཆུ་རྫོབ་ཆུ་གང་སར་འཕོ་བ། གྱང་ངོས་སུ་གང་འདོད་ལྟར་འབྲི་བ། བརྡ་ཁྱབ་གང་སར་སྦྱོར་བ། ཁྱིམ་གྱི་ཕྱུགས་བྱ་གང་སར་རྒྱུག་པ་དང་གང་སར་རྫིང་ལུད་གཏོང་བ་སོགས་ཀྱི་ཞིང་སྡེའི་སྡོད་གནས་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་བྱ་སྤྱོད་ངན་པ་འགོ་ཁུངས་ནས་ཇེ་ཉུང་དང་མེད་པར་བཟོས་ཏེ། རང་རྟོགས་སྒོས་འཚོ་བའི་གོམས་སྲོལ་ལེགས་བསྒྱུར་བྱེད་དགོས།

ལྟ་སྐུལ་གྱི་བྱ་བ་ཧུར་ཐག་གིས་བཟང་བོར་བསྒྲུབ་དགོས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་བདག་པོའི་བསམ་བློ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་བའི་ཁོར་ཡུག་འཕྲོད་བསྟེན་ལ་ལྟ་སྐུལ་ལེགས་པོ་བྱེད་པ་དང་། གད་སྙིགས་གང་སར་འཕེན་པ་དང་གད་སྙིགས་སྤོང་བ་སོགས་ཀྱི་བྱ་སྤྱོད་ངན་པར་དགག་ལན་སྤྲོད་ཕོད་པ་དང་། གནད་དོན་ཡོད་པ་ཤེས་ན་མྱུར་དུ12316ཞབས་ཞུའི་ཁ་པར་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་ཡར་ཞུ་དང་གཏུག་བཤེར་བྱེད་ཕོད་དགོས།

མཛེས་སྡུག་གི་མཚོ་སྔོན་ང་ཡི་ཕ་ཡུལ་ཡིན། ཞིང་སྡེའི་གཙང་སྦྲར་ཀུན་གྱིས་དོ་སྣང་བྱེད། ང་ཚོས་མཉམ་དུ་འགུལ་སྐྱོད་བྱས་ཏེ། གཙང་ཞིང་གྲལ་དག་ལ་དཔལ་ཡོན་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་འདོན་དགོས་པ་དང་། ཞིང་སྡེའི་དར་སྤེལ་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།