དགོངས་དོན་ལག་བསྟར་བྱས་ཏེ་ཐོག་མའི་བསམ་འདུན་སྲུང་བ་དང་སྦྱངས་པ་གོ་ཆོད་བྱས་ཏེ་དངོས་འབེབས་དམ་འཛིན་བྱེད།
2019.07.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

 མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཡོངས་ཀྱིས་སྤེལ་བའི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་་པའི་བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་པ།

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་གཅིག་རྗེས་གཉིས་མཐུད་སྒོས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལོན་པར་བྱས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ།

གྲོང་ཁྱེར་དང་ཁུལ་སོ་སོས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཏོན་པའི་བླང་བྱ་ལྟར། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་བ་ནི་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ་གསལ་ཆ་དོད་དགོས་ལ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། བྱ་བའི་གཙོ་གནད་དང་མྱུར་ཚད་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ནས། སྣེ་མཐུད་དམ་པོ་དང་སྐུལ་སྤེལ་བྱེད་པ་གོ་རིམ་དང་ལྡན་པར་ཁག་ཐེག་ནན་ཏན་བྱེད་དགོས།

ཟླ6པའི་ཚེས10ཉིན། ཟི་ལིང་གྲོང་ཁྱེར་ཏང་ཨུས་རྒྱུན་ལས་ཨུ་ཡོན(རྒྱས་འཛོམས)གྲོས་ཚོགས་དང་གྲོང་ཁྱེར་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱིས་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེད་དོན་ཚོགས་འདུ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་ནུབ་ཁུལ་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ཏེ། ཁྱོན་ཡོངས་ནས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་བ་ནི་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ་གསལ་ཆ་དོད་དགོས་ལ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། བྱ་བའི་གཙོ་གནད་དང་མྱུར་ཚད་ལུགས་མཐུན་སྒོས་བཀོད་སྒྲིག་དང་། དངོས་འབེབས་ནན་འཛིན་བྱས་ནས། སྣེ་མཐུད་དམ་པོ་དང་སྐུལ་སྤེལ་བྱེད་པ་གོ་རིམ་དང་ལྡན་པར་ཁག་ཐེག་ནན་ཏན་བྱས།

ཟླ6པའི་ཚེས17ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་ཏེ་སྤེལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དངོས་གནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ལས་འགན་ལག་བསྟར་བཅས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཏན་འབེབས་གསལ་པོ་བྱས་པའི་དམིགས་འབེན་ལས་འགན་དང་། དུས་དང་གོ་རིམ་དང་མྱུར་ཚད་དང་བྱ་བའི་བླང་བྱ་བཅས་ནན་ཏན་སྒོས་བརྩི་སྲུང་བྱས་ཏེ། སྔོན་ལ་སྒྲུབ་མགོ་རྩོམ་པ་དང་། སྔ་མོ་ནས་ཐབས་ཇུས་འགོད་པ། ཞིབ་འཇུག་བརྟག་དཔྱད་གཏིང་ལོན་བྱེད་པ་དང་། འབད་པ་ཆེན་པོས་སྣང་ཚུལ་སྐྲུན་པ་བཅས་ཀྱིས། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་ནི་གོ་རིམ་ལྡན་པ་དང་ནུས་ཤུགས་ཡོད་པ་ཕན་ནུས་ལྡན་པའི་ངང་སྤེལ་བར་ཁག་ཐེག་ནན་ཏན་སྒོས་རྨང་གཞི་འདིང་དགོས་པའི་བླང་བྱ་བཏོན། གནས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པར་གདོང་གཏོད་སྐབས། མཚོ་ལྷོ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་མཐའ་གཅིག་ཏུ་ངོས་བཟུང་དོན། བརྗོད་དོན་སློབ་གསོ་སྤེལ་བ་ནི་བཅོས་བསྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་སོ་སོ་ལེགས་འགྲུབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་བྱ་བའི་དོན་དངོས་དང་དམ་དུ་སྦྲེལ་ཏེ། བྱ་བའི་ལས་འགན་སོ་སོ་དངོས་འབེབས་རྐང་ཚུགས་དང་།  ཏན་ཏིག་གི་བརྗོད་དོན་སློབ་གསོའི་འབྲས་བུ་སྨིན་དུ་འཇུག་དགོས།

ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་བའི་དུས་སྐབས་འདིར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་གཞན་ལ་མི་བརྟེན་པ་དང་བསྒུགས་ནས་མི་སྡོད་པར།  དུས་དང་པོ་ཉིད་ལ“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། བསམ་བློའི་ངེས་ཤེས་དང་དགོངས་དོན་ཤེས་རྟོགས་བྱེད་པ་རེ་འདུན་གྱི་ཚད་དུ་སླེབས་པར་ཁག་ཐེག་ནན་ཏན་བྱས། གཞུང་ལུགས་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གླེང་ཕྱོགས། དག་ཐེར་ལེགས་བཅོས་བཅས“སྔོན་དུ་འགྲོ་བ་བཞི”བརྒྱུད།  མི་འགྱངས་པར་སྤེལ་དགོས་པའི་བརྗོད་དོན་སློབ་གསོ་ལ་བསམ་བློའི་རྨང་གཞི་དང་། ལག་ལེན་གྱི་རྨང་གཞི། གླེང་ཕྱོགས་ཀྱི་རྨང་གཞི་བཅས་བརྟན་པོ་བཏིང་། “དྲ་བའི་ཕྱི་ནང”གི་བྱེད་སྟངས་སྤྱད་དེ།  དུས་མགོའི་སྣང་ཚུལ་སྐྲུན་པའི་དྲིལ་སྒྲོག་བྱ་བ“ཡོངས་སུ་ཁེབས་པར”བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོར་དོ་སྣང་བྱེད་པ་དང་། བརྗོད་དོན་སློབ་གསོའི་ནང་ཟབ་ཞུགས་བྱེད་པའི་འབད་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་བསླངས།

ཟླ6པའི་ཚེས1ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་དགོངས་དོན་ལ་གཅིག་བསྡུས་སྒོས་སློབ་སྦྱོང་བྱས། ཚང་མས་བལྟས་ན། བརྗོད་དོན་སློབ་གསོ་ལ་ཤིན་ཏུ་གལ་ཆེ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་། ལག་ལེན་གྱི་དོན་སྙིང་། དུས་རབས་ཀྱི་དོན་སྙིང་བཅས་ལྡན་པ་རེད། དེང་སྐབས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སོགས་བྱ་བའི་ཁྲོད་གནས་པའི་གནད་དོན་དང་དཀའ་གནད་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་ སྤྱོད་ལམ་གྱི་སྟེང་ནས་གསལ་བོར་མཚོན་པར་བྱེད་པ་དང་། འགན་འཁྲིའི་སྟེང་ནས་གསལ་མཚོན་བྱེད་པ། ལས་འགན་གྱི་སྟེང་ནས་གསལ་མཚོན་བྱེད་པ། དངོས་འབེབས་ཀྱི་སྟེང་ནས་གསལ་བོར་མཚོན་པ་བཅས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་བསམ་པའི་འདུ་ཤེས་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་བཞིན་པའི་ཆུ་གློག་ལམ་གསུམ་དང་དྲ་འཕྲིན། སྨན་བཅོས། སློབ་གསོ། སྤྱི་ཚོགས་འགན་སྲུང་བཅས་ཀྱི་འབུར་ཐོན་གནད་དོན་དངོས་གནས་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་རྙོག་ཟིང་གཅུན་འདོམས་ལེགས་པོ་བྱས་ཏེ། ཁྱོན་ཡོངས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས།

ཟླ6པའི་ཚེས5ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན(རྒྱས་འཛོམས)གྲོས་ཚོགས་བསྡུས། བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ད་ལྟ་ནས་བཟུང་སྟེ། སྔོན་ལ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ། སྔོན་ལ་བཅོས་བསྒྱུར་བྱེད་པ་དང་། བཅོས་བསྒྱུར་བྱས་པ་དངོས་འབྲེལ་ཡིན་དགོས་པ་བཅས་ཀྱི་བླང་བྱ་བཏོན། བརྗོད་དོན་སློབ་གསོའི་གྲ་སྒྲིག་བྱ་བ་ནི་ནན་མོ་དང་དངོས་འབྲེལ་ཞིབ་མོ་བཅས་ནས་ལེགས་འཛིན་བྱས་ཏེ། འབད་པ་ཆེན་པོས“གཞུང་ལུགས་སློབ་སྦྱོང་བྱས་པ་བློ་སྐྱེད་ཡོད་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་གོ་རྟོགས་ལ་ཉམས་སད་བྱས་ཡོད་པ། ལས་སྒྲུབ་ལས་སྐྲུན་བྱེད་ན་འགན་འཁུར་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུས་ཏེ་དཀའ་གནད་སེལ་བ། སྤྱོད་གཙང་རང་གཅུན་བྱས་ཏེ་མིག་དཔེ་བྱེད་པ”ཡི་དམིགས་འབེན་མངོན་འགྱུར་བྱས་ཏེ། བདེན་འཚོལ་དངོས་གཉེར་གྱི་སྤྱོད་སྟངས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་སྤེལ་བྱས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།