ཐུན་ཏེ་རྫོང་ཐང་མགོ་ཁྲིམས་འཛིན་ཁང་གིས་རིམས་འགོག་གི་ལས་ཡུལ་དང་པོ་རུ་འབད་བརྩོན་བྱས་པ།
“རིམས་ནད་ལ་འགོག་རྒོལ་ནན་མོ་བྱེད། རྒྱལ་ཁབ་དང་སྐྱིད་སྡུག་མཉམ་མྱོང་བྱེད། རང་ཉིད་ནས་མགོ་བརྩམས་ཏེ་རིམས་འགོག་བྱེད། ”སྔར་ལས་ལྷག་པའི་སྒོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་བྱས་ནས། མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་དང་། རིམས་འགོག་ཤེས་བྱ་དྲིལ་སྒྲོག་གི་བྱ་བར་ཤུགས་སྣོན་བྱེད་ཆེད། ཉེ་བའི་ཉིན་ཁ་ཤས་ཀྱི་རིང་ལ། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཐང་མགོ་ཁྲིམས་འཛིན་ཁང་གི་ལས་བྱེད་པས། ཐང་མགོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རིམས་འགོག་དྲིལ་སྒྲོག་རླངས་འཁོར་རུ་ཁག་དང་མཉམ་དུ་གྲོང་རྡལ་ཉེ་འཁོར་གྱི་ཚོང་ར་དང་། མི་མང་འདུས་སྡོད་བྱེད་སའི་སྡེ་ཁུལ་གཉིས་ལ་ཟུར་མང་ཞིང་ཁྱབ་རྒྱ་ཆེ་ལ། ནུས་ཕྱོད་མཐོ་བའི་རིམས་འགོག་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་སྤྱད་ནས། རིམས་འགོག་གི་ཤེས་བྱ་དང་། རིམས་འགོག་གི་བྱེད་ཐབས། རིམས་འགོག་དང་འབྲེལ་བའི་སྲིད་ཇུས། རིམས་འགོག་སྐབས་སུ་དོགས་ཟོན་བྱེད་དགོས་པའི་ཁྲིམས་ལུགས་སོགས་གང་ལ་གང་མཁོ་ལྟར་དྲིལ་སྒྲོག་བྱས་ནས། ནུས་ཤུགས་ཡོད་དགུས་རིམས་འགོག་དྲིལ་སྒྲོག་དང་གླེང་ཕྱོགས་ཚོད་འཛིན་གྱི་བྱ་བ་ལེགས་པོར་སྒྲུབ་ཞིང་། རིམས་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཆེད་དུ་དྲིལ་སྒྲོག་དང་གླེང་ཕྱོགས་ཚོད་འཛིན་གྱི་ཁ་དབུགས་བཟང་བོ་ཞིག་སྐྲུན་ཡོད།
རིམས་འགོག་གི་བྱ་བ་ཕྱོགས་ཡོངས་ནས་ལེགས་པོར་སྒྲུབ་ཆེད། རྫོང་ཁྲིམས་འཛིན་ཅུའུ་དང་ཐང་མགོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག གྲོང་རྡལ་གྱི་ལས་བྱེད་མི་སྣ་དང་ཐང་མགོ་ཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣས་དུས་ཐོག་ཏུ་སྡེ་ཁུལ་དང་ཚོང་ར་སོགས་སུ་ཡུལ་དངོས་ནས་སློབ་གསོ་དང་ཁྱིམ་ཚང་དུ་བསྐྱོད་ནས་ཞིབ་བཤེར་བྱས་ཤིང་། དུག་སེལ་གྱི་སྦྱོར་བ་བརྩམས། ཁྱིམ་ཚང་ཉིས་བརྒྱ་ང་བཞི་ལ་ཞིབ་བཤེར་དང་ཁ་ཐུམ་བརྒྱབ་མེད་པའི་མི་བཅོ་ལྔ་ལ་ངོ་བཅར་སློབ་གསོ་བཏང་ཞིང་། དེ་མཚུངས་སུ་རིམས་འགོག་རྟེན་གཞི་བཅུ་གསུམ་ལ་གཙང་ཤོག་ཤོག་སྒམ་སྟོང་གཅིག་དང་ཉིས་བརྒྱ་སོ་གཅིག་དང་ཤོག་ཕོར་སྟོང་གཅིག་དང་ལྔ་བརྒྱ་རེ་གཅིག་ལྷག་བྱིན།
ཐང་མགོ་གྲོང་རྡལ་ཁྲིམས་འཛིན་ཁང་གིས་རིམས་ནད་ཀྱི་གནས་ཚུལ་བཀའ་ཡིན་པ་དང་འགོག་སྲུང་བྱེད་པ་འགན་འཁྲི་ཡིན་པའི་རྩ་དོན་སེམས་ལ་དམ་པོར་བཟུང་ནས། རིམས་ནད་ཀྱི་དགྲ་བོ་མ་ཚར་ན། ཁྲིམས་འཛིན་གྱིས་འཐབ་ར་བརྟན་པོར་སྲུང་བའི་ཆོད་སེམས་ཀྱིས། སྤྱི་ཚོགས་ཀྱི་མི་དམངས་ཡོངས་ལ་རིམས་འགོག་གི་འདུ་ཤེས་མཐོ་རུ་བཏང་ནས། རང་ལུས་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། འབྲེལ་ཡོད་ཀྱི་ཁྲིམས་ལུགས་བརྩི་སྲུང་བྱས་ནས། རང་རྟོག་སྒོས་འབྲེལ་ཡོད་ལས་ཁུངས་དག་གི་རིམས་འགོག་བྱ་བ་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་པར་གདམས་ནས། དཀྲོག་གཏམ་མི་སྒྲོག་ལ། དཀྲོག་གཏམ་ལ་ཡིད་མི་ཆེས་ཞིང་དཀྲོག་གཏམ་མི་བཟོ་བར་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆེད་དུ་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དང་སྐྲུན་མུས་སུ་ཡོད་དོ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།