མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྲུན་ལ་ཤུགས་བསྣན།
2019.10.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ད་ལོའི་ཚུན་དུ། མཚོ་སྔོན་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཀྱིས“ཏང་འཛུགས་གཡུལ་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ཏེ། ཏང་གི་ལས་དོན་གྱི་རྨང་གཞི་བརྟན་པོར་འདིང་དགོས”ཞེས་པ་དམིགས་འབེན་དུ་བཟུང་ཞིང་། ཏང་ཀྲི་པུའུ་ཚད་ལྡན་ཅན་གྱི་དམིགས་ཚད་དུ་བསླེབ་པར་གསར་འཛུགས་བྱ་རྒྱུ་དེ་གོ་སྐབས་ལེགས་ཤོས་སུ་བཟུང་ནས། གཟབ་ནན་སྒོས་དབུལ་ཕོངས་སྡེ་བ་ནས་ཕྱིར་འབུད་པའི་ཁྲོད“ཚད་ལྡན་ཅན་གྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ཡོད་པ”ཡི་བླང་བྱ་ལྟར། གཞི་རིམ་ཏང་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱས་པ་དང་། ཕྱོགས་ཡོངས་ནས་དབུལ་ཐར་ཞྭ་མོ་ཕུད་པའི་བྱ་བའི་ལས་འགན་འགྲུབ་པར་ཁག་ཐེག་ནན་མོ་བྱས།

ཆུས་ཏང་ཨུའི་རྩ་འཛུགས་པུའུ་དང་ཆུས་དབུལ་སྐྱོར་གསར་སྤེལ་ཅུའུ། ཆུས་དམངས་སྲིད་ཅུའུ། ཆུས་མི་རིགས་ཆོས་ལུགས་ལས་དོན་ཅུའུ་བཅས་ཀྱིས་ལས་གཞིའི་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གསུམ་གཅིག་བསྡུས་བྱས་ནས། “སུས་གཏོང་སྤྲོད་བྱས་ན་སུས་ལྟ་སྐུལ་དོ་དམ་བྱེད”པའི་རྩ་དོན་ལྟར། ཆུས་ཡོངས་ཀྱི་ཞང་དང་གྲོང་རྡལ་བདུན་གྱི་ཚད་གཞིར་སླེབས་མེད་པའི་དབུལ་ཕོངས་སྡེ་བའི་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅོ་ལྔ་བསྐྱར་འཛུགས་བྱས། བཟོ་སྐྲུན་ཇུས་འགོད་གླིང་གི་འབྲེལ་ཡོད་ཆེད་མཁས་མི་སྣ་འགའ་རེ་གདན་འདྲེན་ཞུས་ནས་སྡེ་བ་རེ་རེར་ཡུལ་དངོས་བརྟག་དཔྱད་རྩད་ཞིབ་བྱས་ཤིང་། གཅིག་གྱུར་འཆར་འགོད་ཀྱིས་སྡོད་གནས་འདེམ་པ་དང་ལས་གཞི་རྣམ་གྲངས་འཛུགས་པ། ས་ཆ་རྩད་ཞིབ། ས་ཞིང་། ཞིབ་འཇུག་བྱེད་ཆོག་པ། སུ་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་བྱེད་པ་སོགས་ཀྱི་བྱ་བ་ལེགས་སྒྲུབ་བྱས། ཞང་དང་གྲོང་རྡལ་སོ་སོ་དང་ཨར་ལས་རྒྱག་པའི་ཁེ་ལས་རྣམས་ཀྱིས་འཛུགས་སྐྲུན་གྱི་ཚད་གཞི་དེ་གཞིར་བཟུང་ནས། སོ་སོར་བཟོ་སྐྲུན་གྱི་རྩིས་ཁྲ་ཞིབ་ཐོ་དང་ཨར་ལས་རྒྱག་པའི་ཇུས་གཞི་ཞིབ་མོ་བཟོས་ཤིང་། སྡེ་བ་རེ་ལ་རི་མོ་ཆ་ཚང་རེ་དང་སྡེ་བ་རེ་ལ་བཟོ་སྐྲུན་གྱི་ཞིབ་ཐོ་རེ། སྡེ་བ་རེ་ལ་ཨར་ལས་རྒྱག་པའི་ཇུས་གཞི་ཆ་ཚང་རེ་ཡོད་པ་མངོན་འགྱུར་བྱུང་། མིག་སྔའི་བར་དུ་ལས་གཞི་ཡོད་ཚད་ལས་མགོ་བརྩམས་ནས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། དེའི་ཁྲོད་ཀྱི་སྡེ་བ་གསུམ་གྱིས་གཙོ་གཞིའི་འཛུགས་སྐྲུན་ལེགས་པར་གྲུབ་ཟིན།

སྡེ་བའི་ཏང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱ་བའི་ལམ་ལུགས་དང་བྱ་འགུལ་ལམ་ལུགས་གང་ལ་ཅི་མཁོ་གསར་འཛུགས་དང་འཐུས་ཚང་དུ་བཏང་ཡོད་ཅིང་། ཏང་གི་ལས་དོན་དང་སྡེ་བའི་ལས་དོན་གྱི་ཡོངས་བསྒྲགས་ར་བ་དང་དྲིལ་སྒྲོག་གི་ཆ་འཕྲིན་སོགས་གསར་དུ་བཙུགས་ནས། ཏང་གི་ལས་དོན་དང་སྡེ་བའི་ལས་དོན་ཡོངས་བསྒྲགས་བྱེད་ལུགས་ཚད་ལྡན་དུ་བཏང་ཞིང་། དམངས་གཙོའི་ཏང་འཛུགས་སྐྲུན་ལ་སྐུལ་འདེད་བྱས། འཛུགས་སྐྲུན་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེ་བའི་ཏང་ཡོན་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། བཟོ་འགོད་ཀྱི་འཛུགས་སྐྲུན་དེ་ཉིད“སྤུས་ལེགས་བཟོ་འགོད”དང“དམངས་སེམས་བཟོ་འགོད”ལ་འགྱུར་ཐུབ་པར་ཁག་ཐེག་ནན་མོ་བྱས། ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུ་ཡིས་ཏང་ཡོན་གཡུལ་སའི་མཁྲེགས་ཆས་གཏོང་འཇུག་དེ་ལམ་ལུགས་འཛུགས་སྐྲུན་དང་ཐེག་བྱད་བྱ་འགུལ། རྨང་གཞིའི་ལས་སྒོ་བཅས་ཤུགས་ཆེར་སྤེལ་བ་དང་ཟུང་འབྲེལ་དམ་ཚགས་བྱས་ནས། སློབ་སྦྱོང་གི་དཔེ་དབྱིབས་རྣམ་པ་གསར་གཏོད་དང་ཞབས་ཞུའི་ཕན་ནུས་སྔར་ལས་མཐོ་རུ་འདེགས་པ། གཡུལ་སའི་གསོན་ཤུགས་བསྐྱེད་ནས་ངར་སློང་བ་སོགས་བྱས་པར་བརྟེན། དངོས་གནས་གཞི་རིམ་གྱི་ཏང་ཀྲི་པུའུ་འཛུགས་སྐྲུན་དེ་མང་ཚོགས་ལ་མཐུན་སྒྲིལ་བྱེད་པའི་སྲོག་ཤིང་ལྟ་བུ་དང་ཏང་ཡོན་ལ་སློབ་གསོ་གཏོང་སའི་སློབ་གྲྭ་ལྟ་བུ། དཀའ་གནད་འགག་སྒྲོལ་གྱི་བཙན་རྫོང་ལྟ་བུ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་སའི་གཡུལ་ས་གཙོ་བོ་ལྟ་བུ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།