མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་ཉེར་བཞི་བཏོན་ནས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས།
2020.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།  ནོར་སྲིད་ཐིན།  མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།  ཚོང་དོན་ཐིན་བཅས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་སྒོསརིམས་ནད་ཀྱི་ཤུགས་རྐྱེན་ལ་གཞིགས་ནས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆརགཏན་འབེབས་བྱས་པར་མ་ཟད།  སྲིད་ཇུས་དང་བྱེད་ཐབས་ཉེར་བཞི་བཏོན་ཏེ།  སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་རོགས་སྐྱོར་དང་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་བཏང་ནས།  གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱེད་པར་སྐུལ་འདེད་བཏང་།

ལས་བཟོ་བ་རྣམས་བསྐྱར་དུ་ལས་རྐང་དུ་ལོག་ནས་ལས་ཀ་སླར་གསོ་བྱེད་པའི་ཞབས་ཞུའི་འགན་ལེན་རྐྱེན་སྲོལ་བཙུགས་ཏེ།  ངལ་རྩོལ་པ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།  ལས་ཞུགས་ལས་སྐྲུན་གྱི་ཞབས་ཞུ་ལེགས་པོར་སྒྲུབ་ནས། ཧུར་ཐག་གིས་ལས་བཟོ་བ་རྣམས་ཕྱི་ཕྱོགས་སུ་ལས་ཀར་འགྲོ་བར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས།   བདེ་ཐང་དཔང་ཡིག་དང་དམིགས་བསལ་སྒྲིག་ཆས་ཀྱི་ལས་མིའི་ལག་ཁྱེར་ཐོབ་ཐང་གི་གོ་ཆོད་དུས་ཡུན་ལོངས་ཚེ་དེའི་གོ་ཆོད་དུས་ཡུན་རང་འགུལ་ངང་རིམས་ནད་མེད་པར་བཟོས་རྗེས་ཀྱི་ཟླ་གཅིག་གི་རིང་དུ་ཕྱི་སྣུར་བྱས་ཆོག  དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལག་རྩལ་གྱི་འགན་སྲུང་རང་བཞིན་གྱི་ཞིབ་བཤེར་བྱེད་སྐབས་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་གྲོན་དངུལ་བསྡུ་རྒྱུ་མ་རེད།

སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་བདག་གཉེར་མ་རྩ་ཇེ་དམའ་རུ་བཏང་ནས།  ཟླ3པའི་ཚེས1ཉིན་ནས་ཟླ5བའི་ཟླ་མཇུག་བར་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་ཁེ་ལས་ཆུང་གྲས་སོགས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་བའི་དཔྱ་ཁྲལ་བསྡུ་ཚད3%ནས1%བར་ཇེ་དམར་བཏང་།  ཟླ1པོ་ནས་ཟླ6པའི་བར།  རྒྱལ་དབང་ཐོན་དབང་གི་ཁང་བ་དང་། ལས་ཡུལ་གྱི་གླ་དངུལ་མེད་པར་བཟོས་ཡོད།  ཟླ2པ་ནས་ཟླ6པའི་བར་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་རྒན་གསོ་དང་།  ལས་ཤོར།  ལས་རྨས་བཅས་ཀྱི་ཉེན་ཚབ་གྲོན་དངུལ་མེད་པར་བཏང་བར་མ་ཟད། ཟླ6གི་རིང་རྒན་གསོ་དང་།  ལས་ཤོར།  ལས་རྨས་བཅས་ཀྱི་ཉེན་ཚབ་གྲོན་དངུལ་སྤྲོད་པ་ཕྱིར་འགྱངས་བྱས་ཆོག   སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་མ་དངུལ་བསྡུ་སྒྲིལ་གྱི་ཐོགས་མེད་བགྲོད་ལམ་བཙུགས་ནས།  ཆ་རྐྱེན་འཛོམས་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་དངུལ་བུན་མཁོ་བར་དངུལ་བུན་གཏོང་བ་དང་།  དངུལ་བུན་གཏོང་ཚད་ལོ་སྔོན་མ་ལས་མི་དམའ་བ་དང་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་བརྒྱ་ཆའི་གྲངས་ཐིག་གོར་ཐིག་དང་གྲངས་ཆུང་ལྔར་ཇེ་དམར་བཏང་།  བཟའ་བཏུང་ལས་རིགས་གཉེར་བའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས།  སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་ཆེད་དམིགས་དངུལ་བུན་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ཚོང་རར་ཞུགས་ནས་ཞིང་ཆེན་དང་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཀྱི་དྲ་ཚིགས“དྲ་གཅིག་ཀུན་ཁྱབ”ཀྱི་ལས་སྟེགས་སུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་དང་། ཁྲལ་དོན་གཙོ་གཉེར་ལས་ཁུངས། ཐམ་ག་བཟོ་བའི་ལས་ཁུངས་ཀྱི་འབྲེལ་གཏུག་ཁ་པར་དང་འབྲེལ་གཏུག་ས་གནས་བཅས་གཅིག་གྱུར་གྱིས་ཡོངས་བསྒྲགས་བྱས་ཏེ།  རེ་ཞུ་བྱེད་མཁན་ལ“དྲ་ཐོག་ནས་སྒྲུབ་པ་དང་། སྔོན་མངགས་ཀྱིས་སྒྲུབ་པ། སྦྲག་ཐོག་ནས་སྒྲུབ་པ། བློ་འདྲིའི་གཞུང་སྒྲུབ”བཅས་ཀྱི་རྨང་གཞིའི་ཆ་འཕྲིན་མཁོ་འདོན་བྱས་པ་རེད། 2019ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་ལས་གཉེར་ལག་ཁྱེར་བླངས་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ2019ལོའི་ལོ་འཁོར་གྱི་ལོ་འཁོར་སྙན་ཞུའི་དུས་བཀག་དུས་ཚོད2020ལོའི་ཟླ12པའི་ཚེས31ཉིན་བར་ཇེ་རིང་དུ་བཏང་བ་རེད།

སྨན་རྫས་རྫུན་མ་དང་སྨན་བཅོས་ཡོ་བྱད། སྨན་སྤྱོད་འཕྲོད་བསྟེན་རྒྱུ་ཆ་སོགས་རྫུན་བཟོ་དང་ཕྱིར་འཚོང་བྱེད་པར་རྡུང་རྡེག་དྲག་པོ་བཏང་བ་དང་། དངོས་གོང་ཇེ་མཐོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་དང་ཚོང་རའི་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་། ཞིང་ཆེན་རིམ་པའི12345ཡི་སྲིད་དོན་ཞབས་ཞུ་སྟེགས་བུ་དང་ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས་ལ་བརྟེན་ནས་ལས་ཐོན་བསྐྱར་ཚུགས་ཀྱི་སྐུད་ལམ་དང་ཞབས་ཞུའི་དྲ་ཚིགས། ཞབས་ཞུའི་སྐད་འཕྲིན་སྤྱི་སྟེགས་སོགས་བཙུགས་ཏེ། ཐབས་ལམ་མང་པོ་ནས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་ཁེ་ལས་ཆུང་གྲས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱེད་པར་རྒྱབ་སྐྱོར་བྱས།

གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། རིམས་ནད་འགོག་སྡོམ་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཞུགས་ལས་རྐང་ཁྲི་གཅིག་ལྷག་བཙུགས་ཏེ།   མཚོ་སྔོན་ཞིང་ཆེན་གྱི་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་རྐང་དུ་ལོག་ནས་ལས་ཀ་སླར་གསོ་དང་ཕྱི་ཕྱོགས་སུ་ལས་ཀར་བསྐྱོད་པར་རམ་འདེགས་བྱས།

“དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་དང་རྩལ་ནུས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ང་ཚོས‘དཔྱིད་རླུང་འགུལ་སྐྱོད’ཀྱི་ལས་མི་བསྡུ་བའི་ལས་རྐང་ཁྲོད་སློབ་རིམ་དང་རྩལ་ནུས་ཀྱི་བླང་བྱ་ཅུང་དམའ་བའི་ལས་རྐང་ཁྲི་གཅིག་ལྷག་བདམས་ནས། ལས་ཞུགས་ལས་སྟེགས་བསྐྲུན་པ་དང་། དེའི་དམིགས་ཡུལ་ནི་ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མི་སྣའི་ལས་ཞུགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན།” མཚོ་སྔོན་ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཧོང་ཡ་ཅུན་གྱིས་བཤད་རྒྱུར། རིམས་ནད་བྱུང་བའི་ཚུན་ལ། “མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དྲ་ཐོག་དོན་གཅོད་ཚོམས་ཆེན”དང་། “མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིApp།” “མཚོ་སྔོན་ཤེས་ལྡན་མི་སྣའི་ཚོང་རའི་དྲ་བ”སོགས་ལས་སྟེགས་ལ་བརྟེན་ནས། “སྲིད་ཇུས་དང་། ལས་གནས། རྩལ་ནུས། ཞབས་ཞུ”བཅས་སྐྱེལ་བའི་བྱེད་སྒོ་དྲ་ཐོག་ནས་རྒྱུན་མཐུད་ངང་སྤེལ་ཡོད།

དེ་མིན་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱིས་དུས་ཐོག་ཏུ་ཡང་དག་པའི་ལས་ཞུགས་ཆ་འཕྲིན་ཁོང་དུ་ཆུད་པར་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིསདབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་བསྡུ་ལས་གནས་ཀྱི་ཆ་འཕྲིན་ཕྱོགས་བསྡུསགསེད་དཀྲོལ་པར་འགྲེམ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དབུལ་སྐྱོར་སྡེ་ཁག་བརྒྱུད་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལ་ཁ་གཏད་ནས་ལག་དེབ་འགྲེམ་གཏོང་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། ལས་རྐང་དུ་ལོག་པ་དང་ལས་ཀ་སླར་གསོ་ལ་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་དུས་ཚོད24རིང་གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བཀོད་གཏོང་དང་། ཞིང་བ་ཞོར་ལས་པ་ལས་རྐང་དུ་ལོག་པ་དང་ལས་ཀ་སླར་གསོའི“གནས་དང་གནས་ཁ་གཏོད་པའི”ཞབས་ཞུའི་ཁག་ཐེག་རྐྱེན་སྲོལ་བཙུགས་པ་རེད།

འགྲིམ་འགྲུལ་དང་། འཕྲོད་བསྟེན། སྤྱི་བདེ་སོགས་སྡེ་ཁག་དང་མཉམ་ལས་བྱས་པ་བརྒྱུད། དབུལ་པོའི་ངལ་རྩོལ་ནུས་ཤུགས་དང་། ཞིང་བ་ཞོར་ལས་པ་ལས་རྐང་དུ་ལོག་པའི་དུས་ཚོད། ལས་གཉེར་ས་གནས་སོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་ནས། གཅིག་སྡུད་ཀྱིས་ཕྱིར་སྐྱོད་པའི་ཞིང་བ་ཞོར་ལས་པ་ལས་རྐང་དུ་ལོག་པའི་སྐྱེལ་འདྲེན་དང་། ཕྱིར་གཏོང་ནང་འདྲེན་བྱ་ཡུལ་རྩིས་སྤྲོད་རྩིས་ལེན་སོགས་ཀྱི“གནས་དང་གནས་ཁ་གཏོད་པའི”ཞབས་ཞུ་ཁག་ཐེག་བྱས་པ་རེད། ཟླ3པའི་ཚེས30ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་རིམ་རྩིས་ལྟར་ན། ཕྱིར་སྐྱོད་ཞིང་བ་ཞོར་ལས་པར་རླངས་འཁོར68གླས་པ་དང་། མེ་འཁོར་གྱི་ཆེད་གཏོང་ཁང་བ་ཐེངས་གཅིག་ལ་མཐུན་སྦྱོར་བྱས། ཞིང་ཆེན་ཡོངས་ཀྱི་ཞིང་བ་ཞོར་ལས་པ་ཁྲི་བཞི་དང་སྟོང་བདུན་དྲུག་བརྒྱ་ལས་རྐང་དུ་ལོག་ཏུ་བཅུག་ནས་ལས་ཀ་སླར་གསོ་བྱས་ཡོད།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས“དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་གྱི་ཟླ་གཅིག་གི་ལས་བསྡུའི་བྱེད་སྒོ”དང་། “ཉིན་བརྒྱའི་དྲ་རྒྱའི་ལས་བསྡུ་ཆེད་དོན་འགུལ་སྐྱོད”ཁྲོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས“ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་རྩོལ་ཞབས་ཞུ་མཉམ་ལས”ཀྱི་དྲ་ཐོག་ཆེད་དོན་ས་ཁུལ་བཙུགས་པ་དང་འབྲེལ། ཅང་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་སྦྲེལ་མཐུད་བྱས་ཏེ། ཅང་སུའུ་ཞིང་ཆེན་གྱི་ཁེ་ལས205ཡི་ལས་གནས་ཆ་འཕྲིན་ཁྲི་གཅིག་དང་སྟོང་བརྒྱད་བཞི་བརྒྱ་རིམ་བཞིན་ཡོངས་བསྒྲགས་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་དབུལ་པོའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ནས། ཅང་སུའུ་ཡི་ཁེ་ལས་སུ་ལས་ཀར་བསྐྱོད་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། ཟླ3པའི་ཚེས30ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་མི150སྒྲིག་འཛུགས་བྱས་ནས་ཅང་སུའུ་ཡི་ཁེ་ལས་སུ་ལས་ཞུགས་བྱེད་དུ་བཅུག་ཡོད་པ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།