ཁྱིམ་སྲོལ་བཟང་པོ་མི་རབས་ནས་མི་རབས་བར་བརྒྱུད་པ།
2019.08.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

 —ངེས་དོན་མཐར་ཕྱིན་དང་ཁོའི་ཁྱིམ་རྒྱུད་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་གཏམ་རྒྱུད་དང་པོ།

“ཕ་དང་ཨ་མྱེས་ཀྱིས་བཞག་པ། བུ་དང་ཚ་བོས་འཛིན་དགོས”ཞེས་པའི་སྐད་ཆ་འདིས“ཕ་ཤུལ་བུ་འཛིན”ཞེས་པའི་བོད་ཀྱི་གཏམ་དཔེ་དེའི་ནང་དོན་གསལ་པོར་བསྟན་འདུག

ངེས་དོན་མཐར་ཕྱིན་གྱི་ཁྱིམ་དུ། ཁྱིམ་སྲོལ་བཟང་པོ་ཡང་འདི་ལྟར་རྒྱུན་འཛིན་བྱས་ཡོད། དོན་ཆུང་རེ་རེར་སྦྲེལ་ཏེ། ཁོ་ཚོས་ཁེ་གྲགས་མི་གཉེར་པ་དང་། གཟབ་བརླིང་གི་མི་ཞིག་བྱེད་པ། རང་དཔེ་གཞན་སྟོན་བྱེད་པ་དང་། དྲང་གཞག་གིས་དབང་ཆ་སྤྱོད་པ་བཅས་ཀྱི་ཁྱིམ་སྲོལ་བཟང་པོ་ཆགས་སུ་བཅུག་ཡོད།

ལོ66ལ་སོན་པའི་སྡོམ་པ་ཨ་བྷོས་འགྲུལ་ཁང་ནང་ན་རང་གི་ཨ་ཕ་ཕུན་ཚོགས་དབང་གྲགས་ཀྱི་འདྲ་པར་ལ་ལྟ་བཞིན་འདུག རྙིང་མདོག་ཤར་བའི་འདྲ་པར་གྱི་སྟེང་དུ་ཕུན་ཚོགས་དབང་གྲགས་ཀྱིས་རྟ་མཆོག་ཅིག་གི་སྲབ་མདའ་བཟུང་སྟེ། དཔའ་ཉམས་བསྟན་འདུག ཕུན་ཚོགས་དབང་གྲགས་ལོ15སྟེང་གསར་བརྗེའི་ནང་ཞུགས་པར་མ་ཟད། 1960ལོར་ཡུལ་ཤུལ“ཁམས་པའི་དཔོན་རྒྱུད”གྲས་ཀྱི་གུང་ཁྲན་ཏང་ཡོན་དང་པོར་གྱུར།

“ཨ་ཕའི་གོ་རྟོགས་ཤིན་ཏུ་མཐོ།”སྡོམ་པ་ཨ་བྷོས་དེ་ལྟར་རང་གི་ཨ་ཕར་གདེང་འཇོག་བྱས། “ཁོས་ང་ལ་བདེན་དྲང་ཟོལ་མེད་ཀྱི་མི་ཞིག་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་དོན་བསྒྲུབས་ཏེ ། རང་འགན་ལེགས་སྒྲུབ་བྱ་དགོས་པའི་རེ་བ་བཏོན། ”

འདི་ཉིད་སྲོག་མདའ་རུ་བརྩིས་རྐྱེན། ལོ་ན་གཞོན་པའི་སྡོམ་པ་ཨ་བྷོ་ལ་གོ་གནས་སྤོར་པའི་གོ་སྐབས་ཐེངས་གཉིས་བྱུང་ནའང་། ཕུན་ཚོགས་དབང་གྲགས་འཐད་པ་མ་བྱུང་།

1984ལོར། ཡུལ་ཤུལ་ཁུལ་ཞིང་ཕྱུགས་ཅུས་ཀྱི་ཏང་ཙུའུ་ཡིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད་སྡོམ་པ་ཨ་བྷོ་ཡར་འཐེན་བྱས་ཏེ་ཁུལ་སོན་ཕྱུགས་སྤེལ་རའི་ཀྲན་ཀྲང་གཞོན་པར་བསྐོས། དེ་དུས་གཞོན་ནུ་སྡོམ་པ་ཨ་བྷོ་ཡིས་ཕྱུགས་ནད་སྨན་བཅོས་ས་ཚིགས་སུ་ལས་གཉེར་བྱེད་བཞིན་ཡོད།

“ངའི་ཨ་ཕས་གནས་ཚུལ་འདི་ཐོས་རྗེས་སྐད་ཆ་གཅིག་ལས་མ་བཤད། དེ་ནི‘ཁོས་ད་རུང་བསམ་ཤེས་མེད་པས་མི་ཆོག’”ཟེར། སྡོམ་པ་ཨ་བྷོས་ཕྱིར་དྲན་བྱས་པ་ལྟར་ན། དེ་དུས་ཨ་ཕས་ཁོ་ལ་བཤད་རྒྱུར། “ཁྱོད་ཀྱིས་ད་རུང་བསམ་ཤེས་མེད་ལ། སློབ་སྦྱོང་ཡང་དེ་འདྲ་བཟང་རྒྱུ་མེད་པས། ད་དུང་མུ་མཐུད་དུ་ཟབ་སྦྱོང་བྱེད་དགོས”ཟེར།

ལོ་གཉིས་ཀྱི་རྗེས་སུ། སྡོམ་པ་ཨ་བྷོ་ཡང་བསྐྱར་ལས་སྤོར་གོ་སྐབས་ཤིག་དང་འཕྲད། ཁུལ་ཞིང་ཕྱུགས་ཅུས་ཀྱིས་ཁོ་རང་ཅང་ཞི་ནགས་རའི་ཁྲང་ཀྲང་གཞོན་པར་བསྐོ་རྩིས་ཡོད་པ་རེད། ཐེངས་འདིར། ཕུན་ཚོགས་དབང་གྲགས་སྔར་བཞིན་འཐད་པ་མ་བྱུང་།

“ཨ་ཕས་ཁ་ཁོག་མེད་པར་ང་ལ་ཁ་བརྡ་བྱས། ཁོས་བཤད་རྒྱུར། ‘གཅིག་ཡིན་ན་ཁྱོད་ཀྱིས་ནགས་ལས་མི་ཤེས་ལ། གཉིས་ཡིན་ན་མེ་སྐྱོན་བྱུང་ཚེ་མེ་ཅི་ལྟར་གསོད་པ་དང་། མི་ཅི་ལྟར་རྩ་འཛུགས་བྱེད་པ་སོགས་ཀྱང་མི་ཤེས་པས། རྒྱལ་ཁབ་ལ་གྱོང་གུད་བཟོ་ངེས་རེད། ངའི་བསམ་ཚུལ་ཡིན་ན་ཁྱོད་ད་དུང་མ་འགྲོ’”ཟེར།

སྡོམ་པ་ཨ་བྷོའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ། ཕུན་ཚོགས་དབང་གྲགས་ཀྱིས་བུ་བུ་མོའི་སློབ་སྦྱོང་དང་འཚོ་བ། འགན་འཁྲི་བཅས་ཀྱི་ཕྱོགས་སོ་སོར་ཧ་ཅང་གཟབ་ནན་བྱས། “ཁོས་ང་ལ་སྐད་ཆ་དེ་ལྟ་བུ་ཞིག་བཤད་མྱོང་།‘མ་འོངས་པར། ཁྱོད་ཀྱི་འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་འབྲེལ་བ་ནི་ང་ལས་ལྷག་ཏུ་བཟང་སྲིད་མོད། འོན་ཀྱང་ཇི་ལྟར་ཇེ་བཟང་དུ་སོང་ན། ཁྱོད་ཀྱིས་དེ་ལྟར་དམན་ས་བཟུང་ནས་སྡོད་པ་དང་། དེ་ལྟར་གཟབ་བརླིང་ཡིན་དགོས’”ཟེར། སྡོམ་པ་ཨ་བྷོས་དེ་ལྟར་བཤད། ཨ་ཕས་སློབ་གསོ་འདི་ལྟ་བུ་བཏང་བ་བརྒྱུད། སྡོམ་པ་ཨ་བྷོས་རང་ལ་བཏོན་པའི་རེ་བ་ཡང་ཧ་ཅང་གཟབ་ནན་རེད། སྡོམ་པ་ཨ་བྷོའི་ཨ་ནེ་ཡིས་སྡོམ་པའི་ཁྱིམ་རྒྱུད་ཀྱི་སྔར་ཡོད་སྡོད་དམངས་སྐལ་ལྡན་ཚེ་རིང་ལ་བཤད་རྒྱུར། “དོན་དག་ཡོད་ན་ཨ་བྷོ་བཙལ་ནས་བསྒྲུབ་ཏུ་མ་འཇུག ང་ཚོས་ཁོ་བཙལ་ཡང་ཕན་པ་མེད། ཁོས་ང་ཚོའི་ཆེད་དུ་ལྟག་སྒོ་འཛུལ་རྒྱུ་དང་སྟབས་བདེ་བསྐྲུན་རྒྱུར་རེ་བ་མ་བཅངས་ཟེར། ”

“ང་སློབ་ཆུང་འགྲིམ་དུས། ངའི་ཨ་ཕ་ཁུལ་ཨུ་རུ་ལས་ཚོགས་སུ་ཞུགས་ཡོད་པ་དང་། དེ་ང་ཚོའི་སློབ་ཆུང་དང་ཁ་གཏད་དུ་ཡོད། ང་དང་ཨ་ཅེ་གཉིས་སློབ་གྲྭ་གྲོལ་རྗེས་ཁོ་དང་འཕྲད་བྱུང་། ཁོས་རླངས་འཁོར་ལས་ང་ཚོར་ཁ་ཞིག་གྲགས་རྗེས་ཤར་མར་བུད་སོང་།”ངེས་དོན་མཐར་ཕྱིན་གྱི་བག་ཆགས་སུ། ཨ་ཕས་ནམ་ཡང་གཞུང་འཁོར་སྒེར་སྤྱོད་བྱེད་བསམ་མེད་དེ། ཉིན་རེའི་ཉིན་གུང་དུ་ཁོ་དང་གཅེན་གཅུང་གསུམ་པོ་རྐང་ཐང་དུ་སྤྱི་ལེ་གཉིས་གསུམ་ཙམ་བརྒྱུད་དེ་ཁྱིམ་དུ་ལོག་དགོས།

ད་ལྟ། གཟུགས་ཚད་སྨི1.8ལས་བརྒལ་པའི་ངེས་དོན་མཐར་ཕྱིན་གྱིས། ཉིན་རེ་བཞིན་དཔལ་ཐང་རྩྭ་ཐང་དུ་རྟ་ཞོན་པ་དང་རྟ་འཚོ་བཞིན་ཡོད་དེ། མཐོ་སྒང་གི་སྨུག་ཕྱིའི་འོད་དང་རླུང་འཚུབ་དྲག་པོས་ཁོའི་ངོ་གདོང་སྨུག་པོར་བཏང་འདུག “ངས་རང་གི་ཕ་མར་རྒྱུན་དུ་བཀའ་དྲིན་ཞུ་བཞིན་ཡོད། ཁོང་གཉིས་ཀྱིས་ང་རང་ནམ་ཡང་གཅེས་ལང་དུ་བཏང་མ་མྱོང”ཟེར།

སྡོམ་པ་ཨ་བྷོས་བཤད་རྒྱུར། “ཆུང་དུས་ནས་བཟུང་ངས་ངེས་དོན་ལ་བཏོན་པའི་རེ་བ་ནི་རིག་གནས་སློབ་པ་དང་། མི་གཞུང་དྲང་ཞིག་དང་། སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱས་ཏེ། གོང་རྒྱལ་ཁབ་ལ་ངོ་གནོང་མི་དགོས་པ་དང་། འོག་མང་ཚོགས་ལ་ངོ་གནོང་མི་དགོས་པ། ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་པ་དེ་ཡིན”ཟེར།

ངེས་དོན་མཐར་ཕྱིན་གྱིས་ཕ་མའི་སློབ་གསོ་ནན་མོའི་བཀའ་དྲིན་དྲན་བཞིན་ཡོད། ཁོས་ལས་རྐང་གང་དུ་སོང་ཡང་། ཡོད་ཚད་ཨ་ཕས་བཤད་པ་ནང་བཞིན། མི་གཞུང་དྲང་ཞིག་བྱེད་པར་མ་ཟད། རྨང་གཞི་འདིའི་སྟེང་ནས་རང་གི་འབད་བརྩོན་བྱས་པ་བརྒྱུད་མི་དེ་ལས་མང་པོ་ཞིག་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།