གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བྱེད་པ། རྩ་འཛུགས་ཀྱི་འཇོན་ནུས་ཀྱིས་ཉམས་སད་ཐེག་ཐུབ་པ་མངོན་འགྱུར་བྱ་ཆེད། ད་ལོའི་ལོ་སྟོད་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་གཞི་རིམ་དམ་འཛིན་བྱེད་པའི་མངོན་གསལ་གྱི་འདྲེན་ཕྱོགས་མངོན་གསལ་དོད་པོ་བཙུགས་པ་བརྒྱུད་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་།
ནམ་རྒྱུན་གྱི་བྱ་བའི་ཁྲོད་དུ། ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་གིས་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་མཐོར་འདེགས་བྱེད་པ་གཙོ་གནད་དུ་བཟུང་བ་དང་། ཆ་རྐྱེན་འཛོམས་ཤིང་དུས་སུ་བབ་པའི་སྡེ་བ(སྡེ་ཁུལ)རུ་ཧྲུའུ་ཅི་དང་ཀྲུའུ་རེན་གྱི“འགན་གཅིག་ལྕོགས”བྱེད་པ་ཁྱབ་སྤེལ་དུ་བཏང་སྟེ། མིག་སྔར་སྡེ་ཁུལ8ཙམ་གྱིས“འགན་གཅིག་ལྕོགས”བགྱིད་པའི་བྱ་བ་ལེགས་པར་གྲུབ་ཟིན་པ་དང་། “འགན་གཅིག་ལྕོགས”ཀྱི་བསྡུར་ཚད་རིམ་བཞིན་ཇེ་མཐོར་བཏང་ཞིང་། ལོ་མཇུག་བར་དུ50%འགྲུབ་པ་ཁག་ཐེག་ནན་མོ་བྱས་ཏེ། སྐབས་བརྗེ་འདེམ་བསྐོ་ལ་རྨང་གཞི་ལེགས་པོ་བཏིང་ཡོད། “རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད”ཀྱིས་སྤྱི་ཁྱབ་བཀོད་འདོམས་བྱས་ཏེ། རེ་བ་ནན་མོས་ཀྲི་པུའུ་འཛིན་པ་དང་། ཀྲི་པུའུ་བཀོལ་བ་དང་། ཀྲི་པུའུ་འཁྲུག་པོར་གཏོང་བ་དང་། ཀྲི་པུའུ་སྟོབས་དང་ལྡན་པར་བྱེད་པ་བཅས་ཀྱི“འཛིན་བཀོལ་འཁྲུག་སྟོབས”བཞི་ཅན་གྱི་བྱེད་ཐབས་འདི་ཉིད་ལ་དམིགས་ཏེ། ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བ་རྣམས་ལ་དག་ཐེར་བཅོས་སྐྱོང་དང་སྤོ་བསྒྱུར་གཏོང་བའི་བྱ་བ་སྤེལ་ཞིང་། རྒྱུན་དུ་འཛིན་པ་དང་ཡུན་རིང་དུ་འཛིན་པའི་སྒོ་ནས་ཕུལ་བྱུང་གི་ལས་བྱེད་པ་བདམས་མངགས་བྱས་པ་དང་། ནུས་མེད་ཉམས་ཞན་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་མ་ཟད། ཕྱོགས་བསྡུས་ཀྱི་སྒོ་ནས་ཐབས་ཇུས་ལག་བསྟར་བྱས་ཏེ། རྒྱུན་རྣམ་ཅན་གྱི་དག་ཐེར་ནང་རྐྱེན་ལེགས་པོ་ཞིག་ཆགས་པར་བྱས་ཡོད།
“ཡུལ་བབ་དང་བསྟུན་ནས། སྡེ་གཅིག་ཇུས་གཅིག”ལག་བསྟར་བྱེད་པའི་བླང་བྱ་ལྟར། རོང་འབྲོག་པའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་པར་མ་ཟད། ཐོན་ཁུངས་དེ་རྒྱུ་ནོར་ལོངས་སྤྱོད་དུ་བསྒྱུར་བ་མངོན་འགྱུར་བྱུང་བའི་སྟབས་ཀྱིས། ཀྲི་པུའུ་ལ་སྔར་ལས་ལྷག་པར་གོང་བུར་འགྲིལ་ཤུགས་ལྡན་པར་བྱས་པ་དང་།སྡེ་མི་ལ་དེ་ལས་ལྷག་པར་གང་གི་ཁོངས་སུ་གཏོགས་པའི་འདུ་ཤེས་ཡོད་དུ་བཅུག དུས་མཚུངས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་དགོས་མཁོ་ནས་མགོ་བརྩམས་ཏེ། ཕྱུག་སྒྱུར་གྱི་འཇོན་མི་དང་ཞིང་པའི་བར་ཁེ་པ། མཉམ་ལས་ཁང་གི་འགན་འཁུར་མཁན་དང་ཕྱི་རོལ་ཏུ་སོང་ནས་ཞོར་ལས་དང་ཚོང་གཉེར་བྱེད་པའི་ཕུལ་བྱུང་ཅན་རྣམས་ཀྱི་ཁྲོད་ནས་ཀྱང་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གདམ་གསེས་བྱས་པར་མ་ཟད། ཐབས་ལམ་སྣ་མང་བརྒྱུད་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་སྟོབས་ཆེར་བསྐྱེད་པ་དང་། ཏང་རྩ་འཛུགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་།
གཞི་རིམ་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་ཡི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བའི་ཕྱོགས་ནས། ནང་ཆེན་རྫོང་ཤར་མདའ་ཞང་ཆུ་འདུས་སྡེ་བའི་ཏང་གཤིས་སློབ་གསོ་རྟེན་གཞི་ལ་རྒྱབ་རྟེན་བཅོལ་བ་དང་། གཞི་རིམ་ལས་བྱེད་པའི་སློབ་གླིང་དེ་ཉིད་ཐེག་བྱད་བྱས་ཏེ། སྡེ་བའི་ལས་བྱེད་པའི་སློབ་གཉེར་བརྒྱུད་རིམ་བྱང་ཚད་མཐོ་རུ་འདེགས་པའི་བཟོ་འགོད་ལག་བསྟར་བྱས་པ་དང་། ཏང་ཡོན་དཔུང་སྡེ་ཡི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཏང་ཡོན་དཔུང་སྡེ་ཡི་གྲུབ་ཚུལ་ལེགས་བསྒྱུར་བྱས་པ་དང་། ཏང་ཡོན་ལས་བྱེད་པའི་དཔུང་སྡེ་ཡི་བྱང་ཚད་མཐོར་འདེགས་བྱས། དེ་དང་ཆབས་ཅིག་ཏུ། པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཁྲོད་དུ “དྲ་རྒྱ་ཅན་གྱི་གཞུང་ལས”ཀྱི་བྱེད་ཐབས་ནུས་ལྡན་དག་ཟུར་བལྟའི་དཔྱད་གཞིར་བཟུང་ནས། སྦྲེལ་དྲའི་སྟེང་དུ“གསར་བརྗེའི་གཡུལ་ས་དམར་པོ”ཞེས་པ་བཙུགས་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལ“ས་ཁུལ་རེ་ལ་ཁྱད་ཆོས་རེ”ལྡན་དུ་འཇུག་པར་སྐུལ་འདེད་བྱས་ནས། ཏང་འཛུགས་སྐྲུན་གྱི་ཕན་ཚུན་རོགས་འདེགས་མཉམ་སྐྲུན་བྱེད་པའི་གཞི་ཁྱོན་སྔར་ལས་གཏིང་ཟབ་ཀྱིས་ཁྱབ་རྒྱ་བསྐྱེད་པ་དང་། ལས་ཁུངས་ཀྱི་སྡེ་ཁུལ་ཏང་འཛུགས་སྐྲུན་གྱི་མཉམ་འབྲེལ་གསར་གཏོད་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་བཞིན། ཏང་སྲིད་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་རེ་བ་ནན་པོའི་སྣེ་འདྲེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།