ལའོ་ཏུའུ་ཆུས་ཀྱིས་དམངས་ཕན་དོན་དངོས་སུམ་བརྒྱ་ཞེ་དགུ་བསྒྲུབས།
2019.12.09 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 20

“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་ཀྱིས་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞན་ཆ་ཁ་གསབ་དང་དམངས་དོན་ལ་ཨ་ལན་སློག་པ་ནང་དོན་གལ་ཆེན་དུ་བཟུང་ནས། གཡུལ་སའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལམ་ལུགས་དངོས་འབེབས་ལ་སྐུལ་འདེད། ཁྱད་ལྡན་ཐོན་རྫས་གསར་སྐྲུན། གནད་འཁེལ་ཁ་ཕྱོགས་ལ་ཐབས་ཇུས་དངོས་འབེབས་བཅས་ཀྱིས་མང་ཚོགས་ཀྱི་འདོད་བློ་བསྐང་ཐུབ་མིན་དང་མང་ཚོགས་ལ་སྤྲོ་སྣང་སྟེར་ཐུབ་མིན་དེ་བརྗོད་དོན་སློབ་གསོའི་ཉམས་མྱོང་དང་གྲུབ་འབྲས་ཀྱི་རྨང་རྡོ་རུ་བསྒྱུར་ཏེ། བརྗོད་དོན་སློབ་གསོ་དེ་བྱ་གཞག་གི་ལས་གཏོད་དང་འགན་འཁྲི་དེ་སྦྱོང་བརྡར་བྱེད་ཡུལ་དུ་བཟུང་ནས།བརྗོད་དོན་སློབ་གསོ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་པ་རེད།

ལའོ་ཏུའུ་ཆུས་ཀྱིས་གཞུང་ལུགས་ལ་སློབ་སྦྱོང་ནན་མོ་དང་བསམ་བློའི་སློབ་གསོར་གསོན་ཤུགས་བསྣན་ནས། སློབ་སྦྱོང་གི་བསྡུས་གཟུགས་བེད་སྤྱད་དེ་སློབ་གསོའི་དོན་དངོས་གྲུབ་འབྲས་དེ་མུ་མཐུད་དུ་རྒྱུན་བསྲིངས་བྱས། ད་ལྟའི་བར་ལའོ་ཏུའུ་ཆུས་ཀྱིས་གཅིག་བསྡུས་སྒོས་སློབ་སྦྱོང་ཐེངས་སྟོང་བཞི་དྲུག་བརྒྱ་རེ་གསུམ་བྱས་ཤིང་། སློབ་སྦྱོང་ལ་ཟབ་ཞུགས་བྱས་པའི་མི་གྲངས་ཁྲི་དགུ་དང་སྟོང་ལྔ་དགུ་བརྒྱ་ང་གཅིག་ཡོད། ཆུས་རིམ་པའི་འགོ་ཁྲིད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིགས་བགར་འགན་སྒྲུབ་ཀྱིས་ཐོག་མའི་བསམ་འདུན་དམངས་དང་མཚོ་ཤར་གྱི་དོན་དངོས་སྒྲུབ་པའི་ཆེད་དོན་འགུལ་སྐྱོད་གཞིར་བཟུང་ནས། གོང་རིམ་གྱིས་དམངས་ཀྱི་དཀའ་ངལ་ཁྱད་གསོད་དང་འོག་རིམ་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་ལ་གོ་རིམ་དང་རྣམ་པ་ལྡན། མང་ཚོགས་ཀྱི་དོན་དངོས་གནད་དོན་ལ་ཞིབ་བཤེར་དག་ཐེར་བྱེད་པའི་གཞི་རྩའི་འགོ་འཛུགས་ས་དང་རྐང་འཛུགས་ཐག་གཅོད་བྱས། ད་ལྟའི་བར་ལའོ་ཏུའུ་ཆུས་ཀྱིས་ཁྱོན་བསྡོམས་དག་ཐེར་དོན་ཚན་མི་འདྲ་བ་སྟོང་གཉིས་བརྒྱ་དང་གྱ་བཞི་སྒྲུབ་པ་དང་དོན་དག་སྟོང་གཅིག་དྲུག་བརྒྱ་ཉེར་གཅིག་ལ་དག་ཐེར་ཡོངས་འགྲུབ་བྱས། དོན་དངོས་གནད་དོན་བརྒྱད་བརྒྱ་སོ་གཅིག་ཐག་གཅོད་བྱེད་པའི་ཁྲོད་དམངས་དོན་དོན་དངོས་སུམ་བརྒྱ་ཞེ་དགུ་སྒྲུབ་པ་དང་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་ལྔ་ཁྲི་བདུན་བཏང་ཡོད།

དེ་དང་ཆབས་ཅིག ཡུལ་དངོས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆུས་གཅིག་ལ་རྟེན་གཞི་གཅིག་དང་ཆུས་གཅིག་ལ་ཁྱད་ལྡན་ཐོན་རྫས་གཅིག་ཡོད་པའི་རེ་འདུན་གཞིར་བཟུང་སྟེ། རྩ་འཛུགས་དང་དབུལ་སྐྱོར། འཐབ་ཕྱོགས་སོགས་ལས་ཁུངས་མང་པོའི་སྟོབས་ཤུགས་དང་ཐོན་ཁུངས་མང་པོར་མཉམ་འབྲེལ་བྱས། ཀའོ་མའོ་གྲོང་རྡལ་དབྱིན་ཀྲེ་ལྗོངས་ཁུལ་དུ་སྨྱན་བྱད་གསབ་སྦྱོང་གཅིག་བསྡུས་དང་ལྟ་ཞིབ་དོན་དངོས་ལག་ལེན། ཡུལ་དངོས་སློབ་གསོ་སོགས་ངོ་བོ་གཅིག་ཅན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་གྱི་ཏང་གི་ལོ་རྒྱུས་སློབ་གསོ་ཁང་བཙུགས་ཡོད་པ་དང་། ཏང་གི་ལོ་རྒྱུས་ཀྱིས་ལོ་རྒྱུས་ལ་གསལ་འབྱེད་དང་ཐོན་ཁུངས་སྲིད་ཇུས་ཀྱིས་མི་གསོ་སྐྱོང་བྱེད་པའི་བྱེད་ནུས་གཞིར་བཟུང་སྟེ།དམར་པོའི་གཞི་རྒྱུ་དང་དམར་པོའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། དམར་པོའི་གཏམ་རྒྱུད་ལ་སྟེགས་བུ་གལ་ཆེན་ཞིག་བསྐྲུན་སྟེ། ཏང་ཡོན་དག་གིས་ཏང་གི་ལོ་རྒྱུས་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་སྣེ་ཁྲིད་བྱས།

དེ་ལས་གཞན། ལའོ་ཏུའུ་ཆུས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་བླང་བྱ་གཞིར་བཟུང་སྟེ། རང་འགན་རང་ལེན་དང་རང་འགུལ་གྱི་བྱ་སྤྱོད་ལྟར།དོན་དངོས་གཞིར་བཟུང་ནས་མང་ཚོགས་ལ་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གསར་དུ་སྐྲུན། ལའོ་ཏུའུ་ཆུས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡིས་ཞིང་ལས་ཞིང་སྡེ་ཅུའུ་དང་ལས་ཞུགས་ཅུའུ། ནགས་ལས་ཅུའུ་སོགས་ལས་ཁུངས་དག་ལ་མཉམ་འབྲེལ་སྒོས་འདེབས་འཛུགས་གསོ་སྤེལ་གསབ་སྦྱོང་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་སྤྲོད་བྱས་པ་རེད།

འོད་ནུས་ལས་གཞི་གཅིག་བསྡུས་དག་ཐེར་སོགས་ཀྱི་བྱེད་ཐབས་གང་མང་ལ་བརྟེན་ནས། ས་གནས་གཞན་ལ་སྤོར་བའི་མང་ཚོགས་ཀྱི་ལས་ཞུགས་དང་གནས་སྤར་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གནད་དོན་དེ་ཐག་གཅོད་ལེགས་པོ་བྱས། གནས་སྤོར་མང་ཚོགས་གནས་སྤོར་བྱེད་དཀའ་བ་དང་འདུག་གནས་བརྟན་འཇགས་ཡིན་པ། གཞིས་ཁུལ་དམངས་སྲིད་ཅུའུ་ཡིས་གཞིས་བསྐྱུར་བྱིས་པ་དང་དཀའ་ཁག་ཆེ་བའི་བྱིས་པར་སྙོམས་སྒྲིག་བདག་དོམ་སྒྲིག་གཞི་སྤེལ་ནས། ས་ཁུལ་ཡོངས་ལ་བྱིས་པའི་ལྟ་སྐྱོང་བདག་དོམ་མཁན་རྩ་འཛུགས་ཀྱིས་བྱིས་པའི་རང་རྟོགས་ནུས་པ་གསབ་སྦྱོང་བྱས་ཏེ། བྱིས་པའི་ཁེ་ཕན་སྲུང་སྐྱོབ་ལ་ཤུགས་ཆེན་པོའི་སྒོ་ནས་འགན་སྲུང་བྱ་བ་ལེགས་པོ་སྒྲུབ། བྱམས་སྐྱོང་རོགས་སྒྲུབ་ལག་བསྟར་གྱིས་ལྷན་སྐྱེས་སྙིང་ནད་ཅན་གྱི་བྱིས་པ་ལྔ་ལ་རོགས་སྐྱོར་སྨན་བཅོས་རིན་དངུལ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་བྱིན་ནས་དཀའ་ཁག་ཆེ་བའི་བྱིས་པའི་ཁྱིམ་ཚང་གི་འགན་འཁྲི་ཇེ་ཡངས་སུ་བཏང་སྟེ། ས་ཁུལ་གང་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་ཏང་བཙུགས་ཉིན་མོ་གཞིར་བཟུང་ནས་ཏང་ཡོན་རྩ་འཛུགས་སྒོས་ཏང་ཡོན་དག་ལ་དཔེ་སྟོན་ལམ་གྱི་ལམ་རྒྱུད་ལ་ཁོར་ཡུག་འཕྲོད་བསྟེན་དག་ཐེར་སྒོས་ཏང་ཡོན་གྱི་སྣང་བརྙན་མཚོན་པའི་ལམ་བུ་བསྐྲུན།

རྩོམ་སྒྲིག་པ།  ཤ་བོ་རིན་མཚོ།