མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་མང་པོས་བྱེད་ཐབས་བཏོན་ནས་རིམས་ནད་འགོག་སྲུང་སྐབས་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས།
2020.02.17 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 27

 ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས《རིམས་འགོག་སྐབས་ཀྱི་ལས་ཞུགས་བརྟན་པོ་ཡོང་ཕྱིར་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བ་དང་། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བརྟན་པོ་ཡོང་བ།  སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་ཞུགས་དཀའ་བའི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དྲ་ཐོག་གི་གདན་ཞུའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། ལས་གནས་བསྐྱར་ཞུགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བྱེད་ཐབས་བཏོན་ནས། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་བྱ་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས།

ཁེ་ལས་ཀྱི་ལས་ཞུགས་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱས།

ལས་ཤོར་འགན་བཅོལ་ལས་གནས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ལས་ཤོར་འགན་བཅོལ་ལས་གནས་བསྐྱར་ཞུགས་སྲིད་ཇུས་ཀྱི་ལས་མི་ཉུང་འཕྲི་བྱེད་ཚད་ཀྱི་ཚད་གཞི་ལག་བསྟར་དང་། ལས་ཤོར་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དུས་མཚམས་རང་བཞིན་ལྟར་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་ཀྱི་དུས་ཡུན2021ལོའི་ཟླ4པའི་ཚེས30ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་རེད། ཁེ་ལས་ཀྱིས་ནུས་རྩལ་གསོ་སྦྱོང་ལ་རྒྱབ་སྐྱོར་བྱས་ནས་ཁེ་ལས་ཀྱིས་ལས་མཚམས་བཞག་པའི་རིང་དང་སླར་གསོ་བྱེད་པའི་རིང་ལ་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ། དྲ་ཐོག་གམ་ཡང་ན་རང་ངོས་ཀྱི་དྲ་ཚིགས་དང་ཕྱོགས་གསུམ་པའི་གསོ་སྦྱོང་ལས་སྟེགས་སྤྱད་དེ་ལས་རིགས་གསོ་སྦྱོང་ནང་ཞུགས་པ་དག་ཁ་གསབ་རིགས་ཀྱི་གསོ་སྦྱོང་ཁྱབ་ཁོངས་ནང་འཇོག་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས། དེ་མིན་མི་སྒེར་ལ་མ་དངུལ་དང་བྱ་གཞག་གསར་གཏོད་ཀྱི་ཁག་ཐེག་དངུལ་བུན་ལ་རྒྱབ་སྐྱོར་བྱེད་པ་དང་རིགས་ཁག་གི་བྱ་གཞག་གསར་གཏོད་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་ཁེ་ལས་ཀྱིས་ལས་མི་བཀོལ་སྤྱོད་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྤྱི་པའི་བྱ་གཞག་འཁོར་སྐྱོད། མང་ཚོགས་ཀྱི་འཚོ་བར་དགོས་ངེས་བཅས་དང་དེ་བཞིན་རྒྱལ་ཇུས་དམངས་ཚིས་གལ་ཆེན་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ལས་གཞི་གལ་ཆེན་གཞན་དག་ལ་ལས་མི་བཀོལ་སྤྱོད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་། མི་ཤུགས་ཐོན་ཁུངས་ཀྱི་འགན་སྲུང་སྔོན་འདོན། བྱ་དགའ་དང་ཁ་གསབ་ཀྱི་སྲིད་ཇུས་སྔོན་ལ་དོན་འཁྱོལ། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་པར་སྐུལ་འདེད་བཏང་།

དྲ་ཐོག་ཐབས་ལམ་ལ་བརྟེན་ནས་གདན་ཞུ་སྒྲིག་འཛུགས་དང་། གདན་ཞུའི་དུས་ཚོད་འོས་འཚམ་སྒོས་ཇེ་རིང་དུ་གཏོང་བ། ལུས་པོར་བརྟག་དཔྱད་བྱེད་པའི་དུས་ཚོད་ཕྱི་འགྱངས་བྱེད་པ། གན་རྒྱ་བཞག་ནས་སློབ་བསྡུའི་དུས་ཚོད་ཕྱི་འགྱངས་བྱེད་པ་བཅས་བྱེད་དགོས། 2020ལོའི་ལོ་འཁོར་གྱི་བྱ་གཞག་ཚན་པ་དང་གཞི་རིམ་ཞབས་ཞུའི་རྣམ་གྲངས་ཀྱི་གདན་ཞུའི་དུས་ཚོད་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས། 2019ལོར་ལུས་པོ་བརྟག་དཔྱད་དང་ཆབ་སྲིད་ཞིབ་བཤེར་གྱི་རྟོག་ཞིབ་ལས་དོན་ལེགས་གྲུབ་མ་བྱུང་བའི་དུས་ཚོད་ཕྱི་འགྱངས་བྱེད་དགོས།  སློབ་ཆེན་མཐར་ཕྱིན་འཛིན་གྲྭའི་སློབ་མའི་ལས་ཞུགས་ཞབས་ཞུ་སྣ་ཚོགས་དྲ་རྒྱ་དང་། སྦྲག་སྲིད། བརྙན་སྐྱེལ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། སློབ་ཆེན་མཐར་ཕྱིན་སློབ་མ་འབྱོར་ཐོ་འགོད་པའི་དུས་ཚོད་ཇེ་རིང་དུ་གཏོང་དགོས། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་དང་སེམས་ཁམས་བློ་འདྲི་ཟུང་དུ་འབྲེལ་བའི་དྲ་ཐོག་གི་རང་གཤིས་ཅན་གྱི་ཟུར་ཁྲིད་ཞབས་ཞུ་ཧུར་ཐག་གིས་སྤེལ་ནས། ལས་ཀ་འཚོལ་མཁན་སློབ་མར་དུས་བབ་གསལ་རྟོགས་དང་། གནས་ཐིག་གཏན་འཁེལ། གདེང་ཚོད་ཡོད་པ་བཅས་ཀྱི་རོགས་སྐྱོར་བྱེད་དགོས།

ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ།

སྲིད་ཇུས་ལག་བསྟར་གྱི་ལོ་ཚད་ཇེ་རིང་དུ་བཏང་སྟེ2020ལོའི་ཟླ་དང་པོའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་སྐབས་བསྟུན་ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་པའི་རིང་ལ་སྔར་བཞིན་སྐབས་བསྟུན་ལས་ཞུགས་ཀྱི་གནས་སུ་ཡོད་པ་ཚང་མར་སྲིད་ཇུས་ལོངས་སྤྱོད་བྱེད་ཡུན་ལོ་གཅིག་ཇེ་རིང་དུ་གཏོང་རྒྱུ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་གཉེར་བའི་སྲིད་ཇུས་ཀྱི་དུས་ཚོད་ཐོན་ཡང་ལས་ཞུགས་བརྟན་པོ་བྱུང་མེད་པའི་རིགས་ལ་སྲིད་ཇུས་ལོངས་སྤྱོད་བྱེད་ཡུན་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་ལས་ཤོར་མི་སྣར་དུས་ཐོག་ཏུ་ལས་ཤོར་མ་དངུལ་དང་རིན་གོང་གི་གནས་སྐབས་ཁ་གསབ་རོགས་དངུལ་སྤྲོད་དགོས།

སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ།

དྲ་འོག་ནས་གདན་ཞུ་བྱེད་མཚམས་བཞག་སྟེ། “མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིAPP”དང་། “མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དྲ་ཐོག་ལས་སྒྲུབ་ཚོམས་ཆེན”སོགས་ལས་སྟེགས་ཀྱིས་དྲ་ཐོག་ནས་གདན་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས“ངོ་འཕྲད་མི་བྱེད་པའི”ལས་ཞུགས་སྒྲུབ་གཉེར་ཞབས་ཞུ་སྤེལ་བ་དང་། ཐབས་ལམ་མང་བ་དང་ཁྱབ་ཁོངས་ཆེ་བའི་སྒོ་ནས་ཁེ་ལས་ཀྱི་ལས་ཀ་བསྐྱར་གསོའི་ཆ་འཕྲིན་ཁྱབ་བསྒྲགས་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། ཕྱི་རུ་ཞོར་ལས་སུ་སྐྱོད་པའི་མི་སྣའི་ལས་ཞུགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་མཚུངས་སུ། གོ་རིམ་ལྡན་པའི་སྒོ་ནས་ཕྱི་རུ་ལས་ཀ་བྱེད་པར་ཁྲིད་སྟོན་བྱ་དགོས། ལས་གནས་སླར་གསོ་དང་ལས་གནས་སླར་གསོ་བྱེད་པའི་སྐབས་ཀྱི་རིམས་ནད་སྔོན་འགོག་ལེགས་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་རྩོལ་པར་སེམས་ཁམས་ཀྱི་འཇིགས་སྣང་སེལ་བའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཁེ་ལས་དང་ལས་གཞིའི་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱས་རྗེས་ལས་ཀར་ཞུགས་གང་ཐུབ་བྱ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།